​ཡིག་རིགས་དྲུག་ཅུ་རྩ་བཞིའི་རྣམ་གྲངས་བཞུགས་སོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »​ཡིག་རིགས་དྲུག་ཅུ་རྩ་བཞིའི་རྣམ་གྲངས་བཞུགས་སོ།།
​ཡིག་རིགས་དྲུག་ཅུ་རྩ་བཞིའི་རྣམ་གྲངས་བཞུགས་སོ།།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-11-25ལྟ་ཀློག (4023)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

ཡིག་རིགས་དྲུག་ཅུ་རྩ་བཞིའི་རྣམ་གྲངས་བཞུགས་སོ།།

མཁས་གྲུབ་ཐམས་ཅད་མཁྱེན་པས།

ཡིག་རིགས་དྲུག་ཅུ་རྩ་བཞི་སྟེ།།

ཚངས་པ་དང་ནི་ཁ་རོ་ཏི།།

པདྨའི་སྙིང་བོ་ཨཾ་ག་དང་།།

སང་ག་དང་ནི་མ་ག་ངྷཾ།།

བཀྲ་ཤིས་དང་ནི་སོར་མོ་དང་།།

ཤ་ཀ་དང་ཡ་བ་ནི།།

བག་ལེ་བ་དང་བ་རུ་ཤ།

འགྲོ་ལྡིང་བ་དང་ཀི་ར་ཏ།།

ལྷོ་ཕྱོགས་པ་དང་དྲག་ཤུལ་ཅན།།

གྲངས་ཡིག་དང་ནི་སྤྱིའི་བཙུགས།།

རྗེས་སུ་མཐུན་དང་འབྲུ་ཤ་དང་།།

ཁ་ཤ་དང་ནི་རྒྱ་ཡིག་དང་།།

སུ་ན་དང་ནི་ཧུ་ན་དང་།།

འབྲིང་རྒྱས་འབྲི་དང་རྒྱལ་དང་ནི།།

ལྷ་དང་ཀླུ་དང་གནོད་སྦྱིན་དང་།།

དྲི་ཟ་མིའམ་ཅི་ཡིག་དང་།།

ལྟོ་འཕྱེ་ལྷ་མིན་ནམ་མཁའ་ལྡིང་།།

རི་དྭགས་འཁོར་ལོ་བའི་ཡི་གེ།

ཁ་སྐད་ཤེས་པའི་ཡི་གེ་དང་།།

ས་བླ་དང་ནི་བར་སྣང་དང་།། 

བ་གླང་སྤྱོད་དང་སྒྲ་མི་སྙན།།

ལུས་འཕགས་གླིང་གི་ཡི་གེ་དང་།།

གདེག་དང་བཞག་དང་བསྣན་པ་དང་།།

རྒྱ་མཚོ་རྡོ་རྗེ་སྤྲིང་ཡིག་ལན།།

རྣམ་རྡོར་རིངས་མེད་བསྟན་བཅོས་སྐོར།།

རྩིས་བསྐོར་བདེག་དང་བཞག་པ་བསྐོར།།

རྐང་ཤིས་ཚིག་འཚམས་ཡི་གེ་དང་།།

དེ་བཞིན་བར་གྱི་ཡི་གེ་དང་།།

བླ་ཐབས་དང་ནི་སྒྲ་ཀུན་སྡུད།།

རིགས་མཐུན་རྣམ་འདྲེ་དཀའ་ཐུབ་སྤྱད།།

ལྷང་ངེ་བ་དང་ས་ལྟ་བ།།

དེ་བཞིན་མཁའ་ལྟའི་ཡི་གེ་དང་།།

སྨིན་གྱི་རྒྱུ་མཐུན་ཡི་གེ་དང་།།

སྙིང་བོ་ཀུན་སྡུད་ཡི་གེ་དང་།།

འབྱུང་བོའི་སྒྲ་སྡུད་ཡི་གེ་སྟེ།།

རྣམ་པ་དྲུག་ཅུ་རྩ་བཞི་བོ།།

སྟོན་པས་ཀུན་གྱི་བཤེས་ལ་གསུངས།།

ཡིག་རིགས་དྲུག་ཅུ་རྩ་བཞི་སྡོམ།།

མ་ག་ཏའི་ལེན་ཙ་དང་།།

རྒྱ་མཚོ་མཐའ་དེང་ན་ག་ར།།

ཟ་ཧོར་ཨུ་ཊི་ཡ་ནའི་ཡུལ།།

ཁ་ཆེ་དང་ངྷ་རི་དང་།།

ཁྲི་ལངྐུ་དང་བྷ་ཡུ་སོགས།།

འཕགས་པའི་ཡུལ་གྱི་ཡི་གེ་དང་།།

རྒྱ་ནག་ཡུ་གུར་ཧོར་ཡིག་དང་།།

གངས་རིའི་ཁྲོད་འདིར་གྲགས་པ་སོགས།།

ཡི་གེའི་འདུ་བྱེད་མཐར་ཕྱིན་པ།།

བློ་གསལ་འཇམ་དབྱངས་གྲགས་པ་ཡི།།

འདི་བཞིན་འདྲི་བའི་འཕྲུལ་ཡིག་མཁན།།

ཡོད་ན་ཤེས་བྱའི་མེ་ལོང་ལ།།

རྣམ་དཔྱོད་གཟུགས་བརྙན་གསལ་བར་གྱིས།། མངྒ་ལཾ།

རྩོམ་ཡིག་ཕབ་བཤུ་བ། སྐབས་བཞི་བའི་མཐར་ཕྱིན་སློབ་མ་ནག་ཙན་དན།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532761
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།