ངེད་དྲ་བའི་འཕྲིན་གཏོང་བ་བསྟན་གསལ་བྱམས་བརྩེ་ཤེས་རིག་སྒྱུ་རྩལ་གླིང་དུ་རྒྱུས་ལོན་དང་བཅར་འདྲི་རུ་ཕྱིན་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅར་འདྲི། » ངེད་དྲ་བའི་འཕྲིན་གཏོང་བ་བསྟན་གསལ་བྱམས་བརྩེ་ཤེས་རིག་སྒྱུ་རྩལ
ངེད་དྲ་བའི་འཕྲིན་གཏོང་བ་བསྟན་གསལ་བྱམས་བརྩེ་ཤེས་རིག་སྒྱུ་རྩལ་གླིང་དུ་རྒྱུས་ལོན་དང་བཅར་འདྲི་རུ་ཕྱིན་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-11-13ལྟ་ཀློག (4180)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 ངེད་དྲ་བའི་འཕྲིན་གཏོང་བ་བསྟན་གསལ་བྱམས་བརྩེ་ཤེས་རིག་སྒྱུ་རྩལ་གླིང་དུ་རྒྱུས་ལོན་དང་བཅར་འདྲི་རུ་ཕྱིན་པ།

 བཅར་འདྲི་མཁན། འཕྲིན་གཏོང་བ་གླིང་བུའི་སྙེ་མ།
 བཅར་འདྲི་ཞུ་ཡུལ། སློབ་གཙོ་ཀརྨ་བསྟན་གསལ།
དང་བོ། རྒྱུས་ལོན།
 གཅིག། སློབ་གྲྭ་དང་ཁོར་ཡུག །
  འཕྲིན་གཏོང་བས་རྒྱུས་ལོན་པ་ལྟར་ན་བསྟན་གསལ་བྱམས་བརྩེ་ཤེས་རིག་སྒྱུ་རྩལ་གླིང་ནི་སྤྱི་ལོ་༢༠༡༤ ལོར་ཡུལ་ཤུལ་ཁུལ་བསྟན་གསལ་བྱམས་བརྩེ་ཚོགས་པ་དང་། ནང་ཆེན་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་ཤེས་རིག་གི་གླིང་ག་དང་སྒྱུ་རྩལ་གྱིས་སྒེག་པའི་ཁྱད་ཆོས་ཕུན་སུམ་ཚོགས་ལ། གཞན་སྡོད་གནས་ཀྱི་ཁོར་ཡུག་གཙང་ལ་བག་ཕེབས་པ་རང་བབ་ཀྱིས་སྤྲོ་སྣང་སྟེར་ཐུབ་པའི་ལྗང་མདོག་ཤེས་རིག་སྒྱུ་རྩལ་གྱི་གནས་མལ་ཞིག་གི་ཁྱད་ཆོས་ལྡན་འདུག །
གཉིས།  སྦྱང་བྱ་དང་ཁོར་ཡུག་གི་ཆ་རྐྱེན།
 ད་སྐབས་སློབ་གླིང་འདིར་སྤྱོད་ཡོན་གཉིས་ལྡན་གྱི་དགེ་བཟོ་བ་དྲུག་དང་། གཞིས་སྡོད་སློབ་མ་ལྔ་བཅུར་སོན་ཅིང་རང་མོས་ཀྱི་ཆ་རྐྱེན་འོག་རྒྱ་ཡིག་དང་། བོད་ཡིག རྩིས་རིག རི་མོའི་སྒྱུ་རྩལ་དང་ཐང་ག གྱོན་པའི་རིགས་དང་གཞན་ཚེམ་དྲུབ་སོགས་སློབ་སྦྱོང་སྤྲོད་ལ་ཤེས་འཇོན་ནུས་གསུམ་གྱི་མི་བུ་རེ་བསྐྲུན་པའི་འབད་པ་བྱེད་པ་དང་། སློབ་གླིང་འདིར་ཞུགས་ཟིན་པའི་འོག་སློབ་ཡོན་དང་སྡོད་ཁང་སོགས་ཀྱི་རིན་གང་ཡང་མི་དགོས་པར་མ་ཟད། ཟ་མ་དང་། སློབ་གོས། སྡོད་ཁང་། ཐ་ན་སྣག་ཤོག་དང་བྲིས་ཐུར་སོགས་ཆ་རྐྱེན་སྤྲོད་པའི་བྱམས་བརྩེས་ཁྱབ་པའི་ཁོར་ཡུག་དང་། དགེ་སློབ་ཡོངས་ཀྱིས་སློབ་གྲྭ་འདི་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་རིག་དང་སྒྱུ་རྩལ་གྱི་གླིང་ག་ཞིག་ཏུ་བསྒྱུར་བར་རེ་བས་བརྟས་ཡོད་པའི་སྣང་བ་བྱུང་།
གསུམ།   སློབ་མཐར་བགྲོད་པ།
སློབ་མཐར་བགྲོད་པའི་ཡུན་ནི་ལོ་གསུམ་ཡིན་འདུག་ལ་ཤེས་ཡོན་དང་སྒྱུ་རྩལ་གང་རུང་ཆེད་སྦྱོང་གིས་སློབ་མཐར་བགྲོད་དགོས་པའི་འཆར་གཞི་འདུག
གཉིས་པ། བཅར་འདྲི།

༡༽དྲི་བ། སློབ་གཙོ་ཀརྨ་བསྟན་གསལ་ལགས། ཁམས་བཟང་། ཐོག་མར་ཁྱེད་ཀྱིས་ཚོགས་པ་དང་། སློབ་གྲྭ། བཤད་གྲྭ་སོགས་ཀྱི་ཕྱག་ལས་མང་བོ་ཞིག་གི་བར་གསེང་ནས་ངེད་དྲ་བའི་བཅར་འདྲི་དང་ལེན་མཛད་པར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་དང་། ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ཕྲན་ནི་སྤྱི་ལོ་༡༩༧༥ ལོར་ཡུལ་ཤུལ་ཀུན་འཆམ་སྡེ་བར་སྐྱེས། ཆུང་དུས་ནས་དགོན་པར་ཞུགས་ཏེ་རབ་ཏུ་བྱུང་། འབྲི་ཀློག་སོགས་ལེགས་པར་གྲུབ་རྗེས་ཁུལ་བདེ་འགྲོ་ཐང་ནང་བསྟན་མཐོ་སློབ་དང་།གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་། རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ། གཞན་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་སོགས་ལས་མདོ་སྔགས་རིག་གནས་སོགས་ལ་ཅི་ནུས་ཀྱིས་བག་ཆགས་འཇོག་ཁུལ་བྱས། སྤྱི་ལོ་༢༠༠༡ ལོར་རང་དགོན་གོ་ཆེ་དགེ་འཕེལ་གླིང་ནས་མཁན་པོར་བཞག །རང་དགོན་དུ་མཁན་པོའི་འགན་བླངས་ཏེ་ལོ་གསུམ་རིང་ཐུན་མོང་རིག་གནས་དང་། ཐུན་མིན་གྱི་གཞུང་བཀའ་པོད་ལྔ་སོགས་སློབ་ཁྲིད་ཀྱང་གང་འཚམས་དང་། སྤྱི་ལོ་༢༠༠༤ནས་བཟུང་ད་ལྟའི་བར་བགྲང་བྱ་བཅོ་ལྔའི་རིང་དཀའ་ཚེགས་དང་བཟོད་བསྲན་ཕྲག་ལ་ཁུར་ཏེ་དགོན་པ་དང་། བཤད་གྲྭ། རྒས་གསོ་ཁང་། སློབ་གྲྭ་བཅས་ལ་བསྟན་གསལ་བྱམས་བརྩེ་ཚོགས་པའི་ངོས་ནས་མཐུན་རྐྱེན་ཅི་འབྱོར་སྒོས་རང་འགན་དུ་ལྷུང་བའི་བྱ་བཞག་འགའི་ཆེད་མ་ཁོམ་པར་ཡོད་ལགས།

༢༽ དྲི་བ། བོད་ཀྱི་ས་ཁུལ་སོ་སོར་རྒྱལ་གཉེར་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་མང་བོ་ཞིག་ཡོད་བཞིན་དུ་སྒེར་བཙུགས་སློབ་གྲྭ་གཉེར་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་ཅི་ཞིག་ལ་ངོས་འཛིན་བཞིན་ཡོད།
ལན། སྤྱིར་སྒེར་བཙུགས་སློབ་གྲྭ་སྒྲུབ་མཁན་སོ་སོར་འདིའི་ཐད་གཅིག་གྱུར་དང་སྒེར་གྱི་བསམ་ཚུལ་སོགས་ཡོད་ངེས་ཀྱང་རང་ཉིད་ལྟ་བུར་མཚོན་ན། དུས་རབས་འདིར་འཛམ་གླིང་གང་སར་ཤེས་རིག་གི་མེ་ཏོག་རྒྱས་པའི་སྒང་དེར་ཤེས་རྨོངས་ཀྱི་ཁོར་ཡུག་ཏུ་ལེ་ལོས་གཡེང་བའི་ལས་མེད་ཀྱི་ན་གཞོན་རྣམས་ཤེས་རིག་དང་སྒྱུ་རྩལ་གང་རུང་གིས་འཚོ་ཐུབ་པའི་བསམ་པས། སློབ་ལོ་བརྒལ་ཅིང་ཞིང་འབྲོག་གི་གསར་སྐྱེས་ཁ་ཤས་དེ་སྔོན་སློབ་སྦྱོང་གི་བགོ་སྐལ་དུ་མ་གྱུར་བ་དང་ཆ་རྐྱེན་མི་འདང་ཞིང་རྒྱལ་གཉེར་གཞན་སློབ་གྲྭ་ཁག་ཏུ་བསྐྱོད་མེད་པའི་གསར་བུ་རྣམས་ལ་དམིགས་ཏེ། ཁྲིམས་འགལ་དང་ནག་ཉེས་མ་ཡིན་པའི་ཆ་རྐྱེན་འོག་ན་གཞོན་རྣམས་ཞུགས་ཆོག་ལ། རང་རྫོང་ཙམ་མ་ཡིན་པའི་གཞན་ཁུལ་དང་། རྫོང་ཡོངས་ཀྱི་ན་གཞོན་རྣམས་ཀྱིས་ལོངས་སུ་སྤྱོད་ཐུབ་པ་དང་སྒྱུ་རྩལ་ཟུང་དུ་སྦྲེལ་བའི་ཤེས་རིག་གི་ཁོར་ཡུག་ཅིག་ཆགས་པར་རེ་བས་བསླངས་ཏེ་བཙུགས་པ་ལགས།
༣༽ དྲི་བ། རྒྱལ་གཉེར་སློབ་གྲྭ་དང་སྒེར་བཙུགས་གཉིས་ལ་མི་འདྲ་ས་གཙོ་བོ་གང་ན་འདུག
ལན། རྒྱལ་གཉེར་སློབ་གྲྭ་ལ་མཚོན་ན་ན་ཚོད་རན་ཅིང་རིམ་གྱིས་བགྲོད་པའི་དུས་ཚོད་དམིགས་བསལ་བའམ་ཆ་རྐྱེན་ལྡན་པས་ལོ་རིམ་དང་ཤེས་ཚོད་ལོངས་དགོས་ལ། སྒེར་གྱི་སློབ་གྲྭའམ་སྒེར་གྱིས་གཉེར་བའི་སློབ་གྲྭ་ཁག་ཏུ་དེ་ཙམ་གྱིས་དུས་ཚོད་ཀྱིས་འདང་ཁོམ་མེད་པས་ཅུང་ཟད་ན་ཚོད་མཐོ་རུ་སོན་པས། ཤེས་ཚད་དང་སྦྱང་བྱའི་གོ་རིམ་རྒྱལ་གཉེར་སློབ་གྲྭ་ཁག་དང་འགྲན་ནའང་འགྲན་བཟོད་པའི་དུས་ཐུང་ཐུང་གཅིག་གིས་སློབ་སྐབས་མཇུག་སྐྱོང་བ་ཡང་ཁྱད་པར་རེད་ལ། གནད་ཀྱི་ཁྱད་པར་སོ་སོས་བསྐྱངས་པའི་སློབ་མའི་ལྟ་སྤྱོད་མི་འདྲ་སྙམ།
༤༽དྲི་བ། བོད་ཀྱི་སྒེར་བཙུགས་སློབ་གྲྭ་ཞིག་ལ་མཚོན་ན་སློབ་གསོའི་ཁ་ཕྱོགས་ཅི་འདྲ་ཞིག་ཡིན་ན་འགྲིག་གམ།
ལན། སྤྱི་ཡོངས་ནས་འདི་དང་གན་འགྲིག་ཅེས་ཁ་ཚོན་གཅོད་མི་ཐུབ་ཀྱང་མ་མཐའ་ཡང་རང་གི་སློབ་གྲྭསདུས་རབས་དང་འཚམ་པའི་སློབ་གསོ། ཡང་ན། མིའི་སྤྱི་ཚོགས་དང་རིང་དུ་མ་བརྒལ་བའི་ཆོས་འཇིག་རྟེན་གང་ཐད་ནས་སློབ་གསོའི་ཐབས་ལམ་རེ་བསྐྲུན་པ་ཅིས་ཀྱང་གལ་ཆེ་བར་བཟུང་སྟེ་སློབ་གསོ་ལ་འབད་ཐབས་བྱེད་ཁུལ་ཡོད་ལགས།
༥༽དྲི་བ། བོད་ཀྱི་སྒེར་བཙུགས་སློབ་གྲྭ་སྒྲུབ་མཁན་ཞིག་ལ་ངེས་པར་དུ་དགོས་པའི་སློབ་གསོའི་ཁ་ཕྱོགས་སམ་བསམ་བློའི་སྐོར་ནས་ཐུགས་བསམ་ཇི་ལྟར་བཞེས་བཞིན་ཡོད།
ལན། བོད་ཀྱི་སྒེར་བཙུགས་སློབ་གྲྭ་ཞིག་སྒྲུབ་པ་པོའི་ངོས་ནས་བསམས་ན། མི་རིགས་རང་གི་ཁྱད་ཆོས་མ་བོར་བ་གཞི་འཛིན་དང་། བོད་ཀྱི་རིག་གཞུང་ལ་བཅངས་པའི་ལྷག་བསམ། ཤེས་འཇོན་ནུས་གསུམ་གྱི་སློབ་བུ་གསོ་སྐྱོང་བྱེད་པར་སྤྲོ་བ་བརྟས་པའི་བསམ་པའི་འཁྱེར་སོ་ཞིག་ཡོད་དགོས་པར་འདོད།
༦༽ དྲི་བ། སློབ་གྲྭ་གསར་འཛུགས་ཀྱི་གོ་རིམ་ཁྲོད་ཁྱེད་རང་དཀའ་ཁག་ཆེ་ཤོས་རེ་ལ་འཕྲད་ཡོད་ངེས་ན་དེའི་སྐོར་ནས་ཅུང་ཙམ་གསུང་རོགས།
ལན། དང་ཐོག་ཁོར་ཡུག་འདི་དང་རང་ཁོངས་ཀྱི་དམངས་ཡོངས་ལ་སྨན་པར་ལྷག་བསམ་གྱིས་སློབ་གྲྭ་གཙོ་བསྒྲུབས་བྱས་པའི་དངོས་རིམ་ཁྲོད་རྫོང་སྲིད་གཞུང་དང་མི་དམངས་སོགས་གང་གིས་ཀྱང་། ཁ་ཕྱོགས་པ་ལས་རྒྱབ་འགལ་གྱི་བསམ་པ་ཡོང་བ་ནི་ཅི་འདྲའི་བརྗིད་ཅིང་སྟོབས་ཤུགས་ཆེ་བ་ཨང་།
༧༽དྲི་བ། མིག་སྔར་ཁྱེད་སློབ་གྲྭའི་དཀའ་ངལ་ཆེ་ཤོས་དེ་གང་རེད།
ལན། མིག་སྔར་གྱི་དཀའ་ངལ་ཆེ་ཤོས་ནི་སློབ་མའི་སྤུས་ཚད་ལ་བསྒྱུར་བཅོས་བརྒྱག་པ་ལས་ཆེ་བ་མཐོང་གི་མེད། གཞན་དཔལ་འབྱོར་དང་གང་གི་ཐད་ནས་ཀྱང་ཅུང་ཟད་དཀའ་ངལ་ཐོན་ཡོང་བ་རེད།
༨༽ དྲི་བ། སློབ་གཙོ་ཁ་ཤས་ཀྱིས་སློབ་གྲྭའི་ཁོར་ཡུག་དང་སློབ་མའི་འཚོ་བའི་སྐོར་གཙོ་བོར་འཛིན་པ་དང་། ཡང་སློབ་གཙོ་མང་བོ་ཞིག་གིས་སློབ་མའི་ཤེས་ཡོན་སློབ་སྦྱོང་གཙོ་བོར་འཛིན་པའི་ལྟ་ཚུལ་གཉིས་འདུག་ལ་ཁྱེད་རང་གིས་འདི་གཉིས་ལས་གང་གལ་ཆེ་བར་དགོངས་བཞིན་ཡོད།
ལན། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་བཟང་པོ་རེ་གསོ་སྐྱོང་བྱེད་པ་དེ་གཙོ་ཆེར་འཛིན་གྱི་ཡོད། འདི་ལྟར་ལན་ཕུལ་ན་ཕྲན་གྱི་ལྟ་ཚུལ་ཡང་ཕྱི་མ་དེར་ཐེ་ཡོད་པ་འདྲ།
༩༽ འཕྲིན་གཏོང་བས། མཐརjངེད་དྲྭ་ཚིགས་ཀྱིས་ཁྱེད་དང་ཁྱེད་ཀྱི་སློབ་གྲྭའི་བྱ་བཞག་ཐམས་ཅད་སྔར་ལས་གོང་འཕེལ་སྒོས་ནང་ཆེན་ཡུལ་གྱི་བོད་སྐད་ཡིག་གི་སློབ་གསོ་དང་རྗེས་རབས་པ་གསོ་སྐྱོང་གི་བྱ་བར་ལེགས་སྐྱེས་མི་དམན་པ་དབུལ་ཐུབ་པའི་སྨོན་འདུན་ཞུ། སྐུ་ཚེ་རིང་།

ལན།  ལགས་སོ། །བཀའ་དྲིན་ཆེ། ང་ཚོའི་སློབ་གྲྭ་ཡང་གསར་དུ་ལམ་ལ་ཆས་བཞིན་ཡོད་པས་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཤིན་ཏུ་མཁོ། དེ་བས། འདི་ནས་ཆེད་དུ་ཤེས་རིག་གླིང་གི་དྲ་བའི་འཕྲིན་གཏོང་བ་ཁྱེད་ངེད་སློབ་གླིང་ལ་རྒྱུས་ལོན་དང་བཅར་འདྲིར་ཕྱིན་པར་ཡང་བཀའ་དྲིན་ཞུ། བཀྲ་ཤིས་བདེ་ལེགས།




འཕྲིན་གཏོང་བ།  སྐབས་བཅོ་ལྔ་བའི་མཐར་ཕྱིན་སློབ་མ་གླིང་བུའི་སྙེ་མ་ཡིན། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23501507
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།