བསླབ་བྱ་མདོར་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »བསླབ་བྱ་མདོར་བསྡུས།
བསླབ་བྱ་མདོར་བསྡུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-11-21ལྟ་ཀློག (3373)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

༄༅། །བསླབ་བྱ་མདོར་བསྡུས།
ཤིང་བཟའ་དབྱངས་ཅན་དགྱེས་བློས་མཛད།

ཨོཾ་སྭ་སྟི།ཨེ་མ་དལ་འབྱོར་འབྲས་ལྡན་སྐྱེད་ཚལ་དུ། །

ཐུབ་པའི་བརྟུལ་ཞུགས་རྣམ་དག་ཚུལ་ཁྲིམས་ཀྱིས། །

ལེགས་པར་བསྡམས་པའི་ཐོས་སོགས་བཟླས་བརྗོད་ལ། །

གཞོལ་བའི་དྲང་སྲོང་དེ་ཀོ་འཇིག་རྟེན་རྒྱན། །


གྲོགས་དག་མནོག་ཆུང་ཚེ་འདིའི་དོན་ཙམ་དུ། །

རྟེན་བཟང་ནོར་བུ་ཆུད་གཟོན་མ་མཛད་པར།

གཏན་གྱི་འདུན་མ་བསྒྲུབ་ཕྱིར་རྣམ་དཀར་ལ། །

རླབས་ཆེན་བརྩོན་འགྲུས་རྩོམས་ཤིག་སྙིང་གཏམ་ཡིན། །


རྣམ་དག་ཚུལ་ཁྲིམ་མེད་པར་བཟླས་བསྒོམ་སོགས། །

ཡུན་རིང་དགེ་ལ་འབད་ལོ་བརྒྱ་བྱས་ཀྱང། །

མངོན་མཐོ་ཙམ་ཡང་འགྲུབ་པར་དཀའ་བས་ན། །

སྲོག་བཞིན་ཚུལ་ཁྲིམས་སྲུངས་ཤིག་སྙིང་གཏམ་ཡིན། །


རྐྱེན་ངན་འཛིངས་པའི་དུས་འདིར་ཆོས་བྱེད་རྣམས། །

གཉོན་ཆུང་ཞི་དུལ་དམན་ས་ཆེར་བཟུང་ནས། །

དྲན་ཤེས་བག་ཡོད་ཤིན་དུ་མ་བརྟེན་ན། །

ཆོས་མགོ་ཐོན་པར་དཀའོ་སྙིང་གཏམ་ཡིན། །

སྒོ་གསུམ་སྡིག་ལྟུང་དཀོར་སྒྲིབ་སྣ་ཚོགས་ཀྱིས། །
ཡང་ཡང་སྦགས་པར་ཡར་སྐྱེད་འོང་དཀའ་བས། །
སྟོབས་བཞི་ཚང་བའི་བཤགས་སྡོམ་བཟླས་བརྗོད་ལ། །

རྒྱུན་དུ་བརྩོན་པ་སྐྱེད་ཅིག་སྙིང་གཏམ་ཡིན། །

འཇམ་མགོན་རྒྱལ་བའི་བསྟན་དང་མཇལ་དུས་འདིར།།

རྒྱུད་ཀྱི་རྒྱལ་པོ་བདེ་གསང་འཇིགས་གསུམ་གྱི། །
ཆོ་ག་བསྙེན་སྒྲུབ་རིམ་གཉིས་རྣལ་འབྱོར་ལ།།
བག་ཆགས་བཟང་པོ་ཐོབས་ཤིག་སྙིང་གཏམ་ཡིན། །

འབད་པའི་དགེ་ཚོགས་བླ་མེད་རྫོགས་བྱང་དུ། །
ལེགས་པར་བསྔོས་ན་དགེ་རྩ་ཆུང་ངུ་ཡང། །
འབྲས་བུ་མཐའ་མེད་ཉིད་དུ་འཕེལ་བའི་ཕྱིར། །
བསྔོ་སྨོན་ཤུགས་དྲག་གྱིས་ཤིག་སྙིང་གཏམ་ཡིན།།

བདག་ལ་དད་ལྡན་ཁྱིམ་པ་ཕོ་མོ་རྣམས།།
བསྙེན་གནས་བསྲུང་ཞིང་རྒྱུན་དུ་མ་ཎི་སྒྲོངས། །
ནམ་ཞིག་འཆི་ཚེ་རྟ་ནོར་ཁྲི་ཕྲག་ལས། །
མ་ཎི་པད་རྡོག་གཅིག་མཁོ་སྙིང་གཏམ་ཡིན། །

ཚེ་འདིའི་ལྟོ་རྒྱབ་བུ་དང་ཆུང་མའི་ཕྱིར། །
རྐུ་འཕྲོག་ཁྲམ་རྫུན་རི་དྭགས་རྔོན་པ་སོགས།།
སྡིག་ལ་ཤིན་དུ་དཔའ་བའི་ཕོ་རྒོད་ཚོ། །
འཆི་ཁར་ལྟད་མོ་ཡོད་དོ་སྙིང་གཏམ་ཡིན། །

དྲག་ཞན་སྐྱ་སེར་ཕོ་མོ་མཐའ་དག་གིས། །
ལས་འབྲས་དྲང་བོར་བསྲུངས་ཏེ་དགེ་བའི་ལམ། །
དང་དུ་བླང་ན་འདི་ཕྱི་ཐམས་ཅད་དུ། །
བདེ་སྐྱིད་རྒྱུན་མི་འཆད་དོ་སྙིང་གཏམ་ཡིན།།

གང་གིས་གང་ལ་སྙིང་གཏམ་སྨྲ་བ་དཀོན། །
དེ་བས་དེ་ལ་ཉན་པ་ཤིན་དུ་དཀོན།།
བདག་གི་ཕན་པའི་སེམས་ཀྱི་སྙིང་གཏམ་འདི། །
སྙིང་གི་ཟེའུ་འབྲུར་ཆོངས་ཤིག་ཤེས་ལྡན་ཚོགས།།

འདིར་འབད་དགེ་ཚོགས་སྟོན་ཀའི་ཟླ་འོད་ཀྱི།།
མཛེས་པ་ལན་བརྒྱར་འཐུངས་པའི་རྗེས་འགྲོ་གང། །
སྲིད་ཞིའི་རྣམ་དཀར་ཉལ་འགྲོའི་རྒྱུན་བཟང་དང། །
ལྷན་ཅིག་ཀུན་མཁྱེན་རྒྱ་མཚོར་འཇུག་པར་ཤོག 
ཅེས་པ་འདི་ནི་ཆོས་སྨྲ་བ་ཤིང་བཟའ་དབྱངས་ཅན་དགྱེས་བློས་སྦྱར་བའོ།།

རྩོམ་ཡིག་ཕབ་བཤུ་བ།  སྐབས་ལྔ་བའི་མཐར་ཕྱིན་སློབ་མ་རྟ་ནག་སྐལ་བཟང་ལུང་རིགས། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506609
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།