མི་རིགས་ཤིག་རྗེས་སུ་ལུས་པའི་རྒྱུ་རྐྱེན་གཙོ་བོ་ཆོས་ལུགས་ལ་ཐུག་གམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »མི་རིགས་ཤིག་རྗེས་སུ་ལུས་པའི་རྒྱུ་རྐྱེན་གཙོ་བོ་ཆོས་ལུགས་ལ་ཐུག
མི་རིགས་ཤིག་རྗེས་སུ་ལུས་པའི་རྒྱུ་རྐྱེན་གཙོ་བོ་ཆོས་ལུགས་ལ་ཐུག་གམ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-12-26ལྟ་ཀློག (3796)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དེང་འདིར་ལ་ལས་དར་རྒྱས་ཆེ་བའི་རྒྱལ་ཁབ་ནི་ཆོས་ལུགས་ཀྱི་ཤུགས་རྐྱེན་མེད་པའི་རྒྱལ་ཁབ་ཡིན་ཟེར་ཞིང་མི་རིགས་ཤིག་

རྗེས་སུ་ལུས་པའི་རྒྱུ་རྐྱེན་གཙོ་བོ་ཆོས་ལུགས་ལ་ཐུག་ཡོད་ཟེར་བ་བདེན་ནམ། 

དྲི་བ།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྤྲེལ་ཐར་འབུམ། དྲིས་ལན། སློབ་དཔོན་ཤེས་རབ་བསྟན་དར། 

     ལན། དེ་ནི་བསམ་བཞིན་དུ་གཞན་མགོ་བསྐོར་བའི་ཆེད་དུ་ཀུ་རེ་རྩེད་པ་མིན་ན་རང་ཉིད་འཛམ་གླིང་གི་གནས་ཚུལ་ལ་རྨོངས་བཞིན་དུ་མཁས་རྟགས་སྟོན་པ་ཞིག་ཡིན་ངེས་ཏེ། དཔེར་ན་དབྱིན་ཇི་རྒྱལ་ཁབ་ལ་མཚོན་ན་ཡེ་ཤུའི་ཆོས་ལུགས་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གཏན་འཁེལ་བྱས་ཤིང་། 1994ལོར་སློབ་གསོའི་བཅའ་ཁྲིམས་གཏན་ལ་ཕབ་སྟེ་ལག་བསྟར་བྱེད་མགོ་བརྩམས། དེར་སྲིད་གཞུང་དང་གཞུང་གིས་མ་དངུལ་གཏོང་བའི་སློབ་གྲྭ་དག་གི་ལོ་ལྔ་ནས་ལོ་བཅུ་དྲུག་བར་གྱི་སློབ་མ་ཚང་མ་སློབ་འབྲིངGESCརྒྱུགས་ལེན་གྱི་སྔོན་ཏུ་ངེས་པར་ཡེ་ཤུའི་ཆོས་ལུགས་སྦྱོང་བ་ལས་གཞན། ནང་བསྟན་དང་ཁ་ཆེའི་ཆོས་ལུགས། ཡེ་ཐེའི་ཆོས་ལུགས་ཀྱི་སློབ་ཚན་སྦྱང་དགོས་པས་རྒྱལ་ཁབ་དེའི་ཡུལ་ཆེ་བ Kent countn  དུ་ཡོད་པའི་སློབ་གྲྭ 630 ཚང་མས་ནང་བསྟན་ཨང་གཉིས་པའི་སློབ་ཚན་དུ་བཀོད་སྒྲིག་བྱས་ཡོད་ལ། ཨ་རི་ལ་སོགས་པའི་རྒྱལ་ཁབ་མང་བོ་ཞིག་གིས་ཆོས་ལུགས་དང་ཆབ་སྲིད་ཁ་ཁར་བྱས་ཡོད་ནའང་སྲིད་ འཛིན་དམ་བཅའ་བ་དང་སྨོན་ལམ་སོགས་ཚང་མ་ཡེ་ཤུའི་ཆོས་ལུགས་དང་འབྲེལ་ནས་སྒྲུབ་བཞིན་ཡོད་པས་ཁོ་ཚོ་ཡང་ཆོས་ལུགས་དང་ཁ་འབྲལ་ཐུབ་ཀྱིན་མེད། 《དེང་རབས་ཨ་རིའི་ཆོས་ལུགས》ཞེས་པ་ལྟར་ན། ཨ་རི་ན་ཆོས་ལུགས་ཚོགས་པ་ཉིས་སྟོང་ལྔ་བརྒྱ་ཡོད་ཅིང་། རྒྱལ་ཁབ་དེའི་མི96%གིས་ཡེ་ཤུའི་ཆོས་ལུགས་ལ་དད་ཅིང་། སློབ་གྲྭ་ཆུང་འབྲིང་གི་སློབ་མའི85%ཡན་གྱིས་ཆོས་ཚོགས་ཀྱི་སློབ་གྲྭ་འགྲིམ། རྒྱལ་ཡོངས་སུ་ཆོས་ལུགས་རླུང་འཕྲིན་ཁང1200དང་ཆ་སྙོམས་སུ་བརྙན་འཕྲིན་ཁང་བཅུ་གཉིས་ནང་དུ་ཆོས་ལུགས་ཀྱི་བརྙན་འཕྲིན་ཁང་རེ་ཡོད་ལ་དུས་རབས་ཉི་ཤུའི་མཇུག་གི་ལོ་བཅུའི་ནང་དུ་ཆོས་ལུགས་ཀྱི་ལེ་ཚན75%འཕར། ཆོས་ལུགས་དུས་དེབ་སྣ་ལྔ་སྟོང་དང《ཞིན་ཡོ་གསུང་རབ》དཔར་གྲངས་དུང་ཕྱུར་གཅིག་ལ་སོན། ལྷག་པར་དུ་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་ནང་དུ་ལོ་རེ་བཞིན་ནང་བསྟན་ལས་རིགས་སུ་ཕུལ་བའི་དངུལ་གྲངས་ཨ་སྒོར་དུང་ཕྱུར500ཡོད་ལ《རྒྱལ་སྤྱིའི་ཆོས་སྤེལ་ཞིབ་འཇུག་སྤྱི་སྒྲོག》(《哀国际传教研究公报皑》)གིས་བསྡོམས་རྩིས་བྱས་པ་ལྟར་ན་ཉིས་སྟོང་ལོར་འཛམ་གླིང་སྤྱིའི་མི་གྲངས་དུང་ཕྱུར60.55%ལས་ཆོས་ལ་དད་མཁན51.37%ཡོད་ཅིང་། དེས་འཛམ་གླིང་སྤྱིའི་མི་གྲངས་ཀྱི84.8%ཟིན། དེའི་ནང་དུ་ཡེ་ཤུའི་ཆོས་ལུགས19.99%དང་ཁ་ཆེའི་ཆོས་ལུགས་པ11.8%བྲམ་ཟེའི་ཆོས་ལུགས་པ8.11%ནང་བ་དུང་ཕྱུར3.59%གོང་གི་ཆོས་ལུགས་ཆེན་མོ་བཞི་ལས་སྲོལ་རྒྱུན་གྱི་དད་མོས་   བྱེད་མཁན་གྱིས་འཛམ་གླིང་གི་ཆོས་དད་མི་སྣའི88%ཡན་ཟིན། ལྷག་པར་གསར་དུ་བཙུགས་པའི་ཆོས་ལུགས་རྩ་འཛུགས་དབྱར་མཚོ་རྒྱས་པ་བཞིན་འབྱུང་བཞིན་ཡོད་དེ། 《ཞིན་ཧྭ་རྩོམ་བཏུས》2002ལོའི་དེབ་དང་བོར་འཁོད་པ་ལྟར་ན་མིག་སྔར་འཛམ་གླིང་དུ་གསར་དུ་བཙུགས་པའི་ཆོས་ལུགས་རྩ་འཛུགས་ཁྲི་གཉིས་ཡོད་ཅིང་། 1999ལོར་འཛམ་གླིང་དུ་གསར་དུ་དད་མོས་བྱེད་མཁན་དུང་ཕྱུར1.484ཡོད། དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་བ་ནས་ཨ་རིར་གསར་དུ་དར་བའི་ཆོས་ཚོགས2500ཡན་ལ་སླེབས་ ཤིང་ཨོའུ་གླིང་ནུབ་མའི་རྒྱལ་ཁབ་བཅོ་བརྒྱད་ལ་གསར་དར་གྲུབ་མཐའ་ཆིག་སྟོང་སུམ་བརྒྱར་སླེབས། མིག་སྔར་ཉི་ཧོང་གིས་ཐོ་འགོད་བྱས་པ་ལྟར་ན་ཆོས་ཚོགས་ཁྲི18.5ཡོད་ཅིང་དེ་ལས་མང་ཆེ་བ་གསར་དར་ཆོས་ཚོགས་ཡིན། ཧྥེ་གླིང་ཧྲ་ཧྭ་ལའི་ལྷོ་ཁུལ་དུ་གསར་དར་གྲུབ་མཐའ་བདུན་སྟོང་ལྷག་བསྟུད་མར་བྱུང་ཟེར་བ་འདིས་བོད་ཀྱི་ན་གཞོན་སྐོར་ཅིག་གི་རང་འཁྲུལ་གཞན་རྨོངས་ཀྱི་སྐད་ཆ་དེ་དག་བདེན་མིན་གསལ་བོར་ཤེས་འགྲོ།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xq4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23535381
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།