ནང་བསྟན་རྒྱུན་ཤེས། ༦
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »ནང་བསྟན་རྒྱུན་ཤེས། ༦
ནང་བསྟན་རྒྱུན་ཤེས། ༦
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-12-16ལྟ་ཀློག (4601)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ནང་བསྟན་རྒྱུན་ཤེས།

མཛད་པ་བོ། དགེ་རྒན་ཤེས་རབ་བསྟན་དར།

༥༧ བླ་མ་མཆོད་པ་ལ་རྒྱུ་ནོར་མེད་ན་ཇི་ལྟར་བྱེད།

ལན། བླ་མ་ལ་རྒྱུ་ནོར་གྱིས་མཆོད་པ་ལ་དགེ་མཚན་ཆེ་ནའང་རྒྱུ་ནོར་མེད་བཞིན་དུ་རྒྱུ་ནོར་དབུལ་དགོས་པའི་ངེས་པ་མེད། ཡིན་ནའང་རྒྱུ་ནོར་འབུལ་བའི་མཆོད་པ་ནི་དེ་འདྲའི་གལ་ཆེ་བ་ཞིག་མིན་ཏེ། མཆོད་པ་ཐམས་ཅད་ཀྱི་མཆོག་ནི་བཀའ་བཞིན་སྒྲུབ་པའི་མཆོད་པ་སྟེ་བླ་མའི་གསུང་བཞིན་ཉམས་ལེན་དང་བླང་དོར་བྱེད་པ་དེ་ཡིན་ནོ། །

༥༨ ཆོས་ལ་སློབ་པ་མཁས་པར་འགྱུར་བའི་ཆེད་དུ་ཡིན་ནམ།

ལན། མིན་ཏེ་ཆོས་ལ་སྦྱོང་བ་ནི་རང་གི་སེམས་ཇེ་བཟང་དུ་གཏོང་བའི་ཆེད་དུ་ཡིན་པ་ལས་མཁས་པར་འགྱུར་བ་གཙོ་བོ་མིན།

༥༩ ཆོས་ཀྱི་རྩ་བ་གང་ཡིན་ནམ།

ལན། ཆོས་ཀྱི་རྩ་་བ་སེམས་པ་ཡིན་ཏེ། སེམས་པ་བཟང་ན་ས་དང་ལམ་ཡང་བཟང་། །སེམས་པ་ངན་ན་ས་དང་ལམ་ཡང་ངན། །ཞེས་གསུངས་པས་སོ། །

༦༠ ལ་ལས་བསམ་པ་ངན་ན་སྐོར་བ་དང་ཁ་བཏོན་བྱས་ན་དགེ་བ་མེད་ཟེར་བ་བདེན་ནམ།

ལན། སྤྱིར་བསམ་པ་ངན་པ་ཞིག་ཡིན་རུང་ཁ་བཏོན་འདོན་འདོད་དང་དགེ་བ་བྱེད་འདོད་ཀྱི་བསམ་པ་དེ་དགེ་བ་ཡིན་ལ་མ་ཎི་འདོན་པའམ་སྐོར་བ་བྱས་ན་བཟང་སྙམ་པའི་བསམ་པ་དེ་དགེ་བ་ཡིན་ཞིང་བསམ་པ་ངན་ན་སྐོར་བ་བྱས་ནའང་མི་བཟང་བསམ་པ་དེ་མི་དགེ་བ་ཡིན་ལ་དམ་པའི་ཆོས་ཁྱད་དུ་གསོད་པའི་བསམ་པ་ཞིག་ཡིན་པས་ཉེས་པ་ཤིན་ཏུ་ཆེ་བས་སེམས་ངན་གྱིས་སྐོར་བ་དང་ཁ་བཏོན་དང་དགེ་བ་བྱས་ན་ཕན་པ་མེད་ཟེར་བ་ནི་བླུན་གཏམ་ཤ་སྟག་ཡིན་ནོ། །

༦༡ འོ་ན་ལ་ལས་བསམ་པ་བཟང་ན་ཁ་བཏོན་སོགས་བྱེད་མི་དགོས་ཟེར་བ་དེ་འགྲིག་གམ།

ལན། དེ་ཡང་མི་འགྲིག་སྟེ་སྤྱིར་བསམ་པ་བཟང་བ་ནི་ཤིན་ཏུ་གལ་ཆེ་ལ་བསམ་པ་བཟང་བོས་ཁ་བཏོན་དང་དགེ་སྦྱོར་བྱས་ན་དེ་བས་ཀྱང་ཚོགས་རྒྱ་ཆེན་པོ་གསག་པར་འགྱུར་བས་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །

༦༢ ཆོས་ལ་བཟང་ངན་ཡོད་དམ།

ལན། ཆོས་ལ་བཟང་ངན་འབྱེད་པ་ནི་ཆོས་སྤོང་གི་ལས་གསོག་པར་བྱེད་པའི་བྱ་བ་ངན་པ་ཞིག་རེད།

༦༣ ཆོས་སྤོང་གི་ལས་ལ་ཉེས་པ་གང་ཞིག་ཡོད་དམ།

ལན། དེ་ལ་ཉེས་པ་ཤིན་ཏུ་ཆེ་སྟེ་འཇིག་རྟེན་གྱི་དགྲ་བཅོམ་པ་ཐམས་ཅད་བསད་ཅིང་མཆོད་རྟེན་ཐམས་ཅད་བཤིག་པའི་ཉེས་པ་དེ་ཆོས་སྤོང་གི་ལས་གཅིག་གི་ཆ་ཤས་ལའང་མི་དོ་གསུངས།

༦༤ ཆོས་བཤད་ནས་ཉམས་སུ་མ་བླངས་ན་ཆོག་གམ།

ལན། མི་ཆོག་སྟེ། ཁ་བཤད་ཆོས་ཀྱིས་སངས་མི་རྒྱས། །གཤོག་མེད་བྱ་ཡིས་འཕུར་མི་ནུས། །སྨིག་རྒྱུ་ཆུ་ཡིས་སྐོམ་མི་སོད། །ཞེས་གསུངས་པས་སོ། །

༦༥ སྤྱང་ཀིའི་རྣ་བར་ཆོས་བཤད་ཅེས་པའི་རྒྱུ་མཚན་གང་།

ལན། སྔོན་སྤྱང་ཀི་ཞིག་ལ་སྡིག་པ་བྱེད་མི་རུང་བའི་ཆོས་བཤད་པའི་དུས་སྤྱང་ཀིའི་མིག་ལམ་དུ་ར་མ་ཞིག་མངོན་པས་སྤྱང་ཀིས་ཁྱོད་ཀྱིས་ཆོས་བཤད་ནས་ཚར་གྱིན་ཡོད་དམ། ང་ལ་གསད་རྒྱུ་ཞིག་ཐོན་བྱུང་ཟེར། དེས་ཆོས་ཉན་རུང་ལག་ལེན་དུ་མ་བཏབ་ན་ཕན་མི་ཐོགས་པའི་དོན་དེ་གསལ་བཤད་བྱས་ཡོད་དོ། །

༦༦ཆོས་སྒྲུབ་པ་ལྷར་སྐྱེ་བའི་ཆེད་དུ་ཡིན་ནམ།

ལན། ཆོས་སྒྲུབ་པ་ནི་ཐར་བ་འཐོབ་པའི་ཆེད་དུ་ཡིན་བསམ་པ་ལས་ལྷར་སྐྱེ་བའི་ཆེད་དུ་བསམ་ན་ཆོས་རྣམ་དག་ཅིག་མི་ཡོང་ངོ་། །

༦༧ མི་དགེ་བ་བཅུ་བོ་གང་དག་ཡིན་ནམ།

ལན། སྲོག་གཅོད་དང་། མ་བྱིན་ལེན། ལོག་གཡེམ་སྟེ་ལུས་ཀྱི་སྒོ་ནས་གསུམ། རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་སྟེ་ངག་གི་སྒོ་ནས་བཞི། བརྣབ་སེམས། གནོད་སེམས་ལོག་ལྟ་སྟེ་ཡིད་ཀྱི་སྒོ་ནས་གསུམ་སྟེ་བཅུ་བོ་དེ་ཡིན་ནོ། །

༦༨ དགེ་བ་བཅུ་བོ་གང་ཡིན་ནམ།

ལན། མི་དགེ་བ་བཅུ་བོའི་ལྡོག་ཟླ་སྟེ། སྲོག་མི་གཅོད་པ་ལ་སོགས་པ་བཅུའོ། །

༦༩ འོ་ན་སྲོག་གཅོད་པ་གང་ཡིན།

ལན། རང་དང་ཐ་དད་དུ་གྱུར་བའི་སེམས་ཅན་གཞན་གསོད་པ་དེ་ཡིན་ནོ། །

༧༠ མི་མང་བོས་སྲོག་ཆགས་གཅིག་བསད་ན་མི་གཅིག་གིས་བསད་པ་ལས་ཡང་ངམ།

ལན། མི་གཅིག་གིས་སྲོག་ཆགས་གཅིག་བསད་ནའང་སྡིག་པ་གཅིག་འབྱུང་ལ་མི་མང་བོས་སྲོག་ཆགས་གཅིག་བསད་ནའང་མི་རེར་སྡིག་པ་གཅིག་རེ་འབྱུང་ངོ་། །

༧༡ རང་སྲོག་གཅོད་ཆོག་གམ།

 ལན། མི་ཆོག་སྟེ་རང་སྲོག་གཅོད་པ་ལ་དངོས་གཞིའི་སྡིག་པ་མེད་ཀྱང་སྦྱོར་བའི་སྡིག་པ་ཤིན་ཏུ་ཆེའོ། །

༧༢ འོ་ན་རང་གིས་དེ་སོད་ཅེས་བཤད་དེ་གཞན་གྱིས་དེ་བསད་ན་སྡིག་པ་འབྱུང་ངམ།

ལན། འབྱུང་སྟེ། དེ་གསོད་པའི་གྲོས་ནང་དུ་ཐེ་ནའང་སྡིག་པ་འབྱུང་ལ་དཔེར་ན་དམག་གྲོས་སུ་ཞུགས་ཏེ་དམག་སོང་ནས་མི་དུ་བསད་ན་རང་ལ་མི་བསད་པའི་སྡིག་པ་དེ་འདྲ་འབྱུང་ངོ་། །

༧༣ ལ་ལས་གཞན་ལ་ཁྱོད་ཀྱིས་སྲོག་ཆོད་དང་སྡིག་པ་ངས་འཁུར་ཟེར་བ་འགྲིག་གམ།

ལན། དེ་ནི་མི་འགྲིག་སྟེ་དེ་ལྟར་སྲོག་བཅད་ན་སྲོག་གཅོད་མཁན་དང་དེ་ལྟར་བྱེད་མཁན་གཉིས་ལ་སྲོག་བཅད་པའི་ལས་རེ་འབྱུང་བ་ལས་དེ་གཞན་གྱིས་དེ་ལྟར་བཤད་པས་འཁྱེར་ཐུབ་པ་ཞིག་མ་ཡིན་ནོ། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504115
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།