ཚེས་ཉེར་དགུ་ཉིན། ཞི་ཅིན་ཕེན་གྱིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་དང་། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཚེས་ཉེར་དགུ་ཉིན། ཞི་ཅིན་ཕེན་གྱིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་
ཚེས་ཉེར་དགུ་ཉིན། ཞི་ཅིན་ཕེན་གྱིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་དང་། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-12-30ལྟ་ཀློག (3211)རྩོམ་ཁུངས: མཚོ་སྔོན་བོད་སྐད་དྲྭ་ཚིགས།པར་འདེབ།

ཚེས་ཉེར་དགུ་ཉིན། ཞི་ཅིན་ཕེན་གྱིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་དང་། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན།

      ཏང་ཀྲུང་དབྱང་གིས་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པའི་ཁྲོད་དུ་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོ་སྤེལ་བའི་བཀོད་སྒྲིག་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་དང་ཉེར་དགུ་ཉིན་གཉིས་ལ་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མགོ་ཁྲིད་དེ་བློ་སྦྱོང་ནན་མོ་བྱེད་པ་དང་དབང་ཆ་བཀོལ་སྤྱོད་ནན་མོ་བྱེད་པ། རང་གཅུན་ནན་མོ་བྱེད་པ། དོན་སྒྲུབ་དང་ལས་སྤེལ་གནས་བབ་དང་མཐུན་པར་བྱེད་པའི་རེ་བར་དམིགས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་འབྲེལ་འདྲིས་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཀྲུང་དབྱང་གིས་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱས་པའི་དོན་དངོས་དང་འབྲེལ་འདྲིས་བྱེད་པ། རང་སྟེང་ནས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་བྱས་པའི་དོན་དངོས་དང་འབྲེལ་འདྲིས་བྱེད་པ། ཁྱིམ་ཚང་དུ་བུ་དང་བུ་མོ་དང་ཉེ་འཁོར་གྱི་བྱ་བ་སྒྲུབ་མཁན་ལ་སློབ་གསོ་དོ་དམ་ནན་མོ་བྱེད་པའི་དོན་དངོས་དང་འབྲེལ་འདྲིས་བྱེད་པ། ཀྲིག་ཡུང་ཁང་དང་པའོ་ཞི་ལེ། ཞུའུ་ཚེ་ཧིག གོ་པོ་ཞོན། ལིན་ཅི་ཧྭ་སོགས་ཀྱི་གྱོད་གཞི་ལས་བསླབ་བྱ་ནན་མོ་ཐོབ་པར་འབྲེལ་འདྲིས་བྱས་ཏེ། ཏང་གཤིས་ལ་དབྱེ་ཞིབ་བྱས་པ་དང་སྐྱོན་བརྗོད་དང་རང་གིས་རང་ལ་སྐྱོན་བརྗོད་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་སྤྱོད་ཚུལ་འཛུགས་སྐྲུན་གྱི་ལག་ལེན་སྤྱི་སྡོམ་བྱས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དངཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་ལ་ཞིབ་འཇུག་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཐེངས་འདིའི་གྲོས་ཚོགས་ནི་ཀྲུང་དབྱང་ཆབ་སྲིད་ཅུའུ་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོར་ཞུགས་པའི་བྱ་འགུལ་གལ་ཆེན་ཞིག་ཡིན། གྲོས་ཚོགས་ཀྱི་སྔོན་ལ་འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་བཟང་བོ་བྱས་ཏེ། གཅིག་ནས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོའི་བྱ་བ་དང་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དྲུག་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་གྲོས་ཚོགས་ཀྱི་ཚུན་ལ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་བྱས་པ་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བཟང་བོ་བྱས། གཉིས་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གཟབ་ནན་གསུམ་དང་དོན་དམ་གསུམ་ལག་བསྟར་བྱས་པ་དང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་པའི་ཐད་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་ཏང་ཙུའུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཏང་ཨུ། ཀྲུང་དབྱང་གི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོའི་ཏང་ཙུའུ་དང་ཏང་ཨུ། མི་དམངས་ཚོགས་པ་སོ་སོ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། དེ་མིན་སྔོན་ཆད་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་སོགས་ཀྱི་འགན་འཁུར་བའི་བློ་མཐུན་རྒན་པ་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱས། གསུམ་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམས་ཀྱིས་ཁྱབ་ཁོངས་ངེས་ཅན་ཞིག་ནས་ཏང་གི་བསླབ་གཞི་སློབ་ཁྲིད་བྱས་པར་མ་ཟད། འབྲེལ་ཡོད་འགན་འཁུར་བློ་མཐུན་ལ་སེམས་གཏམ་བརྗོད་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་ཏང་གི་མཐུན་སྒྲིལ་སྲུང་སྐྱོབ་བྱེད་པ་དང་། ཁྱོན་ཡོངས་དང་ལེན་དང་སྲུང་སྐྱོབ་བྱེད་པ། ཆབ་སྲིད་སྒྲིག་ལམ་དང་རྩ་འཛུགས་སྒྲིག་ལམ་བརྩི་སྲུང་བྱེད་པ། འདྲ་མཉམ་དབང་སྤྱོད་དང་སྤྱོད་གཙང་རང་གཅུན་སོགས་ཀྱི་ཕྱོགས་ལ་ཞིབ་བཤེར་བྱས་ནས་གཏམ་བཤད་རྒྱུ་ཆ་བྲིས།

ཚོགས་ཐོག་ནས་ཐོག་མར་ལོ་གསུམ་གྱི་རིང་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་བྱས་པ་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱེད་ཐབས་དངོས་འབེབས་བྱས་པའི་གནས་ཚུལ་སྐོར་སྙན་ཞུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་རེ་བ་ལག་བསྟར་བྱས་པ་དང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་། དེར་མཐུད་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རེ་རེ་ཡིས་གཏམ་བཤད་དེ་ཏང་ཀྲུང་དབྱང་གི་རེ་བ་ལྟར་ཞིབ་བཤེར་བྱས། ཚོགས་འདུའི་མགོ་མཇུག་ཀུན་ཏུ་གཟབ་ནན་གསོན་ཉམས་ལྡན་པ་དང་བརྗེ་རེས་གྲོས་བསྡུར་བྱས་ཤིང་། མི་མཐུན་པའི་བསམ་བློ་བྱུང་བ་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་དེ་ལས་གཟབ་ནན་དང་དོན་དམ་གྱི་རེ་བ་མངོན་པར་མཚོན་ཞིང་ཏང་དང་མི་དམངས་ལ་འགན་ཆེན་པོ་འཁུར་བའི་རྣམ་འགྱུར་མཚོན་པར་བྱས་པ་དང་། མངོན་གསལ་སྒོས་ཁྱབ་སྒྲོག་དང་མཐུན་སྒྲིལ་འཆམ་མཐུན་གྱི་སྙིང་སྟོབས་མཚོན་པར་བྱས་ཡོད།

ཚོགས་ཐོག་ནས་བལྟས་ན། ང་ཚོ་ཏང་ནི་གུང་ཁྲན་རིང་ལུགས་ཀྱི་ཡུན་རིང་ཕུགས་འདུན་རྒྱུན་འཁྱོངས་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་སྲོལ་རྒྱུན་བཟང་བོ་ཆགས་པར་བྱེད་པ་དང་སྲུང་འཛིན་བྱེད་དགོས། ང་ཚོ་ཏང་གིས་ཡུན་རིང་ལ་ཆབ་སྲིད་ཀྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་དེ་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དམ་འཛིན་བྱས་པའི་ཁྱད་སྟོབས་ཆེན་པོ་ཞིག་ཡིན། ང་ཚོ་ཏང་གིས་ཉེ་བའི་དུས་རབས་ཤིག་ལ་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལས་སྤྱོད་ཚུལ་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་འཛུགས་སྐྲུན་ནམ་ཡང་དམ་འཛིན་བྱེད་དགོས་པ་ར་སྤྲོད་བྱུང་ཡོད་པས། ངེས་པར་དུ་རྒྱུན་ཏུ་དམ་འཛིན་བྱེད་པ་དང་ཡང་དང་བསྐྱར་དུ་དམ་འཛིན་བྱེད་དགོས་པ་ལས་ལྷོད་གཡེང་དུ་གཏན་ནས་གཏོང་མི་རུང་བར་སྙམ།

ཚོགས་ཐོག་ནས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ཐུན་མོང་གིས་ཐོག་མར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བ་དམ་འཛིན་བྱས་ཏེ་བསྟུད་མར་འགུལ་སྐྱོད་རབ་དང་རིམ་པ་སྤེལ་བ་དང་ནན་ཏན་སྒོས་བྱ་བ་བསྒྲུབས་ནས་གྲུབ་འབྲས་མངོན་གསལ་བླངས། དེའི་ཁྱད་ཆོས་གཙོ་བོ་ནི་གནད་ས་འབུར་དུ་ཐོན་པ་དང་གནད་འགག་གཙོ་བོར་འཛིན་པ། དམིགས་འབེན་འཁྲུལ་མེད་ཡིན། ཀྲུང་དབྱང་ནས་མགོ་ཚུགས་ཏེ་མགོ་ཁྲིད་པས་སྣེ་ཁྲིད་བྱེད་པ་དང་རིམ་པ་བཞིན་མིག་དཔེ་འདོན་དགོས། སྒྲིག་ལམ་བརྩི་སྲུང་ཐད་ལ་འདྲི་གཅོད་བྱས་ཏེ་དཔེ་སྟོན་གྱོད་གཞི་ལ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་གཟབ་ནན་ཡིན་པའི་ཚད་གཞི་དང་སྣང་ཚུལ་ཆགས་པར་བྱེད་དགོས་པར་མ་ཟད་རྒྱུན་ཆད་མེད་པར་དམ་འཛིན་བྱས་ནས་ཕན་ནུས་ལྡན་པའི་ནང་རྐྱེན་ཆགས་པར་བྱེད་དགོས་པར་སྙམ།

ཚོགས་ཐོག་ནས་བལྟས་ན། ཧུར་ཐག་སྒོས་བྱ་བ་བསྒྲུབས་པ་བརྒྱུད་ནས་ཏང་ཡོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་ཟིན་ཟབ་མོ་ཐོབ་པ་དང་། སྤྱོད་ཚུལ་དམ་འཛིན་དང་སྤྱོད་ཚུལ་ལེགས་སྒྱུར་བྱེད་པའི་རང་རྟོགས་རང་བཞིན་ཡོངས་ཁྱབ་ཏུ་ཇེ་དྲག་ལ་སོང་། རིམ་པ་སོ་སོའི་ཏང་ཨུ་ཡིས་གནས་བབ་གསར་བའི་འོག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཐད་ནས་བྱ་བ་གང་དག་དམ་འཛིན་བྱེད་པའི་ངོས་ཟིན་ཇེ་ཆེར་གྱུར་བ་དང་། ཐུན་མོང་གི་སློབ་གསོ་དང་རྒྱུན་ལྡན་རང་བཞིན་གྱི་བྱ་བར་ཐབས་ལམ་གསར་བ་ཡོད་པ་དང་ཉམས་མྱོང་གསར་བ་བསགས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས་བཅས་ཀྱི་མི་ལེགས་པའི་སྤྱོད་ཚུལ་ལ་དག་ཐེར་དང་བཅོས་སྐྱོང་བྱས་ཤིང་། མགོ་ཁྲིད་ལས་བྱེད་པའི་ཁྲོད་ཀྱི་གཟབ་ནན་མིན་པ་དང་དོན་དམ་མིན་པའི་གནད་དོན་རིམ་བཞིན་ཐག་བཅད་པ་དང་། ཁྲིམས་འགལ་ལུགས་འགལ་གྱི་མི་སྣ་སྐོར་ཞིག་ལ་ཁྲིམས་ཐག་ནན་མོ་བཅད་པས། རུལ་སུངས་བྱེད་མི་ཕོད་པའི་སྣང་ཚུལ་རིམ་བཞིན་ཆགས་པ་དང་སུལ་སུངས་བྱེད་མི་ཆོག་པ་དང་རུལ་སུངས་བྱེད་མི་འདོད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ལམ་ལུགས་དང་ཁྲིམས་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས་ལམ་ལུགས་ལག་བསྟར་ནུས་ཤུགས་དང་སྒྲིག་ལམ་གྱི་ཚོད་འཛིན་ནུས་ཤུགས་སྔར་ལས་ཇེ་ཆེར་གྱུར་བར་མ་ཟད། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱིས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་བ་དང་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་བར་སྙམ།

གྲོས་ཚོགས་ནས་བསྟན་དོན། མ་འོང་བར་ཁ་ཕྱོགས་ནས། ཏང་གི་སྲོལ་རྒྱུན་དང་ཀུན་སྤྱོད་བཟང་བོ་སླར་གསོ་དང་དར་སྤེལ་བྱེད་པའི་ལས་འགན་ད་རུང་ཧ་ཅང་ལྗིད་ལ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་གྲུབ་འབྲས་ཇེ་བརྟན་དུ་གཏོང་བ་དང་། གནད་དོན་བསྐྱར་དུ་ཕྱིར་འབུད་པ་སྔོན་འགོག་བྱེད་པའི་ལས་འགན་ད་རུང་ཧ་ཅང་ལྗིད་པར་མ་ཟད། ཏང་ནང་གི་ཀུན་སྤྱོད་ཐད་ཀྱི་གཏིང་ཟབ་པའི་གནད་དོན་ཐག་གཅོད་བྱེད་པའི་ལས་འགན་ད་རུང་ཧ་ཅང་ལྗིད་པས། སྤྱོད་ངན་བཞིར་ངོ་རྒོལ་དང་ཏང་སྲོལ་ལེགས་བཅོས། རུལ་སུངས་ལ་ངོ་རྒོལ་བཅས་བྱེད་པའི་འཐབ་ཇུས་ཀྱི་གོ་གནས་རྒྱུན་འཁྱོངས་བྱས་ནས། འབད་བརྩོན་ལྷོད་མེད་སྒོས་བྱ་བ་དེ་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་ཉམས་མྱོང་བཟང་བོ་དེ་རྒྱུན་ལྡན་རང་བཞིན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཁྲོད་བཀོལ་སྤྱོད་བྱས་ནས། ཚད་གཞི་ཇེ་དམར་མི་གཏོང་བ་དང་། རེ་བ་ཇེ་ལྷོད་དུ་མི་གཏོང་བ། བྱེད་ཐབས་སྟབས་བདེར་མི་གཏོང་བར་བྱེད་དགོས། ཏང་སྲོལ་སྲིད་གཙང་གི་གནད་དོན་གྱི་གནས་ཚུལ་གསར་བ་དང་འགྱུར་ལྡོག་གསར་བར་དམ་པོར་དམིགས་ཏེ། དུས་ཐོག་ཏུ་ཁ་གཏད་འཇལ་བའི་བྱེད་ཐབས་གཏན་འཁེལ་བྱས་ནས། གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ། འགལ་བ་མྱུར་དུ་ཐག་གཅོད་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱེད་པ་དེ་ཏང་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་ཁྲོད་བཞག་ནས། སྤྱོད་ངན་བཞིའི་གནད་དོན་དང་མགོ་ཁྲིད་ལས་བྱེད་པའི་གཟབ་ནན་མིན་པ་དང་དོན་དམ་མིན་པའི་གནད་དོན་ཐག་གཅོད་བྱེད་པ་ནས་མགོ་ཚུགས་ཏེ། བསམ་བློའི་ཀུན་སྤྱོད་དང་སློབ་སྲོལ། བྱ་བའི་སྤྱོད་ཚུལ། མགོ་ཁྲིད་པའི་སྤྱོད་ཚུལ། ལས་བྱེད་པའི་འཚོ་བའི་སྤྱོད་ཚུལ་བཅས་ཧུར་ཐག་སྒོས་ལེགས་བཅོས་བྱས་ནས། ཏང་གི་ཀུན་སྤྱོད་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བར་བྱེད་དགོས་ཟེར།

གྲོས་ཚོགས་ནས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོའི་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཐེངས་འདིའི་ཆེད་དོན་སློབ་གསོ་བྱ་བས་གཟབ་ནན་གསུམ་དང་དོན་དམ་གསུམ་ལ་དམིགས་ཏེ། གནད་དོན་ཁ་ཕྱོགས་འབུར་དུ་ཐོན་པར་བྱས་ནས། རྫོང་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པར་བསམ་བློ་དང་ཀུན་སྤྱོད། ཏང་གཤིས་བཅས་ཐད་ནས་གཅིག་སྡུད་སྒོས་སློབ་གསོ་ཐེངས་ཤིག་བཏང་། ཁྱད་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ལ་ཤུགས་བསྣན་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བ་གཙིགས་འཛིན་བྱེད་པར་ཁ་ཕྱོགས་སྔར་ལས་གསལ་བོ་བསྟན་པར་སྙམ། གྲོས་ཚོགས་ནས་དུས་དང་རྣམ་པ་ཀུན་དུ་ཆེད་དོན་སློབ་གསོའི་དུས་རིམ་རྗེས་མའི་བྱ་བ་བཟང་བོར་བསྒྲུབས་ཏེ། མགོ་ཁྲིད་ལས་བྱེད་པའི་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་བྱ་བ་རྒྱུན་ལྡན་ཅན་དང་ཡུན་རིང་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ཀྱི་ཁ་ཕྱོགས་ཚོད་འཛིན་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དང་བཀོད་སྒྲིག་གལ་ཆེན་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་འགལ་བ་དང་ཉེན་ཁ་གཙོ་བོར་ཁ་གཏད་འཇལ་བ་བཅས་ཀྱི་འགན་འཁྲི་གཙོ་བོ་འཁུར་ཡོད་པས། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་བྱ་བའི་མིག་དཔེར་བསྒྱུར་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱི་འགྲོ་འདུག་སྤྱོད་གསུམ་གང་ཡིན་རུང་མི་སྒེར་གྱི་དོན་དག་མ་ཡིན་པར། ཏང་དང་རྒྱལ་ཁབ་ཀྱི་དོན་དག་དང་། མི་དམངས་ཀྱི་དོན་དག ཁྱོན་ཡོངས་ཀྱི་དོན་དག་བཅས་ཡིན་པས། ངེས་པར་དུ་ཏང་གི་སྒྲིག་ཡིག་སྣེ་ཁྲིད་དེ་བརྩི་སྲུང་བྱེད་དགོས་ལ། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་བྱ་བའི་ཐད་ནས་རེ་བ་སྔར་ལས་ནན་མོ་བཅངས་ཏེ། ཆུ་ཚད་མཐོ་བའི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པ་ཞིག་ཏུ་སྒྱུར་བར་འབད་བརྩོན་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྣེ་ཁྲིད་དེ་གཟབ་ནན་གསུམ་དང་དོན་དམ་གསུམ་ལག་ལེན་བྱེད་པའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་བྱས་པར་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པས་རེ་བ་ལྟར་ཞིབ་བཤེར་གཏམ་བཤད་སྤེལ་པར་སྤྱི་བསྡོམས་བྱས། ཁོང་གིས་གསུངས་རྒྱུར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་ཏེ། དོན་ངོ་མའི་སྟེང་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བ་བཟང་བོར་སྒྲུབ་རྒྱུ་རེད། ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་ཧ་ཅང་བཟང་། ཚང་མས་ངོས་ཟིན་དང་མྱོང་ཚོར་གླེང་བ་དང་། གནད་དོན་ལ་ཞིབ་བཤེས་བྱེད་པ། མི་འདང་ས་འཚོལ་ཞིབ་བྱེད་པ། ཐབས་བཀོད་འཐེན་པ་བཅས་བྱས་ནས། བསམ་གཞིགས་དང་ངོས་འཛིན་ལ་ཡར་བསྐྱེད་ཐོབ་པ་དང་། བསམ་བློར་སྐུལ་མ་ཆེན་པོ་ཐེབས། བསམ་འཆར་དང་གྲོས་གཞི་མང་པོས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བ་སྔར་ལས་བཟང་བོར་སྒྲུབ་པར་རོགས་རམ་ཆེན་པོ་བྱེད་ཐུབ་ཟེར།

ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་མིག་དཔེ་བཟང་བོ་བྱེད་དགོས་པའི་ཐད་ལ་རེ་བ་བཞི་བཏོན་པ་འདི་ལྟར།  

དང་པོ། རང་རྟོགས་སྒོས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་རེ་བ་བློ་བརྟན་འགྱུར་མེད་ཀྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་སྟེང་མཚོན་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ནས་བྱ་བ་སྒྲུབ་དགོས་ནས། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། བློ་བརྟན་འགྱུར་མེད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་བློ་བརྟན་འགྱུར་མེད་ཀྱི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་མོས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཕུགས་བསམ་དང་ཡིད་ཆེས་དེའི་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་པ་དང་། དཀའ་ཁག་དང་བར་ཆད་ཅི་འདྲ་བྱུང་རུང་ཕུགས་བསམ་དང་ཡིད་ཆེས་ལ་གཡོ་འགུལ་དང་རྒྱབ་འགལ་བྱེད་མི་རུང་། ངེས་པར་དུ་བློ་གཅིག་སེམས་གཅིག་སྒོས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྤྱི་ཞབས་པའི་བརྩེ་སེམས་བཅངས་དགོས་ལ། སེམས་སུ་དུས་ནམ་ཡང་རྒྱལ་ཁབ་དང་མི་དམངས་བཅངས་ནས། རང་རྟོགས་སྒོས་ཏང་གི་ལས་དོན་དང་མི་དམངས་ཀྱི་བདེ་སྐྱིད་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་དགོས། ངེས་པར་དུ་བསམ་བློའི་རིགས་གཞུང་གི་ཆུ་ཚད་ཅུང་མཐོ་བ་དང་མགོ་ཁྲིད་ཀྱི་སྒྱུ་རྩལ་རྒྱུན་འཁྱོངས་བྱས་ནས། བདེན་དོན་རྒྱུན་འཁྱོངས་དང་མིག་རྒྱ་ཇེ་ཆེར་གཏོང་བ། རྒྱལ་ཁབ་ཀྱི་གནས་ཚུལ་གསལ་བོར་ཤེས་པ། འཛམ་གླིང་ལ་རྒྱུས་ལོན་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། དམངས་གཙོ་གཅིག་སྡུད་ལམ་ལུགས་སྣེ་ཁྲིད་དེ་ལག་བསྟར་བྱེད་པ་དང་། རྙོག་འཛིང་ཆེ་བའི་འགལ་བ་སྣ་ཚོགས་ཐག་གཅོད་བྱེད་མཁས་པ་དང་། ཆབ་སྲིད་ཀྱི་ཐད་ནས་གནད་དོན་ལ་ལྟ་ཞིབ་དང་དབྱེ་ཞིབ། ཐག་གཅོད་བཅས་བྱེད་མཁས་པ། མི་དམངས་མང་ཚོགས་རྩ་འཛུགས་དང་སྣེ་ཁྲིད་དེ་མཉམ་དུ་མདུན་སྐྱོད་བྱེད་མཁས་པར་བྱེད་དགོས། ངེས་པར་དུ་ཏང་ལ་བློ་དཀར་བ་དང་ཁ་བཤད་དོན་དུ་གཉེར་བ། ཕྱི་ནང་གཅིག་མཚུངས་ཡོང་བར་བྱེད་དགོས་པར་མ་ཟད། ཆབ་སྲིད་ཀྱི་གཤིས་རྒྱུད་བཟང་བོ་དང་སྤྱོད་ཚུལ་བཟང་བོ་རྒྱུན་འཁྱོངས་བྱེད་པ་དང་མ་རབས་ཞེན་ཆགས་ཀྱི་གནས་ཚུལ་མཐའ་དག་ལས་ཐར་བར་བྱས་ཏེ། ཕྱོགས་གང་ཅིའི་ཐད་ནས་མིག་དཔེའི་སྟོབས་ཤུགས་ཀྱིས་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་གཏོང་དགོས། རེ་བ་དེ་དག་གི་ནང་དོན་གཙོ་བོ་ནི་ཆབ་སྲིད་ཀྱི་སྟེང་ནས་ཀླད་པ་གསལ་བོར་བྱེད་པ་དང་། ཆབ་སྲིད་ཀྱི་ནུས་པ་བཟང་བ། བསམ་བློའི་གོ་གནས་དང་འཐབ་ཇུས་ཀྱི་གོ་གནས། ཀུན་སྤྱོད་ཀྱི་གོ་གནས་བཅས་ཧ་ཅང་ལེགས་པོ་ཡིན་དགོས་ལ། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་པོའི་གནས་བབ་ཀྱི་མདུན་དུ་ཉམས་སད་ཐེག་ཐུབ་དགོས། ཆབ་སྲིད་སྟེང་དུ་བློ་བརྟན་འགྱུར་མེད་ཡིན་པའི་འབྱུང་ཁུངས་ནི་གཞུང་ལུགས་གསལ་བོར་ཤེས་པ་དེ་ཡིན། རང་རྟོགས་སྒོས་རིགས་གཞུང་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་སྟངས་བཅས་ལ་ཁོང་དུ་ཆུད་པར་བྱེད་དགོས་པ་དང་མཉམ་དུ། ཚན་རིག་གི་ཤེས་བྱ་སྣ་ཚོགས་ཀྱིས་རང་ཉིད་ལ་སྔར་ལས་ལྷག་པའི་སྒོ་ནས་དྲག་ཆས་སྦྲས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཇེ་དྲག་གཏོང་དགོས་ཟེར།

གཉིས་པ། རང་རྟོག་སྒོས“གཟབ་ནན་གསུམ་དང་དོན་དམ་གསུམ”གྱི་རེ་བ་ལྟར་ཏང་ཀྲུང་དབྱང་གི་ཇུས་ཆོད་གལ་ཆེན་གྱི་བཀོད་སྒྲིག་སྟེང་དུ་དངོས་འབེབས་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་ངེས་པར་དུ་བློ་གཏོད་འདུ་ཤེས་བཅངས་ནས། དུས་རྒྱུན་དང་། རང་རྟོག་གིས་ཀྲུང་དབྱང་དང་བློ་གཏོིད་པ་དང་། ཏང་གི་རིགས་གཞུང་དང་ལམ་ཕྱོགས་ཁ་ཕྱོགས་ཀྱི་སྲིད་ཇུས་ལ་བློ་གཏོད་པར་བྱེད་དགོས། ཕྱོགས་སོ་སོའི་ཇུས་ཆོད་བཀོད་སྒྲིག་གཏན་ལ་འབེབ་དགོས་ན། ངེས་པར་དུ་ཡང་དག་པའི་ཆེ་ཕྱོགས་ཆེན་མོ་ཡོད་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཆེ་ཕྱོགས་སྟེང་ནས་གནད་དོན་ལ་བསམ་བློར་གཏོང་བ་དང་། གནད་དོན་ཐག་གཅོད་དགོས། ནང་སྒོས་སུ་ལས་བགོས་བྱ་བའི་ཐད་ཀྱི་བྱ་བ་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་གལ་ཆེན་གྱི་བཀོད་སྒྲིག་སྟེང་དུ་འབྲེལ་མཐུད་བྱེད་དགོས་པ་དང་། གཅིག་གྱུར་བྱེད་དགོས། ཕྱོགས་བསྡུས་རང་བཞིན་གྱི་ཇུས་ཆོད་དང་ཡང་ན་ཆེད་དོན་རང་བཞིན་གྱི་ཇུས་ཆོད་ཡིན་ནའང་འདྲ། ཚང་མ་ཆེ་ཕྱོགས་ཡོངས་ཁྲོད་ནས་འོས་མཐུན་གྱི་གོ་གནས་འཚོལ་ཏེ། ཚན་རིག་ལྟར་ཇུས་ཆོད་སྤེལ་བ་དང་། དམངས་གཙོའི་ཐད་ནས་ཇུས་ཆོད་སྤེལ་བ། བཅའ་ཁྲིམས་ལྟར་ཇུས་ཆོད་སྤེལ་བར་བྱེད་ཐུབ་དགོས། ཆེ་ཕྱོགས་ཆོས་ཉིད་གྱི་རྨང་གཞིའི་སྟེང་ནས་བྱ་བའི་དམིགས་འབེན་དང་བྱེད་ཐབས་གཏན་ལ་འབེབ་པར་ཁོང་དུ་ཆུད་པར་བྱེད་དགོས། གཅིག་གྱུར་གྱིས་འཆར་གཞི་འགོད་པ་དང་། ཕྱོགས་སོ་སོའི་རྒྱུ་རྐྱེན་ལ་ཁྱོན་ཡོངས་ནས་འདང་རྒྱག་དགོས་པ་མ་ཟད། ཕྱོགས་སོ་སོའི་ཁེ་ཕན་ལ་ལྟ་རྟོག་བྱེད་དགོས་པ་དང་། ཕྱོགས་སོ་སོའི་འབྲེལ་བར་མཐུན་སྦྱོར་བྱེད་པ། ཡང་ལྗིད་དོ་མཉམ་ཡོང་བར་གསལ་བོར་བྱས་ནས། ཕྱོགས་སོ་སོའི་ཐོན་ཁུངས་ལ་ཕན་འབྲས་ཆེན་པོ་ལེན་པར་འདོན་སྤེལ་བྱེད་དགོས། འགན་འཁྲིའི་འདུ་ཤེས་ཆེན་པོ་ཡོད་པར་བྱས་ནས། འགན་ཁུར་ཕོད་པ་དང་། བྱ་བ་སྒྲུབ་ཕོད་པར་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ལས་དོན་དེ་ངེས་པར་དུ་དམ་འཛིན་བྱས་ནས། བྱ་བ་སྣ་ཚོགས་ལ་གྲུབ་འབྲས་ཡོད་པར་བྱེད་དགོས།

གསུམ་ནས་རང་རྟོག་སྒོས“གཟབ་ནན་གསུམ་དང་དོན་དམ་གསུམ”གྱི་རེ་བ་ལྟར་ལས་བགོས་ཐད་ཀྱི་དོ་དམ་བྱ་བའི་སྟེང་མཚོན་པར་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས“གཟབ་ནན་གསུམ་དང་དོན་དམ་གསུམ”གྱི་རེ་བ་ལག་ལེན་བྱེད་དགོས་ན། རང་དཔེ་གཞན་སྟོན་བྱེད་དགོས་ལ། དོ་དམ་སྣེ་ཁྲིད་ལའང་དོ་སྣང་བྱེད་དགོས། བྱ་བ་དམ་འཛིན་བྱེད་ཞོར་དུ་དོ་དམ་བྱ་བ་ཡང་དམ་འཛིན་བྱེད་པའི་ལྷུ་ལག་སོ་སོ་དང་ཟུང་དུ་སྦྲེལ་ནས། བྱ་བའི་ཁྲོད་ནས་དོ་དམ་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་། དོ་དམ་བྱེད་སྐབས་ཀྱི་མི་འདང་ས་དང་། དོ་དམ་བྱེད་ཐབས་མཛུབ་སྟོན་དང་འཐུས་ཚང་དུ་གཏོང་མཁས་པར་བྱེད་དགོས། སྣེ་ཁྲིད་དཔུང་སྡེའི་འདུ་ཤེས་ཆེན་པོ་ཞིག་ཡོད་དགོས་པ་མ་ཟད། དོན་དག་སྒྲུབ་པ་དང་བསམ་བློར་དོི་དམ་བྱེད་པ། སྤྱོད་སྟངས་དོ་དམ་བྱེད་དགོས་ལ། ནང་སྒོས་སུ་རེ་བ་ནན་མོ་འདོན་པ་དང་ལས་བགོས་བྱ་བ་དོ་དམ་ལྟ་སྐུལ་བྱེད་པར་བློ་ཐག་རྦད་ཆོད་ཀྱིས་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་གལ་ཆེན་གྱི་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་པོ་ཡོང་བར་བྱས་ནས། དོ་དམ་བྱེད་པའི་ཐད་ལ་ཡང་དག་པའི་སྒོ་ནས་འགན་འཁྲི་ལག་བསྟར་བྱེད་པ་དང་། བྱ་བའི་རྒྱུ་སྤུས་དང་བྱ་བའི་ཕན་འབྲས་ཇེ་མཐོར་གཏོང་བར་རེ་བ་གསལ་བོ་དང་ལྟ་སྐུལ་བྱེད་དགོས། དོ་དམ་བྱེད་པའི་ཐད་ནས་ལས་བྱེད་པའི་ལམ་ལུགས་དང་ལས་བྱེད་པའི་ཆ་རྐྱེན་ཐད་ལ་མི་འདེམ་པ་དང་མི་བཀོལ་བར་རེ་བ་གསལ་བོ་དང་ལྟ་སྐུལ་བྱས་ནས། ཕྱོགས་སོ་སོའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་རང་རང་གིས་འགན་ཁུར་དགོས། ཕུལ་བྱུང་གི་ལས་བྱེད་པ་སྐྱེད་སྲིང་བྱེད་ཐུབ་པ་དང་། སྐྱོན་བྲལ་བའི་ངང་འཚར་ལོངས་འབྱུང་བར་བྱེད་དགོས་པ་དང་། དོ་དམ་བྱེད་པའི་ཐད་ལ་ཁྱོན་ཡོངས་ནས་གཟབ་ནན་གྱིས་ཏང་བཅོས་སྐྱོང་བྱེད་པའི་རེ་བ་གསལ་བོ་དང་ལྟ་སྐུལ་བྱེད་དགོས་པ་དང་། ཏང་གི་འཛུགས་སྐྲུན་བྱ་བའི་ལམ་ལུགས་སྣ་ཚོགས་དང་གཏན་ཁེལ་སྣ་ཚོགས་གཟབ་ནན་གྱིས་ལག་བསྟར་བྱས་ནས། ཆབ་སྲིད་ཀྱི་ཁོར་ཡུག་ཅུང་བཟང་བོ་ཞིག་སྐྲུན་དགོས། གཟབ་ནན་མིན་པ་དང་དོན་དམ་མིན་པའི་གནད་དོན་བྱུང་རྗེས་ཁ་ངོ་མི་བལྟ་བར་ཐག་གཅོད་དགོས།

བཞི་ནས་རང་རྟོག་སྒོས“གཟབ་ནན་གསུམ་དང་དོན་དམ་གསུམ”གྱི་རེ་བ་ལྟར་རང་ལ་རེ་བ་ནན་མོ་འདོན་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་དབང་ཆའི་ཐད་དང་གོ་གནས་སྟེང་ནས་དམིགས་བསལ་གྱི་བསམ་པ་བཅངས་མི་ཆོག གཞུང་དོན་དང་སྒེར་དོན་གང་ཡིན་རུང་། ཚང་མ་ཏང་གཤིས་རྩ་དོན་ལ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རང་གིས་རང་ལ་ཚོད་འཛིན་ནན་མོ་བྱེད་དགོས། འོག་རིམ་དང་ཉེ་འཁོར་ནས་བྱ་བ་སྒྲུབ་པའི་མི་སྣར་སྐུལ་སློང་དང་དགའ་བསུ་བྱེད་པར་ལྟ་སྐུལ་བྱེད་དགོས་པ་མ་ཟད། ཇི་མ་ཇི་བཞིན་དུ་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལག་བསྟར་བྱེད་དགོས། རང་གི་གཉེན་མི་དང་རང་གི་བུ་བུ་མོ་དང་ཉེ་འཁོར་དུ་བྱ་བ་སྒྲུབ་པའི་མི་སྣར་སློབ་གསོ་དང་། དོ་དམ་ནན་མོ། ལྟ་སྐུལ་ནན་མོ་བཅས་བྱས་ནས། གནད་དོན་ཡོད་པ་ཤེས་རྗེས་དུས་ཐོག་ཏུ་དྲན་སྐུལ་བྱེད་དགོས་པ་དང་ཡོ་བསྲང་ནན་མོ་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཀྲིག་ཡུང་ཁང་དང་། པོ་ཞིས་ལེ། ཞུའུ་ཚེ་ཧིག ཀའོ་པོ་ཞོང་། ལིན་ཅི་ཧྭ་སོགས་ཀྱི་བཅའ་སྲོལ་ལས་སྲོལ་ལས་ཏང་ཡོན་ཞིག་གི་ཏང་གཤིས་ཇེ་མཐོར་འགྲོ་བ་ཕར་ཞོག ད་རུང་ཇེ་དམའ་རུ་སོང་བ་མ་ཟད། ཐ་ན་ཏང་གཤིས་རྩ་བ་ནས་ཤོར་སོང་བ་དེ་མཚོན། ང་ཚོས་ཏང་གིས་ཁོ་ཚོར་གཟབ་ནན་གྱིས་རྩད་ནན་མོ་བཅད་དེ། ཏང་དང་རྒྱལ་ཁབ། མི་དམངས་བཅས་ལ་འགན་ཁུར་བ་དང་། ལོ་རྒྱུས་ལའང་འགན་ཁུར་བ་ཡང་ཡིན། བསླབ་བྱ་ཟབ་མོ་དང་དུ་བླངས་ནས། “གཟབ་ནན་གསུམ་དང་དོན་དམ་གསུམ”གྱི་རེ་བ་ནན་མོ་བཅངས་ནས། དོན་དངོས་ཀྱི་བྱ་སྤྱོད་ཐད་ནས་མི་དམངས་ཀྱི་རེ་བ་ཆེན་པོ་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས།



རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qngt བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23541213
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།