ནང་བསྟན་རྒྱུན་ཤེས། ༣
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »ནང་བསྟན་རྒྱུན་ཤེས། ༣
ནང་བསྟན་རྒྱུན་ཤེས། ༣
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-12-07ལྟ་ཀློག (4156)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ནང་བསྟན་རྒྱུན་ཤེས། ༣

མཛད་པ་བོ། ཤེས་རབ་བསྟན་དར།

༢༤ སྐྱབས་འགྲོ་ཞེས་པའི་དོན་ཅི།

ལན། སྐྱབས་འགྲོ་ནི་དཀོན་མཆོག་གསུམ་སྐྱབས་སུ་བཟུང་སྟེ་རང་ཉིད་འཁོར་བ་དང་། ངན་སོང་ལས་བསྐྱབ་པའི་ཆེད་དུ་དཀོན་མཆོག་གསུམ་བརྟེན་པའི་དོན་ཡིན་པས་སྐྱབས་འགྲོ་ཞེས་པ་སེམས་གཏིང་ནས་སྐྱེ་དགོས་པ་ཞིག་ཡིན།

༢༥ འོ་ན་ང་ཚོས་རྒྱུན་དུ་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་འདོན་པ་དེ་སྐྱབས་འགྲོ་མིན་ནམ།

ལན། དེ་ནི་སྐྱབས་འགྲོའི་ཚིག་ཡིན་པ་ལས་སྐྱབས་འགྲོ་དངོས་མིན། ང་ཚོས་དེ་ལྟར་ཚིག་འདོན་པའི་རྒྱུ་མཚན་ནི་རང་གི་སྐྱབས་སུ་འགྲོ་བའི་བློ་ཇེ་གསལ་དུ་གཏོང་བའི་ཆེད་དུ་ཡིན།

༢༦དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་རྒྱུ་མཚན་གང་།

ལན། རང་ཉིད་འཁོར་བའམ་ངན་སོང་གི་སྡུག་བསྔལ་གྱིས་མནར་ཚུལ་ལ་ཡིད་སྐྱོ་ནས་དེ་ལས་ཐར་བའི་ཆེད་དུ་དཀོན་མཆོག་གསུམ་ལ་བློ་འགེལ་བ་ནི་སྐྱབས་སུ་འགྲོ་ཚུལ་ཡིན།

༢༧ འོ་ན་དཀོན་མཆོག་གསུམ་གྱིས་ང་ཚོ་ཇི་ལྟར་སྐྱོབ་པ་ཡིན།

ལན། སངས་རྒྱས་ཀྱིས་ང་ཚོ་ཇི་ལྟར་བྱས་ན་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐབས་སྟོན་པ་དང་། དེ་བཞིན་ཐབས་སམ་ཆོས་དེ་ང་ཚོས་ཇི་ལྟ་བ་བཞིན་ཉམས་སུ་བླངས་པས་སྐྱོབ་པ་ཡིན་ལ། དེ་ཉམས་སུ་ལེན་པ་ལ་དགེ་འདུན་དཀོན་མཆོག་གིས་གྲོགས་བྱེད་པ་ཡིན། དེ་བས་སངས་རྒྱས་སྐྱབས་སྟོན་པ་བོ། ཆོས་སྐྱབས་དངོས། དགེ་འདུན་སྐྱབས་སྒྲུབ་པའི་ཟླ་གྲོགས་ཞེས་ཟེར་རོ། །

༢༨ དཀོན་མཆོ་གསུམ་ལ་སྐྱབས་སུ་སོང་ན་སྐྱབས་སུ་འགྲོ་མཁན་གྱི་བསྲུང་བྱ་ཨེ་ཡོད།

ལན། ཡོད་དེ། དེ་ལ་བསྒྲུབ་དགོས་པའི་བསྒྲུབ་པའི་བསླབ་བྱ་ཞིག་དང་། བསྒྲུབ་མི་རུང་བའི་དགག་པའི་བསླབ་བྱ་ཞེས་པ་དང་གཉིས་ཡོད།

༢༩ སྐྱབས་སུ་འགྲོ་བ་ལ་བསླབ་བྱ་ཞིག་དགོས་དོན་ཅི།

ལན། དཔེར་ན། རྒྱལ་བོ་ཞིག་གི་སྐྱབས་འོག་ནས་བྲོས་ཏེ་རྒྱལ་བོ་གཞན་པ་ཞིག་གི་སྐྱབས་འོག་ཏུ་འགྲོ་ན་ངེས་པར་དེའི་ཁྲིམས་བརྩི་དགོས་ལ་དེ་མ་བརྩིས་ན་རྒྱལ་བོ་དེས་ཀྱང་སྐྱོབ་དཀའ་བ་བཞིན་ནོ། །

༣༠ འོ་ན་བསྒྲུབ་པའི་བསླབ་བྱ་ཞེས་པ་གང་དག་ཡིན།

ལན། བཟོ་ཉེས་རྒྱུ་ཚོགས་ཞན་པའི་སྐུ་གཟུགས་ལའང་སངས་རྒྱས་དངོས་ལྟར་བཟུང་ནས་བཀུར་བསྟིའི་ཞིང་དུ་བྱེད་པ། དམ་པའི་ཆོས་ཀྱི་ཡིག་འབྲུ་གཅིག་ལའང་ཆོས་དངོས་ལྟར་གུས་པ་བྱེད་པ། ལྷན་པ་སྟེ་དགེ་འདུན་གྱི་ན་བཟའ་སེར་བོ་ཙམ་ལའང་དགེ་འདུན་དངོས་ལྟར་གུས་པ་བྱེད་པ་བཅས་སོ། །

༣༡ འོ་ན་དགག་པའི་བསླབ་བྱ་ཞེས་པ་གང་ཡིན།

ལན། འཇིག་རྟེན་པའི་ལྷ་ཀླུ་གཞི་བདག་སྐྱབས་སུ་མི་འཛིན་པ། གཞན་ལ་གནོད་འཚེ་སྤང་བ། དཀོན་མཆོག་གསུམ་ལ་ཡིད་ཆེས་མི་བྱེད་པ་དང་སྐུར་བ་འདེབས་པ་རྣམས་དང་མཐུན་པར་མི་བྱེད་པའོ། །

༣༢ ཆོས་སྐྱོང་སྲུང་མ་ལ་འཇིག་རྟེན་པ་དང་ཡེ་ཤེས་པ་གཉིས་ཀྱི་ཁྱད་པར་གང་།

ལན། གང་ཉིད་ཀྱང་འཁོར་བ་ལ་འཆིང་བའི་སྲུང་མ་ཡིན་ན་འཇིག་རྟེན་པ་ཡིན་པས་ཕྱི་མའི་སྐྱབས་གནས་མེད་མོད་འཕགས་ལམ་ཐོབ་པ་ཞིག་ཡིན་ན་འཇིག་རྟེན་ལས་འདས་པ་སྟེ་ཡེ་ཤེས་པ་ཡིན་ནོ། །

༣༣ གཞི་བདག་ཅེས་པ་ཅི་ཡིན།

ལན། གཞི་བདག་ཅེས་པ་ནི་མི་མ་ཡིན་ཏེ་གནས་ཡུལ་ག་གེ་མོ་བདག་ཏུ་བཟུང་བའི་ཡི་དྭགས་ཀྱི་ཁོངས་སུ་གཏོགས་ལ་མི་ལས་དམན་པའི་ལུས་རྟེན་ཅན་ཞིག་ཡིན།

༣༤ གཞི་བདག་ལ་ཕྱག་འཚལ་རུང་ངམ། 

ལན། ནང་བ་བ་ཞིག་ཡིན་ཕྱིན་གཞི་བདག་སོགས་ལ་ཕྱག་འཚལ་མི་རུང་སྟེ་དེ་ལ་ཕྱག་འཚལ་ནས་སྐྱབས་སུ་བཟུང་ན་སྡོམ་ལྡན་ཞིག་ཡིན་ན་སྡོམ་པ་ཤོར་འགྲོ། གཞན་སུ་ཡིན་རུང་རང་ཉིད་ནང་བ་བ་ཞིག་མ་ཡིན་པར་འགྱུར་རོ། ། 

༣༥ ལྷ་ལ་སྐྱབས་སུ་སོང་ན་ཆོག་གམ།

ལན། འགྲོ་བ་རིགས་དྲུག་གི་ལྷ་ཡང་འཁོར་བ་བ་ཡིན་པས་སྐྱབས་སུ་འགྲོ་མི་རུང་ལ་སོང་ན་ཡང་སྐྱོབ་མི་ནུས་སོ། ། 

མུ་འགོད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530189
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།