མིའི་ཚེ་ཚད་ཞིབ་འཇུག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »མིའི་ཚེ་ཚད་ཞིབ་འཇུག
མིའི་ཚེ་ཚད་ཞིབ་འཇུག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-11-19ལྟ་ཀློག (4318)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མིའི་ཚེ་ཚད་ཞིབ་འཇུག

    ཉེ་སྔོན་འཛམ་གླིང་ཐོན་སྐྱེད་སྒྲིག་འཛུགས་ཀྱིས་མིའི་ཚེ་ཚད་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་དུ་འཛམ་གླིང་ཡོངས་སུ་མིའི་ཚེ་ཐག་མུ་མཐུད་ཇེ་རིང་དུ་འགྲོ་བཞིན་པའི་སྐོར་བཀོད་འདུག    འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན ༢༠༡༢ ལོར་སྐྱེས་པའི་བུ་མོ་རྣམས་ཆ་མཉམ་གྱི་ཚེ་ཚད་ལོ ༨༣ དང་།   ཡང་ལོ་དེར་སྐྱེས་པའི་བུ་རྣམས་ཀྱི་ཆ་མཉམ་གྱི་ཚེ་ཚད ༦༨ ལ་སླེབ་རྒྱུ་དང་།    དེ་ནི ༡༩༩༠ ལོར་སྐྱེས་པའི་ཕོ་མོ་གཉིས་ཀྱི་ཚེ་ཐག་གི་ཚད་ལས་ལོ་དྲུག་གིས་འཕར་རྒྱུ་ཡིན་སྐོར་བཤད་ཡོད་པ་རེད།     འཛམ་གླིང་ཡོངས་སུ་ཕོ་མོ་གཉིས་ཀའི་ནང་དུ་ཚེ་ཐག་རིང་ཤོས་དེ་ཉི་ཧོང་གི་བུད་མེད་ཚོ་ཡིན་ཞིང་།   རྒྱལ་ཁབ་དེའི་བུད་མེད་ཀྱི་ཚེ་ཚད་ཆ་སྙོམས་བྱས་ན་ལོ ༨༧ ཡིན་པ་རེད།      ཡང་སྐྱེས་པའི་ཆ་མཉམ་གྱི་ཚེ་ཐག་རིང་ཤོས་དེ་ཨེ་ཨར་ལན་ཌི་ཡིན་པ་དང་།   ཡུལ་དེའི་སྐྱེས་པའི་ཚེ་ཚད་ཆ་སྙོམས་བྱས་ན་ལོ ༨༡ ཙམ་ཡིན་འདུག     འཛམ་གླིང་སྟེང་དུ་མོ་ཡི་ཆ་སྙོམས་ཚེ་ཚད་མཐོ་ཤོས་དེ་ལོ་མང་སྔོན་ནས་ཤེས་རྟོགས་བྱུང་ཡོད་པའི་གནས་ཚུལ་ཞིག་རེད།     ཉི་ཧོང་གི་བུད་མེད་ཀྱི་ཚེ་ཚད་དེ་འཛམ་གླིང་སྟེང་གི་ཚེ་ཐག་རིང་བོ་དེ་ཡིན་ཞིང་།     ལྷག་པར་དུ་ཉི་ཧོང་གི་ཨོ་ཁེ་ན་བ་གླིང་ཕྲན་ནི་མིའི་ཚེ་ཐག་རིང་བོ་ཡོད་པའི་ས་ཁུལ་ཞིག་ཏུ་ཡོངས་ཁྱབ་ཀྱིས་ངོས་འཛིན་བྱེད་བཞིན་ཡོད་ཅིང་།     ཨ་མི་རི་ཁའི་མིའི་ཚེ་ཚད་ཞིབ་འཇུག་མཁན་མཁས་དབང་ཝེལ•ཁོ་ཁུ་སི་ཡིས་ཨོ་ཁེ་ན་བ་ས་ཁུལ་དུ་ལོ་ངོ་བཅུ་གྲངས་ཤིག་གི་རིང་ལ་ཞིབ་འཇུག་གནང་ཡོད་ཅིང་ཁོང་གིས་འདས་པའི་ལོ་ངོ་སུམ་ཅུའི་རིང་ཨོ་ཁེ་ན་བ་ས་གནས་ཀྱི་ཡུལ་མི་ཚོ་ནི་ལུས་ཕུང་ཆེས་བདེ་ཐང་གི་ས་གནས་ཤིག་ཡིན་སྐོར་གསུངས་ཡོད།      ཡང་ཁོང་གིས་གསུང་དོན་ལྟར་ན་ཡུལ་དེའི་མི་དམངས་ཀྱི་ལུས་ཕུང་བདེ་ཐང་ཡིན་པའི་རྒྱུ་རྐྱེན་གཅིག་ནི་སྲོལ་རྒྱུན་གྱི་ཟས་སྤྱོད་ཡིན་ཞིང་ས་གནས་དེའི་དཔལ་འབྱོར་མཐུན་རྐྱེན་ཅུང་ཞན་པ་དང་།    མི་མང་ཆེ་བས་སྔོ་ཚོད་དང་འབྲུ་རིགས་འདེབས་ལས་བྱེད་བཞིན་ཡོད་པས་དུས་རྒྱུན་ངལ་རྩོལ་མང་བ་དང་།     ཡུལ་དེའི་མི་རྣམས་ཀྱིས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་སྔོ་ཚོད་དང་ཤིང་ཏོག  ཉ་བཅས་ཟ་བ་དང་།    ཟས་རིགས་ཀྱི་ནང་དུ་སྣུམ་དང་ཚྭ་ཉུང་བ།   གཞན་ཡང་ཡུལ་དེའི་སྤྱི་ཚོགས་འཆམ་མཐུན་ཡིན་པས་མི་རྣམས་ལ་སེམས་པ་མི་སྐྱིད་པའི་དུས་སྐབས་ཉུང་བ་དང་།     ཡུལ་དེའི་ལོ་ལོན་རྒན་པོ་རྣམས་དུས་རྒྱུན་མཉམ་དུ་འཛོམས་ནས་ཇ་འཐུང་བ་དང་ཁ་བརྡ་བྱེད་པ་ལས་ད་དུང་ཞབས་བྲོ་འཁྲབ་པ།    གླུ་གཞས་ལེན་པ།   ལུས་རྩལ་འདྲ་མིན་སྤེལ་བ་དང་ངལ་རྩོལ་ལ་དགའ་བས་ས་ཁུལ་དེར་སྙིང་གི་ན་ཚ་དང་འབྲས་སྐྲན་གྱི་ནད་རིགས་བྱུང་མཁན་ཧ་ཅང་ཉུང་ཉུང་ཡིན་སྐོར་བཤད་ཡོད།    གཞན་ཡང་མཁས་དབང་ཝེལ•ཁོ་ཁུ་སི་ཡིས་མུ་མཐུད་དུ་བཤད་པ་ལྟར་ན་དེང་སྐབས་ཕྱིའི་རྒྱལ་ཁབ་ཁག་གི་ཤུགས་རྐྱེན་ལས་ཡུལ་དེའི་མི་རབས་གསར་བའི་མི་ཚེ་སྐྱེལ་སྟངས་ལ་འགྱུར་བ་ཆེན་པོ་ཐེབས་ཡོད་པས་ན་གཞོན་ཚོའི་ཁྲོད་དུ་ཤ་རྒྱགས་དྲགས་པའི་མི་ཇེ་མང་དུ་འགྲོ་བཞིན་པ་དང་།    ནད་རིགས་འདྲ་མིན་བྱུང་མཁན་ཡང་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ཀྱི་དབང་གིས་ཡུལ་དེའི་མི་རྒན་གཞོན་གཉིས་ཀར་ལུས་ ཕུང་བདེ་ཐང་ཐད་བར་ཆད་བྱུང་འགོ་བརྩམསཡོད་འདུག     ཡང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྙན་ཐོ་དེའི་ནང་དུ་བཀོད་དོན་ལྟར་ན་འཛམ་གླིང་སྟེང་དབུལ་ཕོངས་ཀྱི་རྒྱལ་ཁབ་ཁག་ནང་ལོ་ལྔ་མན་གྱི་བྱིས་པ་ཚེ་སྲོག་ཤོར་མཁན་ཇེ་ཉུང་དུ་ཕྱིན་ཡོད་པ་དེ་དང་།    ཡང་རྒྱུ་མཚན་གཞན་ཞིག་ནི་ཁྲག་ཤེད་ཀྱི་ཚད་གཞིའི་ཐོག་སྟེང་འཛིན་དང་ཉེན་ཁར་སྔོན་འགོག་ཐད་ནུས་ཤུགས་འདོན་བཞིན་པ་འདིས་ལོ་དྲུག་ཅུ་མ་སླེབ་གོང་ལ་སྙིང་གི་ན་ཚའི་རིགས་ཀྱི་དབང་གིས་རྐྱེན་འདས་ཀྱི་མི་གྲངས་ཇེ་ཉུང་དུ་ཕྱིན་ཡོད་པ་ལས་གཞན་གཅིག་ནི་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་དུ་བ་འཐེན་མཁན་ཇེ་ཉུང་དུ་ཕྱིན་ཡོད་པ་བཅས་ནི་འཛམ་གླིང་སྟེང་མིའི་ཚེ་ཐག་ཇེ་རིང་དུ་ཕྱིན་པའི་འབྱུང་རྩ་ཡིན་པར་ངོས་འཛིན་བྱས་འདུག    

རྩོམ་ཡིག་ཕབ་བཤུ་བ། ཨ་སྐྱོང་འཇིགས་མེད་རྣམ་རྒྱལ།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsly བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23653615
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།