སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་ཚོང་གཉེར་ལས་སློབ་གྲྭ་སྐྱོང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་ཚོང་གཉེར་ལས་སློབ་གྲྭ་སྐྱོང་
སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་ཚོང་གཉེར་ལས་སློབ་གྲྭ་སྐྱོང་བ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-11-11ལྟ་ཀློག (4382)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་ཚོང་གཉེར་ལས་སློབ་གྲྭ་སྐྱོང་བ།

 ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར།

ཕྱུར་བ།

   ཉེ་ལམ། གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་ཕྱུར་བའི་ཐཱའོ་པོ་དྲ་ཚོང་ཁང་བཙུགས་ཡོད་ཅིང་། སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱི་ཚོང་གཉེར་ལས་སློབ་གྲྭ་སྐྱོང་བའི་རྨི་ལམ་གསལ་ལེར་མངོན་གྱིན་གདའ། འབྲི་མོའི་འོ་མ་གསར་བ་ནི་འོ་མ་ལས་མཆོག་ཏུ་གྱུར་བ་ཞིག་ཡིན་ཞིང་། འབྲི་འོའི་འཚོ་བཅུད་ཁྱད་དུ་འཕགས་པ་དང་སྤྲི་དཀར་གྱི་འདུས་ཚད་མཐོ་བའི་རང་བཞིན་གྱིས་ཕྱུར་བ་སོགས་བཟའ་ཆས་རིགས་ལས་སྣོན་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་རེད། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གངས་ལྗོངས་གཅེས་ནོར་ཚད་ཡོད་འགན་འཁྲི་ཀུང་ཟི། འཛམ་གླིང་དུ་ཆེས་ཆེ་བའི་ཕྱུར་བ་ཐོན་སྐྱེད་བྱེད་གནས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དུ་ཆགས་ཡོད་ཅིང་། ཁྱད་དུ་འཕགས་པའི་ཁེ་ལས་འདིའི་མིང་ལ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གངས་ལྗོངས་གཅེས་ནོར་ཚད་ཡོད་འགན་འཁྲི་ཀུང་ཟི་ཟེར་བ་དང་། གྲྭ་བཙུན་དཀྱུས་མ་འཇིགས་མེད་རྒྱལ་མཚན་གྱི་བྱམས་སེམས་དང་བློ་གྲོས། ནམ་ཡང་སྤྱི་ཕན་གྱི་སློབ་གསོའི་ལས་ལ་གཞོལ་བའི་འདུན་མ་བཅས་ལས་ཀུང་ཟི་འདི་འཛུགས་ཐུབ་པའི་གྲུབ་འབྲས་བྱུང་། ད་ལྟ་འབྲི་མོའི་ཕྱུར་བ་སོགས་ཐོན་སྐྱེད་ལེགས་འགྲུབ་དང་འགྲེམ་ཚོང་བྱེད་པ་འདིས་འཇིགས་མེད་རྒྱལ་མཚན་གྱི་འགྱུར་མེད་སློབ་སྒྲུབ་བྱ་བའི་འདུན་མ་དང་། ཁོ་དང་དགེ་སློབ་གཞན་དག་གི་རེ་འདུན་དྲག་པོ་མཚོན་གྱི་ཡོད།
  ལོ་འགའི་སྔོན་དུ། སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་རའི་ཁོར་ཡུག་དང་ས་གནས་ཐོན་ཁོངས་ཀྱི་ཁྱད་འཕགས་ལ་ཞིབ་ཕྲའི་དབྱེ་ཞིབ་བྱས་ཏེ་མཚོ་བོད་མཐོ་སྒང་གི་འབྲི་འོ་སྤྱད་དེ་རང་བརྟེན་ཤེས་ཡོན་ཐོབ་དབང་ལྡན་པའི་ཕྱུར་བ་སྔོག་འདོན་བྱེད་དགོས་པའི་འདོད་ཐག་བཅད་པར་བརྟེན། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་གང་མང་དང་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག  ༢༠༠༠ལོའི་ཟླ་༡༠བར་ཀུང་ཟི་འདི་བཙུགས་པ་དང་། ཨ་རི་དང་། བལ་བོ། དབྱི་ཐ་ལི། སུའེ་ཙེར་སོགས་རྒྱལ་ཁབ་ནས་ཕྱུར་བའི་ཆེད་མཁས་པ་གདན་འདྲེན་ཞུས་ཤིང་། བོད་ཀྱི་སྲོལ་རྒྱུན་ཕྱུར་བ་བཟོ་སྟངས་ཀྱི་ལག་རྩལ་དང་སྦྱར་ནས་འཛམ་གླིང་དུ་ཐུན་མོང་མ་ཡིན་པའི་ཕྱུར་བ་བཟོ་སྐྲུན་བྱས།


  ༢༠༠༩ལོའི་སྔོན་དུ། ཨ་རི་དང་། ཞང་ཀང་། དབྱིན་ཇི་སོགས་རྒྱལ་སྤྱིའི་ཚོང་རར་ཚོང་འགྲེམ་བྱས་པ་དང་། ༢༠༠༣ལོར་ཨ་རིའི་བཟའ་ཆས་སྨན་རྫས་ཞིབ་བཤེར་ཅུའུ་FDAཡི་སྤུས་ཚད་ཁས་དཔང་ཐོབ། ༢༠༠༧ལོར་རྒྱལ་ཁབ་ཤེས་ཡོན་ཐོབ་དབང་ཅུས་ཞིབ་བཤེར་ཆོག་མཆན་གནང་སྟེ་ཕྱུར་བ་ཐོན་སྐྱེད་ལག་རྩལ་གྱི་ཆེད་ཁེ་ཐོབ། གངས་ལྗོངས་གཅེས་ནོར་ཀུང་ཟི་ནི་རྒྱལ་སྤྱིའི་དལ་ཟས་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་མ་ཟད་དབྱི་ཐ་ལིའི་ཕྱུར་བ་མཐུན་ཚོགས་ཀྱི་ཀྲུང་གོའི་ཚོགས་མི་ཉག་ཅིག་ཀྱང་ཡིན།

ནར་སོན་པའི་བརྒྱུད་ལམ་རིང་མོ།

  ཀུང་ཟི་བཙུགས་པའི་ཐོག་མའི་དུས་སྐབས་སུ། མ་དངུལ་དང་ཐོན་ཁུངས་སོགས་རྒྱུ་རྐྱེན་གྱི་དབང་གིས་ཀུང་ཟི་དེ་རྭ་རྒྱ་གྲོང་རྡལ་གསེར་ལུང་ལྕགས་རི་ཁ་རུ་འཛུགས་པར་གཏན་འཁེལ་བྱས་པ་དང་། ༢༠༠༡ལོའི་ཟླ་༡པོར་དངོས་སུ་མ་དངུལ་བཏང་སྟེ་ཐོན་སྐྱེད་བྱེད་མགོ་བརྩམས་ལ། རྒྱུ་ཆ་ཉོ་སྒྲུབ་དང་སྐྱེལ་འདྲེན། ཉར་འཇོག་སོགས་ཕྱོགས་སོ་སོའི་དཀའ་ངལ་གྱིས་ཐོན་སྐྱེད་ཀྱི་ཚད་ལ་འགོག་རྐྱེན་བཟོས། དེར་བརྟེན། ཁེ་ལས་ཀྱི་ཁེ་སྤོག་ལས་སློབ་གྲྭ་འཕེལ་རྒྱས་སུ་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱེད་དགོས་ན་ཕྱུར་བ་བཟོ་གྲྭའི་ཁྱབ་རྒྱ་ངེས་པར་དུ་ཆེ་རུ་གཏོང་དགོས་པས། ༢༠༠༨ལོར་མལ་ཁིན་སེ་བློ་འདྲིའི་ཀུང་ཟི་McKinsey & Companyསོགས་དོ་དམ་བློ་འདྲིའི་ལས་ཁུངས་ཀྱི་རིན་མེད་རོགས་སྒྲུབ་འོག་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ཇུས་གཞི་གཏན་འཁེལ་བྱས་པ་མ་ཟད་ལོ་དེར་མ་དངུལ་སྒོར་ས་ཡ་༦བཏང་སྟེ་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུ་བཟོ་གྲྭའི་ཁང་བ་དང་གཞུང་སྒྲུབ་ཕྱོགས་བསྡུས་ཁང་བརྩེགས་སོགས་འཛུགས་སྐྲུན་གནང་།
  ༢༠༡༠ལོར་རྒྱལ་ཡོངས་འོ་བཟོས་བཟའ་ཆས་ཁེ་ལས་ཀྱི་སྒྲིག་བཅོས་སྲིད་ཇུས་ཀྱིས་ལག་བཟོ་གཙོར་བརྟེན་པའི་གངས་ལྗོངས་གཅེས་ནོར་ཁེ་ལས་ཉེན་ཁའི་གནས་སུ་སྐྱེལ། སློབ་གཙོ་འཇིགས་མེད་རྒྱལ་མཚན་ནི་ཀུང་ཟིའི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་གཙོ་ཡིན་པའི་ཆ་ནས་ལས་སྒྲུབ་མི་སྣ་ཡོངས་ཀྱི་སྣེ་ཁྲིད་དེ་ལྷོད་མེད་འབད་བརྩོན་བྱས་མཐར་མགོ་ལོག་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་ཅིང་། དངུལ་ཁང་དུ་སྒོར་ས་ཡ་༤གཡར་བ་དང་། རང་སྟེང་ནས་སྒོར་ཁྲི་༤༢༠བསྡུས་ལ། བསྡོམས་པས་མ་དངུལ་སྒོར་ཁྲི་༨༢༠བཏང་སྟེ་ཐོན་སྐྱེད་ལས་ཁང་དང་ཐོན་རྫས་སྤུས་ཚད་དཔྱད་ཞིབ་ལྟེ་གནས་བཙུགས།
 ༢༠༡༢ལོའི་ཟླ་༥བར། རྒྱལ་ཁབ་སྤུས་བཤེར་སྤྱི་ཁྱབ་ཅུས་ཞིབ་བཤེར་རྩིས་ལེན་བྱས་ཏེ་རྒྱལ་ཡོངས་འོ་བཟོས་བཟའ་ཆས་ཐོན་སྐྱེད་ཀྱི་ཆོག་མཆན་ཐོབ་པ་དང་། ཟླ་༧པ་ནས་བཟུང་ཐོན་སྐྱེད་བྱེད་འགོ་བརྩམས་ཤིང་། གལ་སྲིད་བཟོ་གྲྭ་རྒྱ་བསྐྱེད་རྗེས་ཀྱི་ལོ་རེའི་ཐོན་སྐྱེད་ནུས་ཤུགས་མངོན་འགྱུར་བྱེད་ཐུབ་ན། ཁེ་ལས་ཀྱིས་ལོ་རེར་དྭ་ཕྲུག་༡༡༠༠ལྷག་དང་དབུལ་ཕོངས་སློབ་མའི་སློབ་སྦྱོང་དང་འཚོ་བའི་དཀའ་ངལ་ཐག་གཅོད་བྱེད་ཐུབ་པ་ཡིན། ད་ལྟ། ཕྱུར་བའང་དྲ་རྒྱའི་ཚོང་རར་བརྒྱུད་ནས་འཛད་སྤྱོད་པའི་སྔུན་དུ་བཀྲམ་ཡོད་ཅིང་། ལོ་བཅུ་གཉིས་རིང་གི་དཀའ་ཚེགས་ལས་སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་བཟོ་གྲྭར་བརྟེན་ནས་སློབ་གྲྭ་སྐྱོང་བའི་དམིགས་འདུན་མངོན་འགྱུར་བྱེད་ལ་ཉེ་བ་རེད།
ཕྱུར་བའི་ཐཱའོ་པོ་དྲ་ཚོང་ཁང་གི་དྲ་གནས།

http://yakcheese.taobao.com/category.htm? 

spm=a1z10.1.0.101.WJ4fZ3&search=y&orderType=hotsell_desc          

  རྩོམ་ཁུངས། གླིང་ཆེན་ལྷ་རི་ཤེས་རིག་འཕྲིན་སྟེགས། 


 རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506136
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།