གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པས་རྨ་ལྷོ་སོག་རྫོང་དུ་བྱ་འགུལ་སྤེལ་བ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 12 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་དང་སློབ་གླིང་། »གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པས་རྨ་ལྷོ་སོག་རྫོང་དུ་བྱ་འགུལ་ས
གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པས་རྨ་ལྷོ་སོག་རྫོང་དུ་བྱ་འགུལ་སྤེལ་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-11-24ལྟ་ཀློག (10457)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པས་རྨ་ལྷོ་སོག་རྫོང་དུ་བྱ་འགུལ་སྤེལ་བ།
   ༢༠༡༥ལོའི་སྤྱི་ཟླ་༡༡བའི་ཚེས་༢༢ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་བན་ཤུལ་འཇམ་དབྱངས་ཀྱིས་རྩ་འཛུགས་བྱས་པའི་མ་ཡུམ་སློབ་གླིང་གི་ཡན་ལག་ཚོགས་པ་སྟེ།  གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པའི་ཚོགས་གཙོ་གཞོན་པ་རིག་ལྡན་བཀྲ་ཤིས་དང་དྲུང་ཡིག་པ་ལྷུན་འགྲུབ་རྒྱ་མཚོ།གསར་འགོད་པ་བན་ཤུལ་མཁས་ཕྲུག་སོགས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་སོག་རྫོང་མངའ་ཁོངས་སུ་ཡོད་པའི་མུན་སེལ་སྒྲོལ་མའི་སློབ་གྲྭའི་མཐར་ཕྱིན་དགོང་ཚོགས་སྟེང་ཞུགས་པར་མ་ཟད་སློབ་མ་རྣམས་ལ་ཆོས་སྤྱོད་རྒྱུན་ཤེས་སྐོར་གྱི་ཁ་རྒྱུགས་བླངས་པ་དང་སློབ་གྲྭའི་བཀོད་སྒྲིག་ལྟར་རིག་རྩལ་འཁྲབ་སྟོན་ལ་གཟིགས། སློབ་གླིང་དེར་སློབ་མ་༡༥༠་ཙམ་ལས་མེད་མོད། སློབ་མ་ཆེས་ཆུང་བ་ནི་ལོ་ན་བཞི་བཅུ་དང་ཆེས་ཆེ་བ་ལོ་ན་གྱ་བཞི་ལ་སླེབས་ཡོད། དེ་དག་གི་ཁྲོད་དུ་སློབ་གླིང་དེ་གའི་དགེ་རྒན་རྣམས་ཀྱིས་བདམས་ཟིན་པའི་སློབ་མ་དང་ཐེངས་འདིའི་རྒྱུགས་གཞི་དཔྱད་འདེམས་པ་ངག་དབང་སྐལ་བཟང་།མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཆེད་མཁས་སྨན་པ་འབྲུག་བྱམས་ཚེ་རིང་།གཡུ་སྒང་མེ་ཏོག པད་དཀར་ཚོགས་པའི་ཚོགས་གཙོ་གཞོན་པ་རིག་ལྡན་བཀྲ་ཤིས།རྨ་ལྷོ་ཁུལ་བདེ་ཐང་སློབ་གསོ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གུ་རུ་ཚེ་རིང་།རྨ་ལྷོ་ཁུལ་བདེ་ཐང་སློབ་གསོ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་མཁའ་འགྲོ་སྐྱབས་སོགས་ཀྱིས་བདམས་ཐོན་བྱུང་བའི་སྔོན་ཐོན་དགེ་རྒན་དང་ཕུལ་བྱུང་སློབ་མ། རྒྱུགས་འབྲས་བཟང་བའི་སློབ་མ། གསུམ་བཟང་སློབ་མ། སྔོན་ཐོན་འཛིན་གྲྭ་བཅས་དགེ་སློབ་བཞི་བཅུ་ལྷག་ལ་བྱ་དགའ་གནང་སྟེ་སྐུལ་འདེད་བྱས་ཤིང་། ཚོགས་ཐོག་ཏུ་རྨ་ལྷོ་སོག་རྫོང་གི་རྫོང་དཔོན་གཞོན་པ་དང་རྫོང་སྲིད་གྲོས་ཁང་གི་འགོ་གཙོ།  བྱམས་སྐྱོང་བྱིས་པའི་སློབ་གླིང་གི་སློབ་གཙོ་ཐུབ་བསྟན་དངོས་གྲུབ།  པད་དཀར་བྱ་དགའ་ཚོགས་པའི་ཚོགས་གཙོ་གཞོན་པ་རིག་ལྡན་བཀྲ་ཤིས་སོགས་ཀྱིས་རིམ་པ་བཞིན་བོད་སྐད་ཡིག་གི་གལ་ཆེན་རང་བཞིན་དང་བོད་སོག་མི་རིགས་བར་གྱི་མཐུན་སྒྲིལ།  སློབ་སྦྱོང་གི་སྙིང་སྟོབས། མི་གཤིས་ཀུན་སྤྱོད་སོགས་དང་འབྲེལ་བའི་གཏམ་བཤད་གལ་ཆེན་གནང་བར་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ། དེ་གའི་དགེ་སློབ་ཡོངས་ཀྱིས་ས་གནས་སྲིད་གཞུང་གི་དབུ་ཁྲིད་རྣམས་དང་གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པ་སོགས་ཀྱིས་སློབ་གྲྭའི་བྱ་བར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་ཤིང་། སློབ་མའི་ཁྲོད་ཀྱི་ལོ་ན་བདུན་ཅུ་ལ་སོན་པའི་རིག་རྩལ་འཁྲབ་སྟོན་པ་སྐོར་ཞིག་དང་སྒྱུ་རྩལ་བ་གུ་རུ་སོགས་ཀྱིས་འཁྲབ་སྟོན་དང་བཅས་ཐེངས་འདིའི་བྱ་འགུལ་གྱི་མཇུག་བདེ་ལེགས་ངང་གྲུབ་པར་བྱས་སོ།།


ཚོགས་རའི་རྣམ་པ། 


སློབ་མའི་རྒྱུགས་འབྲས་ལ་དཔྱད་འདེམས་བྱེད་བཞིན་པ། 


 ཚོགས་གཙོ་གཞོན་པས་ཕུལ་བྱུང་སློབ་མར་བྱ་དགའ་གནང་བ། 


བྱ་དགའ་ཐོབ་མཁན་གྱི་དགེ་སློབ་མཉམ་པར།


གསར་འགོད་པ་བན་ཤུལ་མཁས་ཕྲུག་གིས་གསར་འགོད་བྱེད་བཞིན་པ།  


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5914195
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号