བོད་ཀྱི་སློབ་གཙོ་ཞིག་གི་གཏམ་བཤད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་འཇིགས་མེད་རྒྱལ་མཚན། »བོད་ཀྱི་སློབ་གཙོ་ཞིག་གི་གཏམ་བཤད།
བོད་ཀྱི་སློབ་གཙོ་ཞིག་གི་གཏམ་བཤད།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-12-02ལྟ་ཀློག (6727)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་སློབ་གཙོ་ཞིག་གི་གཏམ་བཤད།

   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་འཇིགས་མེད་རྒྱལ་མཚན་མཆོག་གིས།

  ༡ ཐོག་མར་ཁྱོད་རང་སློབ་གྲྭ་འདིར་ཞུགས་པ་ལ་དགའ་བསུ་བྱེད། ཁྱོད་ཀྱིས་ཀྱང་རང་ཉིད་སློབ་གྲྭ་འདིར་ཅི་བྱེད་དུ་ཡོང་བ་དེ་རྒྱུན་དུ་དྲན་པར་གྱིས། ང་ཚོའི་སློབ་གྲྭ་འདིར་མི་ཚད་ལྡན་ཞིག་དང་། བོད་མི་རིགས་ཀྱི་མ་འོངས་པའི་བདག་པོ་སྟེ། རང་གི་རིག་གནས་ལ་དགའ་ཞིང་རང་གི་མི་རིགས་ལ་དུང་བའི་མི་ཞིག་སྐྱེད་སྲིང་བྱེད་པ་ལས། རྒྱལ་ཁབ་ཀྱི་གཞུང་ལྟ་བུ་སོགས་གཞན་ལ་ཚེ་གཡོག་བྱས་ཏེ་རང་ཁ་ཙམ་གསོ་བའི་མི་དེའི་རིགས་སྐྱེད་སྲིང་བྱེད་རྒྱུ་མིན་པས། གལ་ཏེ་ཁྱོད་ལ་དེ་ཙམ་གྱི་དམིགས་ཡུལ་མ་གཏོགས་མེད་ན་དེ་རིང་ནས་སློབ་གྲྭ་འདིར་མ་ཞུགས་པར་སྔ་མོ་ནས་ཕྱིར་ཕེབས་པར་རེ་བ་ཞུ།

  ༢ སློབ་མ་སུ་ཡིན་ཡང་ང་ཚོའི་སློབ་གྲྭ་འདིར་ཞུགས་པ་ན་ཐོག་མར་རང་རང་གིས་དམ་བཅའི་ཡི་གེ་རེ་འབྲི་དགོས། དེ་ནས་མ་འོངས་པ་ན་མཐར་ཕྱིན་ཁར་སླར་ཡང་དམ་བཅའི་ཡི་གེ་རེ་འབྲི་དགོས་ལ། ང་ཚོས་དེ་ལ་ཆེ་ལོང་ཞིག་བརྟག་སྟེ་ཁྱོད་ཀྱི་མི་ཚེའི་འགྱུར་ལྡོག་དང་རང་གི་སློབ་གསོའི་གྲུབ་འབྲས་འཚོལ་དགོས། རྗེས་སུ་ཁྱོད་ཀྱིས་ཀྱང་རང་གི་དང་མའི་དམ་བཅའ་དེ་ལ་བལྟས་ཏེ་རང་གིས་རང་ལ་རྒྱུགས་ཤིག་བླང་ཆོག

 ༣ ཁྱོད་ཚོ་ཚང་མ་བོད་མི་རིགས་ཀྱི་མ་འོངས་པའི་བདག་པོ་ཡིན། མི་ལོ་དུ་མའི་རྗེས་སུ་མི་རིགས་འདིའི་དར་རྒུད་ཀྱི་འགན་ཁྱོད་ཚོས་མི་ལེན་པར་གཞན་སུས་ལེན། ང་ཚོ་རིམ་གྱིས་རྒས་ནས་འགྲོ་དགོས་ལ་ཁྱོད་ཚོ་རིམ་གྱིས་སྐྱེས་ནས་ཡོང་དགོས་པ་ཆོས་ཉིད་རེད། དེའི་རྐྱེན་གྱིས་ཁྱོད་ཚོས་ད་ལྟ་ནས་དེའི་ཕྱོགས་ལ་བསམ་བློ་བཏང་སྟེ། གྲ་སྒྲིག་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་དགོས། མ་འོངས་པ་ན་གཞན་ལ་ལེ་བདའ་མེད་པའི་སྒོ་ནས་རང་གི་མི་རིགས་ལ་ཞབས་ཞུ་བསྒྲུབ་དགོས།

 ༤ གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་འདི་ཐོག་མར་འཛུགས་མཁན་ང་ཡིན་ཡང་འདི་ནི་ང་མི་སྒེར་གྱི་མིན། འུ་ཅག་ཚང་མའི་ཡིན་པས། མ་འོངས་པ་ན་སློབ་གྲྭ་འདིའི་དར་རྒུད་སྐྱིད་སྡུག་ཐམས་ཅད་ཁྱོད་ཚོ་དང་འབྲེལ་ནས་ཡོད། ང་བླ་རྒན་ཞིག་གིས་འདི་འཁྱེར་ནས་འགྲོ་ས་མེད། འདི་ནི་ང་ཚོས་བོད་མི་རིགས་ལ་བཞག་པ་ཡིན་པས། འདིའི་བདག་པོ་བོད་མི་ཡོངས་རྫོགས་ཡིན་ལ། དེའི་ནང་ནས་ཀྱང་ཁྱོད་ཚོས་འདི་དར་རྒྱས་སུ་གཏོང་དགོས།

 ༥ ད་ལྟ་ང་ཚོའི་མི་རིགས་ལ་མཁོ་བ་ནི་འཕེལ་རྒྱས་དང་མཐུན་སྒྲིལ་ཡིན་གྱི་ནང་འཁྲུག་དང་རྩོད་གླེང་མིན། དེ་བས་ཐམས་ཅད་ཀྱིས་འབད་བརྩོན་བྱེད་སའི་དམིགས་ཡུལ་ནོར་མི་རུང་། རང་གི་མི་རིགས་དང་རིག་གནས་འདི་ལ་ཞབས་ཞུ་སྒྲུབ་མ་ཐུབ་ཀྱང་ཞབས་འདྲེན་མི་བྱེད་པའི་རེ་བ་ཞུ།

 ༦ ཁྱིམ་དུ་སོང་ནས་རང་གི་ཕ་མ་དང་རྒན་རྒོན་ལ་བརྩི་བཀུར་བྱེད་པའི་སྤྱོད་བཟང་རྒྱུན་འཁྱོངས་བྱོས། དུས་རྒྱུན་དུ་གཞན་ལ་རོགས་བྱས་ཏེ་ཡིག་རྨོངས་སེལ་བའི་བྱ་བ་ལྟ་བུ་རེ་ཡིན་ཡང་སྒྲུབ་ཐུབ་ན་རབ་རེད། བྱ་བ་ཆུང་ཆུང་གི་སྟེང་ནས་འགོ་བརྩམས་ཏེ་མི་རིགས་ཀྱི་ལས་དོན་དེ་རང་གི་ཕྲག་ཏུ་ལེན་རྒྱུ་འདི་ལ་གོམས་སུ་འཇུག་དགོས།

༧ མདོར་ན་ཐམས་ཅད་ཀྱི་བསམ་པ་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ། གྱི་ལིང་འཇིགས་མེད་ཀྱིས་ཁོང་གི་གསུང་བཤད་ཚན་པ་འགའ་ཡི་གེར་སྤེལ་བ་ཡིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41t7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བོད་ཀྱི་སློབ་གཙོ་ཞིག་གི་གཏམ་བཤད།   སྤེལ་མཁན།: ཞལ་ཤུལ། བློ་ཡི་བྱེད་པོ། སྤེལ་དུས:2016/7/22
ངོ་མ་དོན་སྙིང་ལྡན་པའི་གསུང་རེད། k
  བོད་ཀྱི་སློབ་གཙོ་ཞིག་གི་གཏམ་བཤད།   སྤེལ་མཁན།:  སྤེལ་དུས:2016/7/22
ངོ་མ་དོན་སྙིང་ལྡན་པ་ཞིག་གསུངས་འདུག
  བོད་ཀྱི་སློབ་གཙོ་ཞིག་གི་གཏམ་བཤད།   སྤེལ་མཁན།: རི་སྐྱེས་པ། སྤེལ་དུས:2015/12/2
རྒན་ལགས་སྐུ་ཚེ་བརྟན།
ciprofloxacin side effects joint pain ciprofloxacin 500mg antibiotics ciprofloxacin 250 mg uses
prescription discount codes rite aid photo coupon code rx discounts
prescription discount card open pharmacy card discount
furosemide keflex 500mg zovirax 200mg
ventolin 4mg read cipro 250mg
gabapentin 300mg link sildenafil citrate 50mg
tretinoin open cipro pill
prednisolone 20 mg posologie waltersgarage.com prednisolone 20 mg posologie
  བོད་ཀྱི་སློབ་གཙོ་ཞིག་གི་གཏམ་བཤད།   སྤེལ་མཁན།: གཡུ། སྤེལ་དུས:2015/12/2
རྒན་ལགས་ལ་ནམ་ཡང་བཀའ་དྲིན་ཆེ་ཞུ།
walgreens coupon code photos link walgreens photo coupon in store printable
free drug coupons free with coupons walgreens new prescription coupon
internet drug coupons open coupon for prescriptions
printable prescription drug coupons totspub.com coupons for medications
gabapentin 300mg link sildenafil citrate 50mg
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23530355
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།