ཚན་རིག་པས་སླར་ཡང་སའི་གོ་ལ་དང་ཤིན་ཏུ་འདྲ་བའི་གོ་ལ་གཞན་ཞིག་རྙེད་པ།
དབྱིན་ཇིའི་ཉིན་རེའི་འཕྲིན་ཡིག་ཚགས་པར (Daily Mail)དུ་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ལམ། ཨོ་སི་ཁྲི་ལི་ཡའི་གནམ་དཔྱད་རིག་པ་བ་དང་འབུམ་རམས་པ་ཏུན་ཁཱན་རའར་ཐྲེ་(Dr Duncan Wright)ཞེས་པས་སའི་གོ་ལ་དང་ཤིན་ཏུ་འདྲ་བའི་གོ་ལ་གཞན་ཞིག་རྙེད་ཡོད་ཅིང་། གོ་ལ་དེ་ནི་མིའི་རིགས་ཀྱིས་ད་སྔ་ཤེས་ཟིན་པའི་སའི་གོ་དང་འདྲ་བའི་གོ་ལ་རིགས་ལས་ང་ཚོ་དང་ཐག་ཉེ་ཤོས་སུ་གྱུར་བའི་གོ་ལ་དེ་ཡིན་པ་དང་། དེར་ཕལ་ཆེར་ཆུ་དང་སྲོག་ལྡན་ཡང་ཡོད་པ་མ་ཟད། གནམ་གཤིས་དྲོད་ཚད་ཀྱང་སའི་གོ་ལ་དང་འདྲ་བོ་ཡོད་པས་མིའི་རིགས་འཚོ་སྡོད་བྱེད་ཆོག་པའི་གོ་ལ་ཞིག་ཡིན་པའི་ངོས་འཛིན་གནང་གིན་འདུག
གོ་ལ་དེའི་མིང་ལ་ཝོལ་ཧྥོ་1061c ཞེས་བཏགས་ཡོད་ཅིང་། དེ་ནི་སའི་གོ་ལའི་ལྡབ་བཞི་ལྷག་ཙམ་གྱིས་ཆེ་བ་རེད།
རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྱུར་བ། བདེ་ལྷ་མོ།
གསར་འགྱུར་མཁོ་སྤྲོད་པ། གཟི་མིག་གསུམ་པ།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ།
ཨ་བུ་འབྲོང་།
|