གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་འཁྲུངས་སྟོན་གྱི་མཛད་སྒོ། ​
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་འཁྲུངས་སྟོན་གྱི་མཛད་སྒ
གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་འཁྲུངས་སྟོན་གྱི་མཛད་སྒོ། ​
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-11-26ལྟ་ཀློག (4000)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

 གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་འཁྲུངས་སྟོན་གྱི་མཛད་སྒོ། 

   ལོ་རེ་རེའི་ཧོར་ཟླ་བཅུ་བའི་ཚེས་བཅུ་གསུམ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཡན་ལག་སློབ་གྲྭ་ཐོག་མ་སྟེ་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་ལ། ད་ལོའི་ཧོར་ཟླ་བཅུ་བའི་ཚེས་བཅུ་གསུམ་ནི་བགྲང་བྱ་བཅུ་གཅིག་འཁོར་བའི་བཀྲ་ཤིས་ཀྱི་རྟེན་འབྲེལ་གྱི་ཉིན་མོ་ལ་འཁྲུངས་སྟོན་དུ་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་དང་ལྟད་མོ་བ་མང་དུ་འདུས་པར་མ་ཟད། སློབ་གྲྭའི་འཁྲུངས་སྟོན་ལ་ཆེད་དུ་བོད་ཀྱི་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་མཆོག་དང་ལྡོང་ཡོན་ཏན་གཙོས་སྐྱེས་ཆེན་དུ་མ་དང་། མཐར་ཕྱིན་སློབ་མ་སོགས་ཀྱིས་འཕྲིན་ཡིག་གི་ལམ་ནས་ཤིས་ཚིག་ཕུལ།སློབ་གཙོ་ཤེས་རབ་རྒྱ་མཚོས་ཐོག་མའི་གཏམ་བཤད་གནང་བར་མ་ཟད་བིས་མདོ་བྱམས་སྐྱོང་བྱིས་པའི་སློབ་གྲྭའི་སློབ་གྲྭའི་སློབ་གཙོ་ཨ་ཁུ་དངོས་གྲུབ་མཆོག་གིས་རེ་བ་དང་ཡིད་ཆེས། མཐུན་སྒྲིལ་སྐོར་གྱི་གསུང་བཤད་ཉིང་བསྡུས་གནང་སྟེ་ཐོག་མའི་རིག་རྩལ་གྱི་བྱ་འགུལ་དངོས་སུ་སྤེལ། རིག་རྩལ་གྱི་རྣམ་གྲངས་སུམ་ཅུར་ཉེ་བ་ཙམ་གྲ་སྒྲིག་གང་ལེགས་བྱས་པ་ཉིན་མོའི་རིག་རྩལ་དང་མཚན་མོའི་རིག་རྩལ་གྱི་ཆ་གཉིས་སུ་བགོས་པར་མ་ཟད་གླུ་དང་རྡུང་ལེན། ཞབས་བྲོ། ཁ་ཤགས། ཨ་རྩེད། གླུ་དབྱངས་སོགས་གྱ་ནོམ་པ་ཕུལ་བས་དགེ་སློབ་སྤྱི་དང་མང་ཚོགས། ཁྱིམ་བདག་རྣམས་ལ་སྤྲོ་བ་ཆེས་ཆེར་སྟེར་བས་བསྔགས་བརྗོད་ཚད་མེད་གནང་། མཐར་སློབ་གྲྭའི་རིག་རྩལ་གཟབ་རྒྱས་ངང་མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་ངོས་ནས་འཁྲུངས་སྐར་བཅུ་གཅིག་པ་བསུས་ཏེ་མཚན་མོའི་ཆུ་ཚོད་བཅུའི་སྟེང་ཡོངས་སུ་མཇུག་སྒྲིལ་མགོ་བརྩམས།          

  



འཕྲིན་གཏོང་བ།  སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ་རྒྱ་འདུ་སངས་རྒྱས། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ljbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23669043
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།