གྲོལ་འདོད་ན་ཅིས་ཀྱང་ཤེས་རབ་བསྐྱེད་དགོས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »གྲོལ་འདོད་ན་ཅིས་ཀྱང་ཤེས་རབ་བསྐྱེད་དགོས།
གྲོལ་འདོད་ན་ཅིས་ཀྱང་ཤེས་རབ་བསྐྱེད་དགོས།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-11-06ལྟ་ཀློག (6203)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གྲོལ་འདོད་ན་ཅིས་ཀྱང་ཤེས་རབ་བསྐྱེད་དགོས།  


བཛྲ་ཚུལ་ཁྲིམས་རྒྱ་མཚོ། 

   གལ་ཏེ་ཁྱེད་རང་མིང་དོན་མཐུན་པའི་ནང་བ་བ་ཞིག་བྱེད་འདོད་ན། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་པ་གསུམ་ལ་ཉམས་ལེན་བྱེད་རྒྱུ་ནི། དོན་གྱི་སྙིང་བོར་འཛིན་དགོས།

     དེ་ཡང་ཐོག་མར་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ་དགོས་ཏེ། ཚུལ་ཁྲིམས་ཀྱི་བསླབ་པ་ནི། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་སོགས་ཡོན་ཏན་གོང་མ་རྣམས་སྐྱེ་བའི་གཞི་ཡིན་པའི་ཕྱིེར། བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས་པས་སོ།། གལ་ཏེ་ཁྱོད་གཞན་དོན་བསྒྲུབ་འདོད་པ་ཞིག་ཡིན་ན་ནི་ལྷག་པར་ཡང་ཚུལ་ཁྲིམས་ལ་གཅེས་སྤྲས་བྱེད་དགོས་ཏེ། ཕར་ཕྱིན་བསྡུས་པ་ལས། རྫོགས་པའི་སངས་རྒྱས་ཚུལ་ཁྲིམས་རྒྱན་ལྡན་པར། །འགྲོ་བ་ཐམས་ཅད་བསྒྲུབ་དོན་གང་བརྩོན་པས། །རང་གི་ཚུལ་ཁྲིམས་ཐོག་མར་ཡོངས་སུ་སྦྱང་། །ཚུལ་ཁྲིམས་དག་པའི་མཐུ་ཡིས་སྟོབས་ཀྱང་བསྐྱེད། །ཅེས་དང་། ཚུལ་ཁྲིམས་ཉམས་པས་རང་དོན་མི་ནུས་ན། །གཞན་དོན་ཚུལ་ལ་མཐུ་ཡོད་ག་ལས་འོང་། །དེ་ཕྱིར་གཞན་དོན་ལེགས་པར་བརྩོན་པ་ཡིས། །འདི་ལ་རིམ་གྲོ་གློད་པར་རིགས་པ་མིན། །ཞེས་གསུངས་པས་སོ། །   

   འོན་ཀྱང་ཚུལ་ཁྲིམས་ཙམ་བསྲུང་བ་ལས་ཏིང་ངེ་འཛིན་བསྒོམ་པ་ལ་གཏན་ནས་དོ་སྣང་མ་བྱས་ན། རང་ཉིད་སེམས་ཀྱི་བདག་པོར་འགྱུར་མི་སྲིད་པས། ཏིང་ངེ་འཛིན་གྱི་བསླབ་པ་ལ་སློབ་པ་ཤིན་ཏུ་གལ་ཆེའོ།། དེའི་ཚུལ་ནི་བདག་གིས་བྲིས་པའི་སེམས་འདུལ་བའི་རིམ་པ་ཞེས་པ་ལས་ཅུང་རྒྱས་པར་བཤད་ཟིན་པས་འདིར་སླར་ཡང་བསྐྱར་ཟློས་མི་བྱེད་དོ།། 

    ཐར་བ་དོན་དུ་གཉེར་བ་ལ་ཏིང་ངེ་འཛིན་ཤིན་ཏུ་གལ་ཆེ་ཡང་། དེ་ཙམ་གྱིས་ཐར་འདོད་དག་གི་ཡིད་ཀྱི་རེ་བ་ཡོངས་སུ་སྐོང་མི་ཐུབ་སྟེ། མདོ་སྡེ་རྒྱན་ལས། འཇིག་རྟེན་དག་ནི་ཏིང་འཛིན་སྒོམ་བྱེད་ཀྱང་། །དེ་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད། །དེ་ནི་ཉོན་མོངས་ཕྱིར་ཞིང་རབ་འཁྲུག་སྟེ། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་བསྒོམས་བཞིན། །ཞེས་གསུངས་ལ། དེའི་དོན་ནི་མི་རྟོག་པ་དང་གསལ་བ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་ཏིང་ངེ་འཛིན་བསྒོམས་ཀྱང་བདག་འཛིན་སྤོང་མི་ནུས་ལ། བདག་འཛིན་མ་སྤངས་ན་སླར་ཡང་ཉོན་མོངས་སྐྱེ་བར་འགྱུར་ལ། དེས་ལས་སྣ་ཚོགས་གསོག་པས་འཁོར་བ་ལས་གྲོལ་མི་ཐུབ་ཅེས་པའོ།། འོ་ན་ཇི་འདྲ་ཞིག་བསྒོམས་པས་ཐར་བ་འཐོབ་ཅེས་ན། མདོ་སྡེ་རྒྱན་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག།།སོ་སོར་དེ་བརྟགས་གལ་ཏེ་བསྒོམས་པ་ནི། །དེ་ནི་མྱ་ངན་འདས་འཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །དོན་ནི།གལ་ཏེ་བདག་མེད་པའི་ཆོས་ལ་སོ་སོར་བརྟགས་ནས་བདག་མེད་ཀྱི་དོན་གོ་བའི་ཤེས་རབ་བསྐྱེད་པ་དང་། བདག་མེད་པའི་ལྟ་བ་རྙེད་ནས་ལྟ་བ་དེ་སྐྱོང་ཞིང་བསྒོམ་ན། ཐར་བའི་འབྲས་བུ་འཐོབ་པའི་རྒྱུ་ཡིན་གྱི། ཤེས་རབ་དེ་མེད་ན་ནི་དེ་ལས་གཞན་པའི་ལམ་བསྒོམས་ཀྱང་། ཁྱོད་ཀྱི་སེམས་གཏིང་གི་སྡུག་བསྔལ་དང་ཉོན་མོངས་ཞི་བར་མི་འགྱུར་རོ་ཞེས་པའོ།། དེས་ན་བདག་མེད་རྟོགས་པའི་ཤེས་རབ་ཁོ་ན་ལ་སྲིད་པའི་རྩ་བ་གཅོད་པའི་ནུས་པ་ཡོད་དོ།།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548475
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།