ནང་བསྟན་རྒྱུན་ཤེས། ༡༠
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »ནང་བསྟན་རྒྱུན་ཤེས། ༡༠
ནང་བསྟན་རྒྱུན་ཤེས། ༡༠
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-01-04ལྟ་ཀློག (3389)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ནང་བསྟན་རྒྱུན་ཤེས། ༡༠

མཛད་པ་བོ། དགེ་རྒན་ཤེས་རབ་བསྟན་དར།

 

༡༠༤ ལ་ལས་མི་དགེ་བ་བྱས་ནའང་སྐྱིད་ལ་ལ་ལས་དགེ་བ་སྒྲུབ་ནའང་མི་སྐྱིད་པའི་རྒྱུ་མཚན་ཅི་ཡིན།

ལན། ལ་ལས་མི་དགེ་བ་བྱེད་བཞིན་ཡོད་ནའང་སྐྱིད་པོར་ཆགས་པ་ནི་ཚེ་སྔོན་མའི་ལས་ཀྱི་རྐྱེན་གྱིས་ཡིན་ལ། ལ་ལས་ལས་དགེ་བ་བྱས་ནའང་སྡུག་བསྔལ་བའི་རྒྱུ་མཚན་ནི་ཚེ་སྔོན་མའི་མི་དགེ་བའི་འབྲས་བུ་མྱངས་པ་ཡིན། ཚེ་འདིར་བསགས་པའི་དགེ་བའི་ལས་ཀྱི་འབྲས་བུ་རྗེས་སུ་མྱོང་བ་ལ་ཐེ་ཚོམ་མི་དགོས་སོ། །
 ༡༠༥ ལས་མི་དགེ་བ་ལས་བདེ་བ་མི་འབྱུང་ན་ལུག་བསད་དེ་ཤ་ཟོས་ན་བདེ་བ་འབྱུང་བའི་རྒྱུ་མཚན་ཅི།
 ལན། དེ་ནི་དགེ་བའི་ལས་ཤིག་གི་འབྲས་བུ་ཡིན་པ་ལས་ལུག་བསད་པའི་མི་དགེ་བའི་ལས་དེའི་འབྲས་སུ་སྨིན་པ་མིན་ནོ།
 ༡༠༦ ཉི་འཛིན་དང་ཟླ་འཛིན་སྐབས་སུ་དགེ་བ་བསྒྲུབ་ན་དགེ་བ་གོང་འཕེལ་དུ་འགྲོ་ཟེར་བ་བདེན་ནམ།
 ལན། སྐབས་དེར་ཕྱིའི་ཆོས་ཉིད་ཀྱི་སྟོབས་ཀྱིས་རྩ་དབུ་མའི་ནང་རླུང་ཅུང་ཟད་རྒྱུ་བ་ཡིན་ལ་དེའི་ནང་དུ་རླུང་རྒྱུ་དུས་དགེ་མི་དགེ་གང་བསྒྲུབ་ནའང་སྟོབས་ཆེན་པོ་འབྱུང་བ་ཡིན་ནོ།
 ༡༠༧ དུས་ཆེན་ལ་དགེ་བ་སྒྲུབ་པའི་རྒྱུ་མཚན་ཅི།
 ལན། ཚེས་བརྒྱད་དང་བཅུ་བཞི། བཅོ་ལྔ་ལ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་སྲུང་མ་རྒྱལ་བོ་ཆེན་པོ་བཞི་འཁོར་དང་བཅས་འཇིག་རྟེན་ཐམས་ཅད་ཉུལ་ཞིང་། དགེ་བ་བྱེད་པ་མཐོང་ན་གནས་དེར་བསྒྲགས་ཤིང་། ལྷ་རྣམས་ཀྱིས་རྗེས་སུ་ཡི་རངས་བྱེད་དོ། །མི་དགེ་བ་བྱེད་པ་མཐོང་ན་ཡང་དེ་ལྟར་བསྒྲགས་ཤིང་དམོད་པས་དུས་ཆེན་དེ་དག་ཏུ་ཤེར་ཕྱིན་ཉན་པ་ལ་སོགས་པར་ཕན་ཡོན་ཤིན་ཏུ་ཆེའོ།
 ༡༠༨ དུས་ཆེན་ལ་དགེ་བ་བྱས་ན་ཇི་ལྟར་འགྱུར།
 ལན། ཡིད་ཆས་དང་དད་པས་ཀུན་ནས་བསླངས་ཏེ་དགེ་བ་བསྒྲུབ་ན་དགེ་བ་བརྒྱ་འགྱུར་དུ་འཕེལ་བར་གསུངས།
 ༡༠༩ དུས་ཆེན་ལ་དགེ་བ་བྱས་ན་དགེ་བ་འཕེལ་བའི་རྒྱུ་མཚན་གང་།
 ལན། དེ་ནི་སྟོན་པ་སངས་རྒྱས་ལ་སོགས་པས་བྱིན་གྱིས་བརླབས་པས་སོ།
 ༡༡༠ ནང་བའི་དུས་ཆེན་གང་དག་ཡིན།
 ལན། དེ་ལ་ཆོ་འཕྲུལ་དུས་ཆེན་དང་། སངས་རྒྱས་པའི་དུས་ཆེན། ལྷ་ལས་བབས་པའི་དུས་ཆེན། ཆོས་འཁོར་བསྐོར་བའི་དུས་ཆེན་ཏེ་དུས་ཆེན་རྣམ་པ་བཞི་དང་། དུས་ཆེན་གསུམ་འཛོམས་དང་། ལྷུམས་སུ་ཞུགས་པའི་དུས་ཆེན་དང་། སྐུ་བལྟམས་པའི་དུས་ཆེན། རབ་ཏུ་བྱུང་བའི་དུས་ཆེན། མྱ་ངན་ལས་འདས་པའི་དུས་ཆེན་སོགས་ཡོད།
 ༡༡༡ ཆོ་འཕྲུལ་དུས་ཆེན་ནམ་ཡིན།
 ལན། ཟླ་དང་བོའི་ཡར་ངོ་ནི་ཆོ་འཕྲུལ་དུས་ཆེན་ཡིན་ཏེ་དེ་ནི་བདག་ཅག་གི་སྟོན་པས་ཕྱི་རོལ་བའི་སྟོན་པ་དག་ཆོ་འཕྲུལ་གྱིས་བཏུལ་བའི་དུས་ཆེན་ཡིན།
 ༡༡༢ སངས་རྒྱས་པའི་དུས་ཆེན་ནམ་ཡིན།
 ལན། དེ་ནི་བཞི་བའི་བཅོ་ལྔ་ཡིན་ཏེ་ཉིན་དེར་སྟོན་པ་སངས་རྒྱས་པས་ན་སངས་རྒྱས་པའམ་བྱང་ཆུབ་པའི་དུས་ཆེན་ཟེར།
 ༡༡༣ ཆོས་འཁོར་བསྐོར་བའི་དུས་ཆེན་ནམ་ཡིན།
 ལན། དྲུག་པའི་ཚེས་བཞི་ཡིན་ཏེ་ཉིན་དེར་སྟོན་པས་ཆོས་འཁོར་ཐོག་མར་གསུངས་པས་སོ། །
 ༡༡༤ ལྷ་ལས་བབས་པའི་དུས་ཆེན་ནམ་ཡིན
 ལན། དགུ་བའི་ཉེར་གཉིས་ཡིན་ཏེ་སྟོན་པ་སངས་རྒྱས་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་ལྷ་རྣམས་ལ་ཆོས་གསུངས་ཏེ་ཉིན་དེར་འཇིག་རྟེན་དུ་བྱོན་པས་ན་ལྷ་བབས་དུས་ཆེན་ཟེར།
 ༡༡༥ ལྷུམས་སུ་འཇུག་པའི་དུས་ཆེན་ནམ་ཡིན།
 ལན། བཞི་བའི་བཅོ་ལྔ་སྟེ་ཉིན་དེར་སྟོན་པ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས་པས་ན་ལྷུམས་སུ་ཞུགས་པའི་དུས་ཆེན་ཟེར།
 ༡༡༦ སྐུ་འཁྲུངས་པའི་དུས་ཆེན་ནམ་ཡིན།
 ལན། ཟླ་བ་དང་བོའི་ཚེས་བཅོ་ལྔ་སྟེ་ཉིན་དེར་བདག་ཅག་གི་སྟོན་པ་ལུམ་བུའི་ཚལ་དུ་སྐུ་འཁྲུངས་པས་ན་སྐུ་འཁྲུངས་པའི་དུས་ཆེན་ཟེར།
 ༡༡༧ རབ་ཏུ་བྱུང་བའི་དུས་ཆེན་ནམ་ཡིན།
 ལན། བཞི་བའི་ཚེས་བརྒྱད་ལ་བདག་ཅག་གི་སྟོན་པ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བས་ན་རབ་ཏུ་བྱུང་བའི་དུས་ཆེན་ཟེར།
 ༡༡༨ མྱ་ངན་ལས་འདས་པའི་དུས་ཆེན་ནམ་ཡིན།
 ལན། བཞི་བའི་བཅོ་ལྔ་སྟེ་ཉིན་དེར་བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདས་པས་ན་མྱ་ངན་ལས་འདས་པའི་དུས་ཆེན་ཟེར།
 ༡༡༩ དུས་ཆེན་སུམ་འཛོམས་ཞེས་པ་གང་ཡིན།
 ལན། བཞི་བའི་བཅོ་ལྔ་སྟེ་ཉིན་དེར་ལྷུམས་སུ་ཞུགས་པའི་དུས་ཆེན་དང་། མངོན་པར་བྱང་ཆུབ་པའི་དུས་ཆེན། མྱ་ངན་ལས་འདས་པའི་དུས་ཆེན་གསུམ་ག་ཡིན་པས་སོ། །
 ༡༢༠ བཅུ་བའི་ཉེར་ལྔ་དུས་ཆེན་ཡིན་དོན་ཅི།
 ལན། ཉིན་དེ་ནི་རྗེ་ཙོང་ཁ་བ་སྐུ་མྱ་ངན་ལས་འདས་པའི་ཉིན་ཏེ་ཉིན་དེར་གདུང་མཆོད་བྱས་པ་ནས་དགའ་ལྡན་ལྔ་མཆོད་ཅེས་པའི་དུས་ཆེན་འདི་བྱུང་བ་ཡིན་ནོ།
 ༡༢༡ བྱམས་པ་གླིང་སྐོར་བྱེད་པའི་རྒྱུ་མཚན་གང་།
 ལན། མ་འོངས་པ་ན་རྒྱལ་བ་བྱམས་པ་འཇིག་རྟེན་དུ་བྱོན་པའི་ཚེ་དེའི་འཁོར་གྱི་ཐོག་མར་སྐྱེ་བའི་རྟེན་འབྲེལ་དུ་རྒྱལ་བ་བྱམས་པ་མཆོད་པའི་ཚོགས་དུ་མ་དང་བཅས་ཚེ་ལོ་བརྒྱད་ཁྲི་བའི་ལུས་ཚད་སྟག་སེང་སོགས་དང་བཅས་ཏེ་ཕྱི་སྐོར་ལ་གདན་འདྲེན་པ་ཡིན་གསུངས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། usky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505475
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།