གླང་ཆེན་གྱི་དོན་རྐྱེན།
ཉེ་བའི་ཟླ་གཅིག་གི་རིང་དུ་ཧྥེ་གླིང་ལྷོ་ཕྱོགས་ཅིན་པ་པུ་ཝེ་རྒྱལ་ཁབ་སྤྱི་གླིང་དུ་ཉུང་མཐར་ཡང་གླང་ཆེན་དྲུག་ཅུ་ལྐོག་རྔོན་མཁན་གྱི་ལག་ཏུ་ཤི་སོང་ལ། སྤྱི་གླིང་དུ་གླང་ཆེན་ཉེར་གསུམ་གྱི་ཤི་རོ་རྙེད་ཅིང་དེ་དག་ལྐོག་རྔོན་མཁན་གྱིས་དུག་གིས་བསད་ཡོད་པས་མགོ་བོ་བཅད་དེ་བ་སོ་བླངས་འདུག སྡོམ་རྩིས་ལྟར་ན་ཧྥེ་གླིང་དུ་ལོ་རེ་ལ་གླང་ཆེན་ཉིས་ཁྲི་ལྔ་སྟོང་ནས་སུམ་ཁྲི་ལྐོག་རྔོན་བྱས་ནས་ཤི་བཞིན་ཡོད་ལ། འཛམ་གླིང་ཡོངས་སུ་ད་ལྟ་གསོན་པའི་གླང་ཆེན་བདུན་འབུམ་ལ་མི་ལོངས་པར་བཤད།
ཀྲུང་དབྱང་གསར་འགྱུར་ལས་བཤུས།
གསར་འགྱུར་མཁོ་སྤྲོད་པ། སྐབས་བཞི་བའི་མཐར་ཕྱིན་སློབ་མ་ཉི་མ་རྒྱལ་མཚན།
འགན་རྩོམ་སྒྲིག་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|