འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གིས་ཤེས་བྱའི་འགྲན་རྒྱུགས་སྤེལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 8 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གིས་ཤེས་བྱའི་འགྲན་རྒྱུགས་ས
འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གིས་ཤེས་བྱའི་འགྲན་རྒྱུགས་སྤེལ་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-11-12ལྟ་ཀློག (4568)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གིས་ཤེས་བྱའི་འགྲན་རྒྱུགས་སྤེལ་བ། 

སློབ་འབྲིང་སློབ་མའི་ཤེས་བྱའི་འགྲན་རྒྱུགས་སྤེལ་བཞིན་པའི་ཚོགས་རའི་རྣམ་པ།

    སྤྱི་ལོ2015ལོའི་ཟླ་བ11པའི་ཚེས11རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་པ་ནས་ཉིན་གུང་དུས་ཚོད་དང་པོ་དང་ཕྱེད་ཀྱི་བར་དུ། འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་གཞུང་སྒྲུབ་ཐོག་ཁང་གི་ཐོག་བརྩེགས་གསུམ་པའི་ཚོགས་ཁང་དུ་ཡུལ་ཤུལ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ལྟ་སྐུལ་འོག་འབྲི་སྟོད་རྫོང་སློབ་གསོ་ལས་ཁུངས་ཀྱི་གཙོ་འཛིན་རྒན་བཀྲ་ཤིས་དང་། འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་རིན་ཆེན་རྡོ་རྗེ་ལགས་དང་སློབ་གྲྭའི་བོད་ཀྱི་སྐད་ཡིག་དགེ་རྒན་རྣམ་པས་ཐུགས་ཁུར་དང་རྒྱབ་སྐྱོར་འོག་འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་ཁྲིད་དཔྱོད་ཁང་གི་གཙོ་སྒྲུབ་གནང་སྟེ་སྐབས་དང་པོའི་ཁུལ་ཡོངས་ཀྱི་འབྲི་ཆུ་གཟེངས་བུམ་རྟགས་ཅན་གྱི་སློབ་འབྲིང་སློབ་མའི་སྐད་གཉིས་ཤེས་བྱའི་འགྲན་བསྡུར་ཞེས་པའི་བྱ་འགུལ་དེ་འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་དུ་གཟབ་རྒྱས་ངང་སྤེལ།

ཁྲིད་དཔྱོད་ཁང་གི་འགན་འཛིན་དོན་འགྲུབ་རྡོ་རྗེ་ལགས་ཀྱིས་མདོ་འཛིན་གནང་བཞིན་པ།

   འགྲན་རྒྱུགས་སྐབས་ཀྱི་ཚོགས་ཁང་གི་མདུན་གྲལ་དུ་རྒན་བཀྲ་ཤིས་དང་རྒན་རིན་ཆེན་རྡོ་རྗེ། རྒན་རྒྱལ་མཚན། རྒན་ཚེ་སྐྱབས། རྒན་འབྱོར་ལྡན། རྒན་རྡོ་རྗེ་དོན་འགྲུབ། རྒན་བཟང་པོ་དོན་འགྲུབ་སོགས་བཞུགས་ཡོད་ཅིང་། དེ་ལས་གཞན་པའི་ཚོགས་ཁང་་གི་སྡོད་གནས་ཡོངས་སུ་བོད་ཀྱི་སྐད་ཡིག་དགེ་རྒན་རྣམ་པ་དང་། བོད་ཡིག་གི་རྨང་གཞི་ཆུ་ཚད་བཟང་བའི་སློབ་མ་བཞི་བརྒྱ་ལ་ཉེ་བ་ཙམ་བཞུགས། 

ཤེས་བྱའི་འགྲན་རྒྱུགས་འདིའི་སྐབས་སུ་ཨང་རིམ་དང་པོ་ཐོབ་མཁན་གྱི་སློབ་མ་རྣམ་པར་བྱ་དགའ་སྩོལ་བཞིན་པ།

    བྱེད་སྒོའི་དངོས་གཞི་སྐབས་སུ་རྒན་དོན་འགྲུབ་རྡོ་རྗེ་དང་རྒན་ཀུན་དགའ་ཆོས་འཕེལ་རྣམ་གཉིས་ཀྱིས་འགན་ཁུར་ཆེར་བཞེས་ཀྱིས་སློབ་འབྲིང་སློབ་མའི་ཤེས་བྱ་འགྲན་རྒྱུགས་དེར་སྔ་ཕྱི་གོ་རིམ་དང་སྒྲིག་གཞི་ཡོད་པའི་སྒོ་ནས་དྲི་བ་བཏོན་ཞིང་། དེ་ཡང་འགྲན་ཞུགས་སློབ་མ་རྣམས་ཚོགས་ཆུང་བདུན་དུ་བགོས་ཡོད་ཅིང་། ཚོགས་ཆུང་དེ་དག་གི་མཚན་བྱང་ལ་ཡང་ཐུན་མོང་མ་ཡིན་པའི་བོད་རང་གི་རིག་གནས་ཀྱི་ཁྱད་ཆོས་དང་དགེ་མཚན་མངའ་བར་མཛད་ཡོད་དེ། སྦྱིན་པ་ཚོགས་ཆུང་དང། ཚུལ་ཁྲིམས་ཚོགས་ཆུང་། བཟོད་པ་ཚོགས་ཆུང་། བརྩོན་འགྲུས་ཚོགས་ཆུང་། བསམ་གཏན་ཚོགས་ཆུང་།ཤེས་རབ་ཚོགས་ཆུང་ཕར་ཕྱིན་དྲུག་ཙམ་དུ་མ་ཟད་ཕར་ཕྱིན་བཅུ་པོའི་མཐའ་མ་ཡེ་ཤེས་ཚོགས་ཆུང་བཅས་སུ་ཚོགས་ཆུང་ཁག་བགོས་ཀྱིས་མཚན་བྱང་གཏན་འབེབས་གནང་སྟེ་ཚོགས་ཆུང་སོ་སོའི་སློབ་མ་རྣམ་པར་ཤེས་བྱའི་འགྲན་རྒྱུགས་ཀྱི་དྲི་བ་བཏོན་པར་མ་ཟད།

ཚོགས་བཞུགས་སློབ་མ་རྣམ་པར་ཡང་གོ་སྐབས་མ་སྟོང་བ་ཞིག་ཡོང་ཕྱིར་བྱེད་སྒོའི་བར་སྟོང་ཁ་སྐོང་དང་བར་སྐབས་ཀྱི་ངལ་གསོའི་ཕྱིར་དུ་ཚོགས་བཞུགས་སློབ་མ་རྣམ་པར་ཡང་དྲིས་ལན་འདེབས་པའི་གོ་སྐབས་གནང་པས་དགའ་བར་འོས་པ་ཞིག་ལ་ཚོགས་བཞུགས་སློབ་མ་རྣམས་ནི་སྨྲ་བརྗོད་ཀྱི་སྤོབས་སེམས་དང་ལྡན་ཞིང་། གཞན་ཟེར་རྗེས་ཟློས་ཙམ་ཞིག་མ་ཡིན་པར་སོ་སོ་རང་ཉིད་ཀྱི་བསམ་གཞིག་ལས་བྱུང་བའི་རང་ཚུགས་ལྡན་པའི་དོན་མཐུན་གྱི་དྲིས་ལན་གནད་ལ་ཁེལ་བ་འདེབས་རྒྱུ་ཡོད་ཅིང་། ཡ་རབས་ཚུལ་མཐུན་གྱི་ཀུན་སྤྱོད་བཟང་པོས་རང་རྒྱུད་སྐྱོང་བའི་རྨང་གཞིའི་ཐོག་ནས་དྲི་བར་ལན་འདེབས་མཁན་ནི་དབྱར་གྱི་དྲག་ཆར་འབབ་པ་ཇི་བཞིན་ང་ཡིན་ཁོ་ཡིན་ཟེར་ཏེ་ལག་པ་གནམ་དུ་རྐྱོང་མཁན་ནི་ཧ་ཅང་མང་ཞིང་། ཚད་ལྡན་གྱི་དྲིས་ལན་ཤེས་མཁན་གྱི་སློབ་མ་ཁོང་རྣམ་པར་ཐད་ཀར་བྱ་དགའི་དངོས་པོར་དཔེ་དེབ་རེ་བསྩལ་བ་སོགས་ཀྱི་སྒོ་ནས་དངོས་གཞིའི་ཤེས་བྱའི་འགྲན་རྒྱུགས་དེ་ལེགས་པར་སྤེལ། 

རྒན་ཚེ་སྐྱབས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

    མཇུག་བསྡུའི་སྐབས་སུ་ཡུལ་ཤུལ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཁུལ་ཡོངས་ཀྱི་འབྲི་ཆུ་གཟེངས་བུམ་རྟགས་མའི་ཤེས་བྱ་འགྲན་རྒྱུགས་ལས་སྒྲུབ་ཚན་ཆུང་གི་འགན་འཛིན་མི་སྣ་ཚེ་སྐྱབས་ལགས་ཀྱིས་གཏམ་བཤད་གནང་ཞིང་།  སྐབས་འདིའི་ཤེས་བྱ་འགྲན་རྒྱུགས་ཁྲོད་བྱ་དགའ་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ། བཞི་བ། ལྔ་པ་བཅས་ཐོབ་མཁན་གྱི་སློབ་མ་རྣམས་ལ་རིམ་པ་བཞིན་དུ་གཙོ་འཛིན་དབུ་ཁྲིད་རྣམ་པས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་བྱ་དགའ་བསྩལ་ནས་ཁྲིད་དཔྱོད་ཁང་གི་འགན་འཛིན་དོན་འགྲུབ་རྡོ་རྗེ་ལགས་ཀྱིས་ཁ་ལས་དགེ་བའི་བཀྲ་ཤིས་སྨོན་ཚིག་གིས་འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་དུ་སྤེལ་བའི་སློབ་འབྲིང་སློབ་མའི་ཤེས་བྱའི་འགྲན་རྒྱུགས་དེ་རྒྱལ་ཁའི་ངང་ནས་མཇུག་ལེགས་པར་བསྡུས་པ་རེད། །

ཤེས་བྱའི་འགྲན་རྒྱུགས་ལ་ཞུགས་པའི་ཚོགས་ཆུང་སོ་སོ། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc5i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23589603
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།