གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། » གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་གསར་འགྱུར།
གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་གསར་འགྱུར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-12-04ལྟ་ཀློག (3415)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །  གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་གསར་འགྱུར།    


   ད་ལོ་ནི་དཔའ་ལུང་བ་ཨ་ཁུ་ཤེས་རབ་རྒྱ་མཚོས་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཡན་ལག་ཐོག་མ་སྟེ་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭར་མཚོན་ན་ཀྱག་ཀྱོག་དང་དཀའ་སྡུག་གི་ཁྲོད་ནས་ནར་སོན་ཏེ་བགྲང་བྱ་བཅུ་འཁོར་བའི་བཀྲ་ཤིས་པའི་དུས་སྟོན་གཟབ་རྒྱས་ཤིག་སྤེལ་བའི་ཉིན་མོ་ཡིན་ལ། ཡང་གཅིག་བཤད་ན་སློབ་གྲྭའི་ཐུན་མིན་གྱི་ཁྱད་ཆོས་ཏེ་ཤེས་རིག་འགྲན་གླེང་སྤེལ་ནས་སྐབས་བརྒྱ་བར་སོན་པའི་རྟེན་འབྲེལ་རིག་རྩལ་དུས་སྟོན་གྱི་ཉིན་མོ་ཞིག་ཀྱང་ཡིན། སློབ་གྲྭ་ཞིག་ལ་མཚོན་ན་ཤེས་རིག་འགྲན་གླེང་ཞེས་པའི་བྱ་འགུལ་འདི་ཉིད་ཅིས་ཀྱང་དགོས་ངེས་ཤིག་དང་།  དགེ་སློབ་ཐུན་མོང་ལ་མཚོན་ན་སློབ་སྦྱོང་གི་གར་སྟེགས་མཐོ་ཤོས་ཤིག་རེད་ཅེས་བཤད་ན་མི་ཆོག་པ་ཅི་ཡང་མེད། དེའི་ཕྱིར། གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭས་སློབ་མའི་སེམས་ཁམས་བདེ་ཐང་དང་ལུས་ཕུང་སྦྱོང་བརྡར། སྤོབས་པ་སོགས་སྐྱེད་བསྲིང་བྱེད་ཆེད་ཐབས་ལམ་འདི་འདྲ་གཉེར་ནས་ཤེས་རིག་འགྲན་གླེང་སྐབས་བརྒྱ་བ་འཚོགས་ཐུབ་པར་ཡིད་ཆེས་དང་སྤྲོ་བ་བླ་ལྷག་སྟེར་བར་མ་ཟད།  འདི་ནི་ཆེས་མཐོ་བའི་སློབ་གྲྭའི་ཤེས་རིག་གར་སྟེགས་གཅིག་པུ་དེ་གྱུར་ཡོད།  ཤེས་རིག་འགྲན་གླེང་འདིར་རྣམ་གྲངས་དུ་མ་ཡོད་དེ། རྩོད་རིགས།  སྐབ་བབས་སྦྱང་བྱ། ལོ་རྒྱུས་ཤེས་བྱ། སྐད་རིགས་འགྲན་སྡུར། ཐ་སྙད་འགྲན་སྡུར། ཡིག་གཟུགས་འགྲན་སྡུར། ཁ་ལྕེ་གང་མྱུར། རྒྱན་གྱི་རྒྱལ་བོ། ཁ་མཚར་གད་མོ། གླུ་དང་རྡུང་ལེན་གླུ་དབྱངས་སོགས་ཅུང་སྣ་འཛོམས་རང་བཞིན་ཅན་གྱི་ཤེས་རིག་གིའགྲན་སྡུར་ཆེན་མོ་ཞིག་ཡིན། ད་ཐེངས་འདི་ལྟར་ཤེས་རིག་འགྲན་གླེང་སྐབས་བརྒྱ་བ་སྔར་ལས་ཀྱང་གཞི་རྒྱ་ཆེར་བསྐྱེད་དེ་གཟབ་རྒྱས་ཤིག་འཚོགས་ཐུབ་པར་མ་ཟད་ཚོགས་ཐོག་ཏུ་སློབ་གཙོ་ཤེས་རབ་རྒྱ་མཚོས་གསུང་བཤད་གནང་། 

ཐེངས་འདིའི་འགྲན་སྡུར་ཁྲོད་ཀྱི་བྱ་དགའི་གོ་རིམ་ནི། 

ཨང་དང་བོ།  ལོ་རིམ་དྲུག་པ།  
ཨང་གཉིས་པ།  ལོ་རིམ་གསུམ་པ། 
ཨང་གསུམ་པ།    ལོ་རིམ་བཞི་བ། 
རྟིང་སྐུལ་བྱ་དགའ།   ལོ་རིམ་ལྔ་བ་བཅས་ལ་སློབ་གཙོ་ཁོང་གིས་བྱ་དགའ་གནང་། མཐར་དགེ་སློབ་ཡོངས་ཀྱིས་སློབ་གླུ་སིང་སིང་བ་ཞིག་བླངས་ནས་མཇུག་ལེགས་པར་བསྒྲིལ་ཏོ། ། 

 



འཕྲིན་གཏོང་བ།  སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ་རྒྱ་འདུ་སངས་རྒྱས།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505622
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།