​རྩོད་པ་བྱེད་ཚུལ་གྱི་བསླབ་བྱ་བཞུགས་སོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »​རྩོད་པ་བྱེད་ཚུལ་གྱི་བསླབ་བྱ་བཞུགས་སོ།།
​རྩོད་པ་བྱེད་ཚུལ་གྱི་བསླབ་བྱ་བཞུགས་སོ།།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-11-30ལྟ་ཀློག (5528)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


  རྩོད་པ་བྱེད་ཚུལ་གྱི་བསླབ་བྱ་བཞུགས་སོ།།

ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་མཛད།
ངག་གི་དབང་ཕྱུག་བླ་མ་ལྷག་པའི་ལྷར།།
གུས་པས་བཏུད་ནས་རྩོད་པར་མཁས་པའི་རྒྱུ།།
མཛེས་པའི་རྒྱན་དང་རྩོད་པའི་བསམ་པ་དང་།།
རྩོད་པའི་དཔེ་སོགས་ཚད་མའི་གཞུང་བཞིན་བྲི།།

སྐྱེས་པའི་ཐོབ་པའི་ཤེས་རབ་ཆེ་བ་དང་།།
སྒྲ་དང་ཚད་མ་དག་ལ་སྦྱངས་པ་དང་།།
རང་གཞན་གཞུང་ལ་ལེགས་པར་སྦྱངས་པ་རྣམས།།
རྩོད་ལ་མཁས་པའི་རྒྱུ་གསུམ་ཡིན་པར་བཤད།།

བཞིན་གྱི་དཀྱིལ་འཁོར་འཛུམ་པའི་མདངས་དང་ལྡན།།
དོན་ལྡན་གསལ་ལ་འཇམ་པའི་ངག་དང་ལྡན།།
སྒྱིད་ལུག་པ་དང་ངལ་བ་མེད་པ་རྣམས།།
རྩོད་པ་མཛེས་པའི་རྒྱན་གསུམ་ཡིན་པར་གསུངས།།

ཕ་རོལ་དམའ་བར་འདོད་པའི་ཞེ་སྡང་དང་།།
རང་ཉིད་མཐོ་བར་འདོད་པའི་འདོད་ཆགས་དང་།།
རིགས་ལམ་འདོར་བར་འདོད་པའི་གཡོ་སྒྱུ་རྣམས།།
རྩོད་པའི་བསམ་པ་ཐ་ཤལ་ཡིན་པར་བཤད།།

རང་གིས་དོན་དེ་རྟོགས་འདོད་གུས་པ་དང་།།
གཞན་གྱི་ལོག་རྟོག་སེལ་འདོད་སྙིང་རྗེ་དང་།།
ཕ་རོལ་པོ་ལ་ཟབ་དོན་བསྟན་འདོད་པའི།།
བྱམས་པ་རྣམས་ནི་བསམ་པ་ཕུལ་བྱུང་ཡིན།།

དགྲ་བོས་གཏུགས་པ་ལྟ་བུའི་བརྟབ་པའི་ཚིག།
མཚོན་ཆ་གདེངས་པ་ལྟ་བུར་བཞིན་འགྱུར་ཞིང་།།
ཤ་ཟས་ཐེབས་ལྟར་ང་རོ་མི་སྙན་སྒྲོག།
འདི་རྣམས་རྩོད་པ་ངན་པའི་དཔེ་རུ་བཤད།།

རང་གཞན་གཏི་མུག་གཅོད་པའི་འཁོར་ལོ་བཞིན།།
སུན་འབྱིན་རླུང་གིས་མི་གཡོ་ལྷུན་པོ་བཞིན།།
ཚིག་དང་དོན་ལ་མ་རྨོངས་ཐུབ་པའི་སྲས།།
འདི་རྣམས་རྣམ་དག་རྩོད་པའི་དཔེ་རུ་གསུངས།།

རང་རྒྱུད་ཉོན་མོངས་པ་ཡིས་དཀྲུགས་པ་དང་།།
སྐྱེ་བོ་མང་བོས་སྨོད་པར་བྱེད་པ་དང་།།
ཚེ་རབས་གཞན་དུ་རྣམ་སྨིན་ཡིད་མི་འོང་།།
མྱོང་རྣམས་མ་དག་རྩོད་པའི་འབྲས་བུ་ཡིན།།

རྟོགས་པ་འཕེལ་ནས་རང་རྒྱུད་ཚིམ་པ་དང་།།
སྙན་པའི་གྲགས་པ་ཕྱོགས་ཀུན་ཁྱབ་པ་དང་།།
བསྟན་པ་བསྲུང་བས་ཆོས་ཀྱི་རྒྱལ་བོ་རུ།།
འགྱུར་རྣམས་རྣམ་པར་དག་པའི་རྩོད་པའི་འབྲས།།

དེ་ལྟར་མ་དག་བསམ་པས་དགག་སྒྲུབ་ཀྱིས།།
འཁོར་བར་འཆིང་ཞིང་རྣམ་དག་བསམ་པ་ཡིས།།
གསུང་རབ་དགོངས་དོན་གཏན་ལ་འབེབས་པ་ནི།།
ཐུབ་བསྟན་འཛིན་མའི་ཚུལ་དུ་ཤེས་བྱས་ཏེ།།

གོང་དུ་བཤད་པའི་སྐྱོན་རྣམས་འདོར་བ་དང་།།
རྣམ་དཀར་བསམ་པས་ལུང་དང་རིགས་པ་ཡིས།།
ཐུབ་བསྟན་བྱི་དོར་བགྱིད་ལ་རྩེ་གཅིག་ཏུ།།
འབད་པས་རང་གཞན་དོན་ཆེན་སྒྲུབ་པར་བྱ།།

དེ་སྐད་སྨྲས་པ་འང་མང་ཐོས་བློ་མིག་ལྡན།།
རིགས་པའི་ལམ་ལ་བྱང་བའི་མཁས་མང་གིས།།
ནོར་འཛིན་ཁྱབ་ཅིང་སྨྲ་བ་ངན་པའི་ཚོགས།།
ཚར་བཅད་ཐུབ་བསྟན་རྒྱས་པའི་རྒྱུ་རུ་བསྔོ།།

      ཞེས་པ་འདི་ནི་རོང་ཆེན་བསྟན་པའི་སྒྲོན་མེ་སྐྱབས་མཆོག་ཀིརྟི་སྐུ་འཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་(ཅ)ལས་བཏུས་པའོ།།

 ཡི་གེ་ཕབ་བཤུ་བ་ཤ་བྲང་འབྲུག་ལྷ་རྒྱལ།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ​རྩོད་པ་བྱེད་ཚུལ་གྱི་བསླབ་བྱ་བཞུགས་སོ།།   སྤེལ་མཁན།: ཁ་གྱ་བ། སྤེལ་དུས:2015/11/3
ཤིན་ཏུ་ཡག་འདུག བཀའ་དྲིན་ཆེ།
free drug coupons open walgreens new prescription coupon
prescription discount coupons open discount drug coupon
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23541104
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།