ཆོས་རྗེ་ཡིད་བཞིན་ནོར་བུའི་འདའ་ཁའི་ཞལ་ཆེམས་བཞུགས་སོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »ཆོས་རྗེ་ཡིད་བཞིན་ནོར་བུའི་འདའ་ཁའི་ཞལ་ཆེམས་བཞུགས་སོ།།
ཆོས་རྗེ་ཡིད་བཞིན་ནོར་བུའི་འདའ་ཁའི་ཞལ་ཆེམས་བཞུགས་སོ།།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2016-01-05ལྟ་ཀློག (3896)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཆོས་རྗེ་ཡིད་བཞིན་ནོར་བུའི་འདའ་ཁའི་ཞལ་ཆེམས་བཞུགས་སོ།།

 

     ད་རེས་ལས་ཀྱི་དབང་གིས་ངེད་ཅག་གདན་ཐོག་གཅིག་ལ་འཕྲད་ནི་རེད།འཕྲད་པ་ཙམ་གྱིས་མི་ཚད་ཚོམ་བུ་གཅིག་ཏུ་འཚོགས་པའི་བསྐལ་པ་བཟང་པོ་ཤར་བ་རེད། ང་ལོ་དགུ་བཅུ་གོ་ལྔ་འདུག་གི་གསུངས་ནི་རེད་དེ། དེ་དྲང་དོན་ཡིན་རྒྱུ་རེད། ཡུན་རིང་མི་འདུག་ངེས་པ་ཅན་རེད། ན་བ་མང་བ་འཆི་བའི་སྔ་ལྟས་རེད་ཟེར་ནི་རེད།  ཡུན་རིང་པོ་འདུག་གི་ཟེར་ན་རང་གིས་ཧ་གོ་གི །མི་འདུག་གི་ཟེར་ན་ཧ་གོ་གི། གང་ལྟར་ལུག་རྒན་ཞིག་གི་ཚེ་ལས་མེད་ཀི  གཅིག་བྱས་ན་ད་རེས་འདི་ཚོ་འདུས་པ་ཐ་མ་ཡིན་ཤས་ཆེ། མིན་པའི་སྨོན་ལམ་ཐོབས། ད་རུང་ཡང་ངེད་ཅག་འཕྲད་ཡོང་རྒྱུ་རེད། སང་ཕོད་ཀྱི་གནས་སྐབས་ནི་ཨོ་རྒྱན་རིན་པོ་ཆེས་བོད་ཁམས་མཐའ་དབུས་མེད་པར་ཞབས་ཀྱིས་བཅགས་པའི་དབང་ཆེན་སྤྲེལ་གྱི་ལོ་རེད། གཅིག་བྱས་ན་སྤྲེལ་ཟླའི་ཚེས་བཅུ་འཚོགས་ཡོང་རྒྱུ་རེད། དེ་མིན་ན་རིག་འཛིན་འབུམ་ཚོགས་ཆེན་མོ་དང་། ས་ཏྭ་དུང་སྒྲུབ་སོགས་ཆོས་ཚོགས་མང་པོ་ལ་འཕྲད་ཡོང་ཤས་ཆེ། ཚེ་འདིར་ཡང་ནས་ཡང་དུ་འཕྲད་རྒྱུ་ལ་སྨོན་ལམ་འདེབས། རེད་དེ་གཅིག་བྱས་ན་ཚེ་བརྗེ་འགྲོ་རྒྱུ་རེད། ཚེ་བརྗེས་སོང་ན་ང་ཚུར་ཅི་ཡོང་རྒྱུ་རེད་ཟེར་ན། ཁྱེད་ཅག་གིས་ཤི་སོང་ན་སྤྲུལ་སྐུ་ཡོད་གི་ཟེར་ནས་བདུན་བདུན་བཞི་བཅུ་ཞེ་དགུ་མ་ཚང་གོང་ནས་མའི་མངལ་དུ་ཟླ་དགུ་ངོ་བཅུ་འགྲོ་ལོང་མེད་པར་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུ་རེད་དེ། ང་ངེས་པར་ཅན་དུ་ཚེ་འདི་བརྗེས་མ་ཐག་ཏུ་སྨོན་ལམ་དང་རང་ལ་རང་དབང་ཞིག་ཡོད་ན་དང་པོའི་ཐ་ཚོད་ནས་འདི་ན་མི་འོང་ངེས་པ་ཅན་ཡིན། འདི་ནས་ཤི་མ་ཐག་ཏུ་ནུབ་བདེ་ཆེན་གྱི་ཞིང་ཁམས་སུ་ཨེ་སྐྱེ་བསམ་བཞིན་ཡོད། བདེ་བ་ཅན་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཇལ། གསུང་ཐོས། ཕྱག་གཡས་པ་པད་མའི་འདབ་མ་ལྟར་འཇམ་པ་དེ་མགོ་ཐོག་ཏུ་བཞག་ནས་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ། དེ་ནས་བཟུང་སྟེ་སྤྱན་དང་མངོན་ཤེས་ལ་སོགས་པ་ལ་རང་དབང་ཐོབ།སེམས་ཅན་གྱི་དོན་བསྒྲུབ་དགོས་ན་ད་རེས་ཀྱི་སྐབས་ལྟར་ཉམ་ཆུང་སྡུག་ཐུག་ཅིག་མ་ཡིན་པའི་ཡོན་ཏན་རྒྱ་ཆེན་པོ་ཞིག་ཐོབ་ཡོང་དུས། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་བརྙེས། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །གསུངས་ནི་རེད། ད་སྲིད་པ་འཁོར་བའི་གནས་སྐབས་ན། ཐབས་དང་། ཤེས་རབ། བརྩོན་འགྲུས།ཏིང་འཛིན། རྫུ་འཕྲུལ་ལ་སོགས་པ་ལ་རང་དབང་ཐོབ་པའི་གནས་སྐབས་ན་ནི་འཛམ་བུ་གླིང་སྤྱི་དང་། གངས་རིའི་ལྗོངས། ཁྱད་པར་དུ་མདོ་ཁམས་སྨད། རང་གནས་ས་ཆ་དབལ་ཤུལ་གསེར་རྟའི་ས་ཆ་འདི་ཡང་ངས་སྙིང་རྗེས་ནམ་ཡང་འདོར་རྒྱུ་མ་རེད། ང་ངན་སོང་དུ་སྐྱེས་སོང་ན་དེ་ལ་རང་དབང་མེད་གི་མ་གཏོགས། ང་དག་པའི་ཞིང་ཁམས་གང་རུང་ཞིག་ལ་སྐྱེས་ན་ནམ་ཡང་རང་ཡུལ་སྡེ། གྲྭ་ཚང་ཚང་མ་སེམས་ཀྱིས་འབོར་རྒྱུ་མ་རེད། ཅེས་གསུངས་སོ།།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23547159
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།