འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་བོད་སྐད་ཡིག་ཉན་འབྲི་འགྲན་རྒྱུགས་སྐབས་དང་པོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་བོད་སྐད་ཡིག་ཉན་འབྲི་འགྲ
འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་བོད་སྐད་ཡིག་ཉན་འབྲི་འགྲན་རྒྱུགས་སྐབས་དང་པོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-10-30ལྟ་ཀློག (4212)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་བོད་སྐད་ཡིག་ཉན་འབྲི་འགྲན་རྒྱུགས་སྐབས་དང་པོ།

དགེ་རྒན་རྣམ་པས་རྒྱུགས་ཡིག་ལ་ཞིབ་བཤེར་གནང་བཞིན་པ།

 སྤྱི་ལོ༢༠༡༥ལོའི་ཟླ༡༠པའི་ཚེས༢༨རེས་གཟའ་ལྷག་པ་ཉིན་གྱི་དགོང་དྲོའི་དུས་ཚོད་གསུམ་ནས་ལྔ་བར་དུ་སློབ་གྲྭའི་ཁྲིད་དཔྱོད་ཁང་གིས་གཙོ་སྒྲུབ་གནང་སྟེ་སློབ་གྲྭའི་གཞུང་སྒྲུབ་ཐོག་ཁང་གི་ཐོག་བརྩེགས་གསུམ་པའི་ཚོགས་ཁང་དུ་དམའ་འབྲིང་དང་པོའི་འཛིན་གྲྭ་བཅུ་བཞི་དང་དམའ་འབྲིང་གཉིས་པའི་འཛིན་གྲྭ་བཅུ་བཞི། དམའ་འབྲིང་གསུམ་པའི་འཛིན་གྲྭ་ཉེར་གཉིས་བཅས་ལས་འཛིན་གྲྭ་སོ་སོའི་བོད་ཡིག་གི་ཆུ་ཚད་ཆེས་བཟང་ཤོས་ཀྱི་སློབ་མ་རྣམས་བདམས་ཏེ། འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་སྐབས་དང་པོའི་བོད་སྐད་ཡིག་ཉན་འབྲི་འགྲན་རྒྱུགས་སྤེལ་བ་རེད།

ཁྲིད་དཔྱོད་ཁང་གི་འགན་འཛིན་དོན་འགྲུབ་རྡོ་རྗེ་ལགས་ཀྱིས་འགོ་འཛུགས་གཏམ་བཤད་གནང་བཞིན་པ།
   འགོ་འཛུགས་ཀྱི་སྐབས་སུ་ཁྲིད་དཔྱོད་ཁང་གི་འགན་འཛིན་དོན་འགྲུབ་རྡོ་རྗེ་ལགས་ཀྱིས་ད་རེས་སློབ་གྲྭའི་ཁྲིད་དཔྱོད་ཁང་གིས་གཙོ་སྒྲུབ་བྱས་ཏེ། བོད་སྐད་ཡིག་ཉན་འབྲི་འགྲན་ཚོགས་སྐབས་དང་པོ་དེ་འདི་ནས་དེ་རིང་སྤེལ་རྒྱུ་ཡིན་ལ། དེས་ན་འདི་ནི་སྐབས་དང་པོ་དེ་ཡིན་ཕྱིར་སྐབས་གཉིས་པ་དང་གསུམ་པ་སོགས་རིམ་བཞིན་རྒྱུན་སྐྱོང་བྱ་ངེས་ཡིན་ཞེས་སོགས་གསུངས། དེ་ནས་དམའ་འབྲིང་གཉིས་པའི་ཚན་གཙོ་རྒན་ཀུན་དགའ་ཆོས་འཕེལ་ལགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས། དེ་རིང་ང་ཚོ་དགེ་སློབ་ཚང་མས་ལུས་ལ་བོད་གོས་གཙང་མ་གྱོན་ཏེ་མི་རིགས་རང་ཉིད་ཀྱི་རིག་གནས་བྱེད་སྒོ་འདི་འདྲ་ཞིག །ད་ཐེངས་ང་ཚོའི་སློབ་གྲྭར་སྤེལ་བ་འདི་ནི་ཧ་ཅང་དགའ་འོས་པ་ཞིག་རེད་ཅེས་སོགས་གསུངས་རྗེས་བོད་སྐད་ཡིག་ཉན་འབྲི་འགྲན་རྒྱུགས་དེ་དངོས་སུ་སྤེལ་བ་རེད།

སློབ་གཙོ་རིན་ཆེན་རྡོ་རྗེ་ལགས་ཀྱིས་འགྲན་རྒྱུགས་ལ་རྟོག་ཞིབ་གནང་བཞིན་པའི་ཚུལ།

འགྲན་རྒྱུགས་སྟེང་དུ་སློབ་གཙོ་རིན་ཆེན་རྡོ་རྗེ་ལགས་དང་ཁྲིད་དཔྱོད་ཁང་གི་འགན་འཛིན་དོན་འགྲུབ་རྡོ་རྗེ། དེ་བཞིན་བོད་ཡིག་དགེ་རྒན་རྣམ་པ་དང་འགྲན་རྒྱུགས་ལ་ཞུགས་མཁན་བློ་གསལ་སློབ་བུ་རྣམ་པས་ལུས་ལ་མི་རིགས་རང་ཉིད་ཀྱི་རྒྱན་གོས་ལེགས་པར་སྤྲས་ཏེ་མཉམ་ཞུགས་གནང་ཡོད་ཅིང་།

བོད་སྐད་ཡིག་ཉན་འབྲི་འགྲན་རྒྱུགས་ཀྱི་རྒྱུགས་རའི་རྣམ་པ།
   འགྲན་རྒྱུགས་སྐབས་སུ་དོན་འགྲུབ་རྡོ་རྗེ་ལགས་ཀྱིས་སྒྲ་གདངས་གསལ་ལ་དལ་ལྷོད་རན་ཞིང་འཚམས་པ་ཞིག་གི་ངང་ནས་འགྲན་རྒྱུགས་མཁན་རྣམས་ཀྱི་བྲི་བྱའི་མིང་ཚིག་རྣམས་ཀློག་པ་དང་། རྒྱུགས་རྟོག་པའི་དགེ་རྒན་རྣམ་པས་ནན་ཏན་གྱིས་ལྟ་ཞིབ་གནང་བཞིན་ཡོད་ཅིང་། འགྲན་ཞུགས་སློབ་བུ་རྣམས་ཀྱིས་ཀྱང་བློ་རྩེ་གཅིག་ཏུ་གཏད་དེ་དཀར་གཙང་ལྡན་པའི་རྒྱུགས་ཤོག་ངོས་སུ་དབྱངས་གསལ་སོ་བཞིའི་པིར་གྱི་འཁྱུག་རྩལ་འདོན་བཞིན་འདུག་ལ། མི་རིགས་ཤིག་གི་རྒྱུད་འཛིན་བློ་གསལ་སློབ་བུ་དེ་དག་གི་མ་འོངས་མདུན་ལམ་ལ་སེམས་ཁུར་ཟབ་པའི་བྱམས་ལྡན་དགེ་རྒན་རྣམ་པ། རྒྱུགས་རའི་ཕྱོགས་མཚམས་ཀུན་ཏུ་རང་ཉིད་ཀྱིས་བསྒྲུབ་འོས་པའི་བྱ་བཟང་ཞིག་སྒྲུབ་བཞིན་ཡོད་པའི་དགའ་སྤོབས་ལྡན་པའི་བཅོས་མིན་གྱི་འཛུམ་མདངས་ཤིག་དང་བརྩེ་སེམས་ཤིག་ཡིད་འོང་སློབ་བུ་རྣམ་པར་འཆང་བཞིན་སྐྱོད་ཀྱིན་འདུག འགྲན་རྒྱུགས་འདིའི་སྐབས་སུ་དུས་རྒྱུན་གྱི་བྱེད་སྒོ་དག་གི་སྐབས་སུ་མཐོང་དཀོན་པའི་མི་རིགས་རང་ཉིད་ཀྱི་སྐད་ཡིག་གཙང་མའི་ལམ་ནས། 《འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་བོད་སྐད་ཡིག་ཉན་འབྲི་འགྲན་ཚོགས་སྐབས་དང་པོ།》ཞེས་པའི་ཁ་བྱང་ཞིག་སྦྱར་ཡོད་ཅིང་། བོད་སྐད་ཡིག་གི་དགེ་རྒན་རྣམ་པས་ཀྱང་ལུས་ལ་བོད་གོས་གཙང་མ་གྱོན་ཏེ་འགྲན་རྒྱུགས་འདིའི་ཐོག་ཏུ་ལྷན་འཛོམས་བྱུང་ཡོད་ལ། སློབ་གྲྭ་འདིའི་སློབ་མ་ཉིས་སྟོང་ལྷག་ཙམ་གྱི་ནང་ནས་བོད་ཡིག་གི་ཆུ་ཚད་ཆེས་བཟང་བའི་ན་གཞོན་སློབ་བུ་རྣམ་པས་ལུས་ལ་བོད་གོས་གཙང་མ་གྱོན་པ་དང་ངག་ཏུ་བོད་སྐད་གཙང་མ། ཡིད་དུ་ཤེས་རབ་དང་བྱམས་བརྩེས་ཟིན་པའི་གནའ་དེང་རིག་གནས་ཀྱི་ཆུ་ཚད་ངེས་ཅན་ཞིག་ལྡན་མཁན་དག་གིས་འགྲན་རྒྱུགས་དེ་ལེགས་པར་སྤེལ་ཞིང་།
 འདི་ནི་མི་རིགས་སློབ་འབྲིང་འདིར་མི་རིགས་རིག་གནས་ཀྱི་བྱེད་སྒོས་གཞི་རྩ་བཟུང་ཞིང་། མི་རིགས་རང་ཉིད་ཀྱི་རིག་གནས་གཙོ་བཟུང་གནང་བའི་དགའ་འོས་པའི་ཞོགས་པའི་སྐྱ་རེངས་དཀར་པོ་དེ་ཡོང་བའི་རེ་འདུན་འཆང་གི་ཡོད་པ་རེད།
 
འགྲན་རྒྱུགས་འདིའི་སྐབས་སུ་ཨང་དང་པོའི་བྱ་དགའ་འཐོབ་མཁན་དམའ་གཉིས་འཛིན་གྲྭ་ལྔ་པའི་སློབ་མ་བདེ་སྐྱིད།
 རྫོང་མི་འབྲི་སྟོད་རིགས་སློབ་འབྲིང་གི་བོད་སྐད་ཡིག་ཉན་འབྲི་འགྲན་རྒྱུགས་དེའི་བྱ་དགའ་ཐོབ་པའི་སློབ་མའི་མཚན་གཞུང་།
 ཨང་རིམ་དང་པོ་གཅིག །
༡ དམའ་གཉིས་འཛིན་གྲྭ་ལྔ་པའི་སློབ་མ། བདེ་སྐྱིད།
 ཨང་རིམ་གཉིས་པ་བདུན།
༡ དམའ་གསུམ་འཛིན་གྲྭ་བཅོ་ལྔ་པའི་སློབ་མ། སྐལ་ལྡན།
༢ དམའ་བརྒྱད་འཛིན་གྲྭ་གསུམ་པའི་སློབ་མ། སྐལ་དར།
༣ དམའ་གསུམ་འཛིན་གྲྭ་བདུན་པའི་སློབ་མ། ངག་དབང་གྲགས་པ།
༤ དམའ་གཅིག་འཛིན་གྲྭ་གསུམ་པའི་སློབ་མ། ནོར་རྒྱན་དབང་མོ།
༥ དམའ་གཅིག་འཛིན་གྲྭ་གསུམ་པའི་སློབ་མ། སྟག་རྒོད།
༦ དམའ་གསུམ་འཛིན་གྲྭ་ཉེར་གཉིས་པའི་སློབ་མ། སྐལ་བཟང་དབྱངས་སྒྲོན།
༧ དམའ་གསུམ་འཛིན་གྲྭ་བཅུ་གསུམ་པའི་སློབ་མ། བདེ་ཆེན་དབང་མོ།
 ཨང་རིམ་གསུམ་པ་བརྒྱད།
༡ དམའ་གཅིག་འཛིན་གྲྭ་དང་པོའི་སློབ་མ། སྐལ་བཟང་སྒྲོལ་མ།
༢ དམའ་གཉིས་འཛིན་གྲྭ་བདུན་པའི་སློབ་མ། མཁའ་འགྲོ་མེ་ཏོག །
༣ དམའ་གཅིག་འཛིན་གྲྭ་གཉིས་པའི་སློབ་མ། འཕྲིན་ལས་དབང་རྒྱལ།
༤ དམའ་གསུམ་འཛིན་གྲྭ་དྲུག་པའི་སློབ་མ། འཕྲིན་ལས་རྒྱ་མཚོ།
༥ དམའ་གཉིས་འཛིན་གྲྭ་དང་པོའི་སློབ་མ། འཕྲིན་ལས་བཟང་མོ།
༦ དམའ་གཉིས་འཛིན་གྲྭ་དགུ་པའི་སློབ་མ། ཨོ་སྒྲོན།
༧ དམའ་གཅིག་འཛིན་གྲྭ་གཉིས་པའི་སློབ་མ། སྒྲོན་དཀར་ལྷ་མོ།
༨ དམའ་གསུམ་འཛིན་གྲྭ་བཅུ་དགུ་པའི་སློབ་མ། པད་མ་གཡང་སྒྲོན།
 རྟིང་སྐུལ་བྱ་དགའ་ལྔ།
༡ དམའ་གཉིས་འཛིན་གྲྭ་བཞི་པའི་སློབ་མ། སྐལ་བཟང་ལྷ་མོ།
༢ དམའ་གཅིག་འཛིན་གྲྭ་གསུམ་པའི་སློབ་མ། ཉི་སྐྱིད།
༣ དམའ་གཉིས་འཛིན་གྲྭ་གཉིས་པའི་སློབ་མ། ཚེ་རིང་སྒྲོལ་མ།
༤ དམའ་གཉིས་འཛིན་གྲྭ་བཅུ་གསུམ་པའི་སློབ་མ། བསོད་ནམས་སྒྲོལ་མ།

༥ དམའ་གསུམ་འཛིན་གྲྭ་ལྔ་པའི་སློབ་མ། བཀྲ་ཤིས་རྡོ་རྗེ།


འཕྲིན་གཏོང་བ།  སྐབས་བཅོ་ལྔ་བའི་མཐར་ཕྱིན་སློབ་མ་གླིང་བུའི་སྙེ་མ་ཡིན། 

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23498826
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།