ནང་བསྟན་རྒྱུན་ཤེས། ༩
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »ནང་བསྟན་རྒྱུན་ཤེས། ༩
ནང་བསྟན་རྒྱུན་ཤེས། ༩
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2016-01-01ལྟ་ཀློག (3640)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ནང་བསྟན་རྒྱུན་ཤེས། ༩

མཛད་པ་བོ། དགེ་རྒན་ཤེས་རབ་བསྟན་དར།

༡༠༡ ཆང་གི་ཉེས་པ་ཡོད་དམ།

ལན། ཡོད་དེ་ཕུང་ཀྲོལ་དང་ཉོན་མོངས་ཀུན་བསྐྱེད་ཅིང་དམྱལ་བར་སྐྱེས་ཏེ་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ངོ་། །

༡༠༢ འོ་ན་ཆང་ལྡུད་མཁན་ལ་ཉེས་པ་ཡོད་དམ།

ལན། འདུལ་བ་ལུང་ལས། ཆང་འཐུང་དམྱལ་བ་ངུ་འབོད་སྐྱེ། ། ལྡུད་མཁན་དེ་ཡི་འཁོར་དུ་སྐྱེ། །ཞེས་གསུངས་པ་ལྟར་རོ། །

༡༠༣ མདོར་བསྡུས་ནས་བཤད་ན་དགེ་མི་དགེའི་ཚད་གང་ཡིན།

ལན། འདོད་ཆགས། ཞེ་སྡང་། གཏི་མུག་གི་དབང་དུ་སོང་སྟེ་ལས་གང་བྱས་ཀྱང་མི་དགེ་བ་ཡིན་ལ་དེ་ལས་ལྡོག་པའི་དགེ་སེམས་ཀྱིས་ལས་གང་བྱས་དགེ་བར་འགྱུར་རོ། །

༡༠༤ སྡུག་པ་འདག་པ་ལ་ཇི་ལྟར་བྱེད།

ལན། སྤྱིར་ན་རང་གིས་མི་དགེ་བའི་ལས་བྱས་པ་ལ་འགྱོད་པ་བྱས་ན་དེའི་སྟོབས་ཇེ་ཆུང་དུ་འགྲོ་ལ། གཞན་སེམས་འགྱོད་གདུང་གི་སྒོ་ནས་ལྟུང་བཤགས་དང་ཡིག་བརྒྱ་འདོན་པ་དང་ཕྱག་སྐོར་དང་མཆོད་པ་བྱས་ན་བཟང་ངོ་། །

༡༠༥ ང་ཚོ་ལ་ཉམས་རྟོགས་ཆེན་པོ་ཞིག་མི་འབྱུང་བ་ནི་ཆོས་བཟང་བོ་ཞིག་དང་མ་འཕྲད་པས་ཡིན་ནམ།

ལན། མིན་ཏེ་དེ་ནི་རང་ཉིད་མ་བཟང་བ་སྟེ། རང་སེམས་རྒྱ་བསྐྱེད་མ་ཐུབ་པ་དང་རང་སེམས་རྣམ་པར་དག་ཅིང་རྩེ་གཅིག་བྱེད་མ་ཐུབ་པའི་རྐྱེན་གྱིས་ཡིན།

༡༠༦ ལས་རྒྱུ་འབྲས་ཞེས་པ་ཅི་ཡིན།

ལན། དཔེར་ན། ས་བོན་ལ་རྒྱུ་དང་དེ་ལ་བརྟེན་ནས་སྐྱེས་བའི་འབྲས་བུ་ལ་འབྲས་བུ་ཟེར། དེ་ནི་ཕྱིའི་རྒྱུ་འབྲས་ཏེ་ནང་གི་རྒྱུ་འབྲས་ནི་ལས་ཏེ་སེམས་པ་ནི་རྒྱུ་ཡིན་ལ་དེ་ལ་བརྟེན་ནས་བྱུང་བའི་རྣམ་སྨིན་ནི་འབྲས་བུ་སྟེ། དཔེར་ན་མི་གསོད་འདོད་ཀྱི་སེམས་པ་ནི་ལས་དང་མི་བསད་པ་ན་ལས་དེ་བསགས་པ་ཡིན། དེ་ལས་བཙོན་ཁང་དུ་འགྲིམ་པ་ནི་ལས་དེའི་འབྲས་བུ་སྨིན་པ་ཡིན་ནོ། །

༡༠༧ བསོད་ནམས་ཇི་ལྟར་གསག་དགོས།

ལན། སེམས་ཅན་གཞན་གྱི་དོན་དུ་ཕྱག་སྐོར་དང་ཁ་འདོན། སྦྱིན་པ། མཆོད་རྟེན་དང་ཚ་ཚ་བཞེངས་པ། སྐུ་གསུང་ཐུགས་གསུམ་ལ་མཆོད་པ་འབུལ་བ་བཅས་བྱ་དགོས་སོ། །

༡༠༨ མི་ལ་ལས་འབད་བརྩོན་ག་འདྲ་བྱས་ནའང་ལག་ཏུ་རྒྱུ་ནོར་མི་འོང་བའི་རྒྱུ་མཚན་གང་།

ལན། དེ་ནི་བསོད་ནམས་མ་བསགས་པའི་ལན་པ་སྟེ། དཔེར་ན་སྤྱན་སྔ་བ་ཟེར་བ་མི་སྐྱའི་དུས་སུ་གསེར་འཚོལ་བར་ལན་གཉིས་ཕྱིན་ཡང་སྔ་མར་ལག་ཏུ་ཅི་ཡང་མ་ཡོང་། ཕྱི་མར་ཅུང་ཞིག་རྙེད། ཕྱིས་སུ་ར་སྒྲེང་དུ་ལམ་རིམ་བསྒོམས་པས་བསོད་ནམས་རྒྱས་ཏེ་གསེར་སྲང་སྟོང་ཕྲག་བདུན་སྦྱིན་པར་གཏང་རྒྱུ་བྱུང་སོང་།

༡༠༩ རང་གི་སློབ་མ་དང་བྱིས་པར་ཕན་སེམས་ཀྱིས་གཅར་རྡུང་བྱེད་པ་དེ་དགེ་མི་དགེ་གཉིས་ཀྱི་གང་ཡིན།

ལན། དེའི་སྦྱོར་བའི་བྱ་སྤྱོད་དེ་ནག་པོའི་ཆར་གཏོགས་ནའང་སེམས་པ་དཀར་བས་དངོས་གཞི་དཀར་བ་སྟེ་སྦྱོར་བ་ནག་ལ་དངོས་གཞི་དཀར་བའི་ལས་ཞེས་པ་སྟེ་དགེ་བའི་ལས་ཡིན་ནོ། །

༡༡༠ གཞན་ལ་ངན་བྱེད་པའི་ཆེད་དུ་རྒྱུ་ནོར་སོགས་སྟེར་བ་དེ་དགེ་མི་དགེ་གང་ཡིན།

ལན།  གཞན་ལ་གནོད་སེམས་ཡོད་པའི་ཕྱིར་མི་དགེ་བ་ཡིན་མོད་རྒྱ་ནོར་སྟེར་བ་སོགས་སྦྱོར་བ་དཀར་བོ་ཡིན་པས་སྦྱོར་བ་དཀར་ལ་དངོས་གཞི་ནག་པོའི་ལས་ཞེས་ཟེར་རོ། །

༡༡༡ ཚེ་སྔོན་མའི་ལས་ལ་ཟློག་ཐབས་ཨེ་ཡོད།

ལན། ལས་དེ་མ་སྨིན་གོང་འགྱོད་བཤགས་དང་དགེ་བ་སྟོབས་ཆེན་པོ་བསྒྲུབས་ན་ཟློག་ཐུབ་ལ་འབྲས་བུ་སྨིན་ཟིན་པ་དེ་ཟློག་མི་ཐུབ་ཀྱང་ཡུན་རིང་བོར་མྱོང་བ་དེ་བཟློག་ཐུབ་བོ། །

༡༡༢ ལ་ལས་ཡོད་ཚད་ལས་དབང་ཡིན་ཟེར་བ་དེ་འགྲིག་གམ།

ལན། མི་འགྲིག་སྟེ་ལས་ལ་བསྟེན་ནས་འབྲས་བུ་འབྱུང་བ་ཡིན་པས་ཁྱོད་ཀྱིས་ལས་བཟང་བོ་ཞིག་མ་བསྒྲུབས་ན་འབྲས་བུ་བཟང་བོ་ཞིག་གཏན་ནས་མི་འབྱུང་ངོ་། །

༡༡༣ མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཟེར་བ་འགྲིག་གམ།

ལན། མི་འགྲིག་སྟེ་རང་རང་གི་སྐྱིད་སྡུག་དེ་མི་རང་རང་གི་ལས་དང་འབྲེལ་ཡོད་ལ་ལས་བཟང་ངན་སྒྲུབ་མཁན་རང་ཉིད་ཀྱིས་བསྒྲུབ་པ་ལས་གནམ་གྱིས་བསྒྲུབ་པ་མིན་པས་མགོ་ནག་སྐྱིད་སྡུག་རང་གི་ལག་ཡིན་ནོ། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532389
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།