སངས་རྒྱས་པའི་ཆོས་འདི་བོད་ལ་དགོས་མཁོ་ཡོད་དམ་མེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 1 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅར་འདྲི། »སངས་རྒྱས་པའི་ཆོས་འདི་བོད་ལ་དགོས་མཁོ་ཡོད་དམ་མེད།
སངས་རྒྱས་པའི་ཆོས་འདི་བོད་ལ་དགོས་མཁོ་ཡོད་དམ་མེད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-12-17ལྟ་ཀློག (4803)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དེང་སྐབས་ནང་བ་སངས་རྒྱས་པའི་ཆོས་འདི་བོད་ལ་དགོས་མཁོ་ཡོད་དམ་མེད། རྒྱུ་མཚན་ཅི། 

དྲི་བ། གངས་གཞོན་ལས་ཞོར་སློབ་གྲྭའི་ཡོན་ཏན་རྒྱལ།  དྲིས་ལན།  སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར། 
    དྲི་བ་འདི་ནི་ཤིན་ཏུ་གལ་ཆེ་སྟེ་སངས་རྒྱས་ཆོས་ལུགས་བོད་ལ་མཁོ་མིན་འདི་བོད་མི་རིགས་ལ་དེ་མཁོ་མིན་གྱི་གནད་དོན་ཡིན་ལ་མང་ཚོགས་ལ་མི་མཁོ་ཚེ་བོད་ལའང་མི་མཁོ་ཞིང་དེ་བཞིན་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་རང་ཤུགས་ཀྱིས་ཡལ་འགྲོ་བ་ཡིན་ཏེ་ཆོས་ལུགས་གང་ཞིག་དར་བའམ་ཉམས་པ་དེ་རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་ཐུག་ཡོད་པས་སོ། །  དེ་བཞིན་མིག་སྔའི་གནས་ཚུལ་ལ་བལྟས་ན་བོད་ཀྱི་གཉེན་སྒྲིག་དང་གཤིན་སྒྲུབ། བྱིས་པ་བཙས་པ། ཁང་སྟོན་སོགས་ཆོ་ག་ཆེ་ཆུང་གང་ལའང་ཆོས་ལུགས་ཀྱི་བྱེད་སྒོ་འབྲལ་དུ་མེད་པ་ཆགས་ཤིང་བྱེད་སྒོ་དེ་མེད་ཚེ་ཁོ་ཚོའི་སེམས་པ་སྟོང་སྟོང་ཞིག་  ལས་མེད་པ་དང་ཁྱད་པར་རིག་གསར་སྐབས་སུ་ཆོས་ལུགས་བཀག་འགོག་བྱས་ཚེ་རང་གི་སྲོག་ལའང་མ་འཛེམས་པར་ལྐོག་ཏུ་བྱེད་སྒོ་སྤེལ་བ་དང་། ཆོས་ལུགས་རིག་དངོས་སྲུང་སྐྱོབ་བྱེད་པ་དང་སྲིད་ཇུས་གུ་ཡངས་སུ་སོང་མ་ཐག་ཡོད་ཚད་བཏོན་ནས་དགོན་སྡེ་སླར་གསོ་དང་ལྷ་རྟེན་ཆོས་གསུམ་བསྐྱར་བཞེངས་དང་བུ་ཕྲུག་གྲྭ་བ་བྱེད་དུ་བཅུག་པ་སོགས་ལ་བལྟས་ན་ཆོས་ལུགས་ནི་ཁོ་ཚོར་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་ལ་གནད་དོན་འདི་ནི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཀྱི་དགོངས་དོན་དང་དགོས་པ། ལག་ལེན་བྱེད་ཚུལ་ལ་དཔྱད་ན་གསལ་བོར་ཤེས་ཐུབ་བོ། །
བདག་ནང་བ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཀྱི་ལྟ་བ་གཞིར་བཞག་ནས་བཤད་ན་སྤྱིར་ཆབ་སྲིད་ཀྱི་ལམ་ལུགས་ཡིན་ནའང་འདྲ། ཚན་རིག་པ་དང་དཔལ་འབྱོར་བའི་འདོད་ཚུལ་ཡིན་ནའང་འདྲ། ཆོས་ལུགས་ཀྱི་གྲུབ་མཐའ་ཁག་ཡིན་ནའང་འདྲ། ཚང་མའི་ཐུན་མོང་གི་རེ་འདུན་དང་ཐུན་མོང་གི་བསྙེག་བྱ་ནི་འཇིག་རྟེན་ཞི་བདེ་དང་བདེ་སྐྱིད་ཡིན། འོན་ཀྱང་འགྲོ་བ་མིའི་ཞི་བདེ་དང་བདེ་སྐྱིད་ནི་མིའི་བསམ་བློ་ཡིན་པའི་ཆ་ནས་ཡོང་བ་ལས་དྲག་ཆས་དང་ཚན་རིག དཔལ་འབྱོར་གྱིས་ཐག་གཅོད་མི་ཐུབ། དཔེར་ན་ཚན་རིག་གི་ཆ་ནས་ཟླ་བའི་གོ་ལར་སླེབས་ནས་མིའི་བདག་འཛིན་འདི་ཐག་གཅོད་མ་ཐུབ། དེ་བས་ཚན་རིག་ཡར་རྒྱས་སོང་བའང་མིའི་ཞི་བདེ་དང་བདེ་སྐྱིད་ལ་གནོད་བྱེད་དུ་གྱུར་ཏེ། མི་རང་རང་གི་གཅེས་འཛིན་གྱིས་གཞན་ལ་གནོད་པ་དང་གཞན་གྱིས་རང་ལ་གནོད་དམ་སྙམ་པའི་སེམས་ཁྲལ་དང་དེ་བས་གཞན་ལ་ཁ་གཏད་གཅོག་ཐབས་དང་རང་ཉིད་སྲུང་སྐྱོབ་བྱེད་པའི་མཚོན་ཆ་སྣ་ཚོགས་བཟོ་བར་འགྲན་རྩོད་བྱས་ཏེ་ད་ལྟ་གཞན་རྩ་མེད་དུ་བཏང་བའི་ཞོར་ལ་རང་ཉིད་ཀྱང་རྩ་མེད་དུ་གཏོང་བའི་མཚོན་ཆ་འདི་རིགས་བྱུང་བ་རེད། དེ་ནི་ཆབ་སྲིད་དང་ཚན་རིག་གིས་ཞི་བདེའི་རྩ་བ་རྙེད་མེད་པའི་བདེན་དཔང་གསལ་བོ་ཞིག་སྟེ་ཞི་བདེ་མི་འབྱུང་བའི་རྩ་བ་བདག་འཛིན་ལ་འཐབ་རྩོད་བྱེད་པའི་ཐབས་རྙེད་མེད་པས་ང་ཚོས་ངེས་པར་དུ་དེའི་ཐབས་ཤེས་དགོས་ཤིང་། དེ་ནི་ཆོས་ལུགས་གཞན་དང་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་གང་ནའང་མེད་པར་ནང་བ་སངས་རྒྱས་པ་ཉག་གཅིག་གི་གཞུང་ལུགས་སུ་ཡོད་པའི་སྟོང་ཉིད་སྒོམ་སྟངས་དེ་རེད། སྟོང་ཉིད་བསྒོམས་པ་ལ་བརྟེན་ནས་བདག་འཛིན་ཞི་བའམ་རྩ་མེད་དུ་འགྲོ་བས་གཞན་ཕན་གྱི་སེམས་པ་སྐྱེ་ལ་དེ་ནི་འཇིག་རྟེན་ལ་ཞི་བདེ་དང་ཀུན་སྤྱོད་བཟང་བོའི་རྒྱུ་རྐྱེན་ཉག་གཅིག་ཡིན་པས་སངས་རྒྱས་ཆོས་ལུགས་འདི་བོད་ཙམ་དུ་མ་ཟད་འཛམ་གླིང་ཟླུམ་པོ་འདིར་མཁོ་བ་ནི་བདེན་དོན་གྱིས་ཐག་བཅད་པ་ཞིག་རེད།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a70d བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23564152
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།