​​​ དགེ་རྒན་བདེ་མཆོག་གི་སློབ་ཁྲིད་ལ་ཉན་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »​​​ དགེ་རྒན་བདེ་མཆོག་གི་སློབ་ཁྲིད་ལ་ཉན་པ།
​​​ དགེ་རྒན་བདེ་མཆོག་གི་སློབ་ཁྲིད་ལ་ཉན་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-10-30ལྟ་ཀློག (4812)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 དགེ་རྒན་བདེ་མཆོག་གི་སློབ་ཁྲིད་ལ་ཉན་པ། 

   གྱི་ལིང་འཇིགས་མེད།   

    དེ་རིང་ཀུན་གཟིགས་བཅུ་བ་མཆོག་གིས་དངོས་སུ་བཀའ་སློབ་ལམ་སྟོན་གནང་སྟེ་ཕྱག་བཏབས་པའི་བིས་མདོ་བོད་ཡིག་སློབ་འབྲིང་གི་དགེ་རྒན་མང་བོ་ཞིག་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་ཁྲིད་ཉམས་མྱོང་བརྗེ་རེས་བྱེད་དུ་ཕེབས་ཤིང་སྔ་དྲོར་ང་ཚོའི་དཔེ་ཁྲིད་ལ་ཉན་རྗེས་ང་ཚོའི་སློབ་གླིང་གི་འཆར་ཅན་ལྟར་ཉིན་གུང་ཁོང་ཚོའི་ཁྲོད་ཀྱི་དགེ་རྒན་གཅིག་གིས་སློབ་ཁྲིད་བྱས་ཏེ་ང་ཚོར་ཁོང་ཅག་གི་སློབ་ཁྲིད་བྱེད་སྟངས་ཀྱི་ཁྱད་ཆོས་རྩལ་འདོན་གྱིས་བསྟན།  ཁོང་གི་མིང་ལ་བདེ་མཆོག་ཟེར་ཞིང་བིས་མདོ་སློབ་འབྲིང་གི་མཐོ་འབྲིང་བོད་ཡིག་དགེ་རྒན་རེད། ང་རང་དགེ་རྒན་གཞན་དག་ཁྲིད་ནས་དམ་བཅའ་ལ་བལྟ་རུ་སོང་བས་ཅུང་རྗེས་ལུས་ཐེབས་འདུག་མོད། འོན་ཀྱང་ཁོང་གི་སློབ་ཁྲིད་ཀྱི་ཁྱད་ཆོས་དང་བྱེད་ཐབས་མང་བོ་ཞིག་མཐོང་བའི་གོ་སྐབས་བྱུང་སོང་།  དགེ་རྒན་བདེ་མཆོག་ལགས་ཀྱིས་སྙན་ངག་པ་འཇུ་སྐལ་བཟང་གི་སྙན་རྩོམ་ཚན་པ་གཉིས་ཁྲིད། ཚན་པ་དང་བོ་༼ཁ་བའི་མཚན་མོ་༽དང་ཚན་པ་གཉིས་པ་ནི་༼ས་སྲོད།༽ཅེས་པ་དེ་རེད། དགེ་རྒན་བདེ་མཆོག་གི་དཔེ་ཁྲིད་ལ་ཉན་ན་ཁོང་ནི་སློབ་ཁྲིད་ཀྱི་ཕྱག་ལས་གནང་ནས་དུས་ཡུན་རིང་བོ་ཞིག་སོང་ཡོད་པ་ཤེས་ཐུབ། ཁོང་གི་སློབ་ཚན་གྱི་བརྗོད་བྱ་ངོས་འཛིན་སྟངས་དང་། སྙན་ངག་གི་ཁྱད་ཆོས་ངོས་འཛིན་སྟངས། ད་དུང་ཚོར་བས་ཟིན་པའི་སྒོ་ནས་ཉམས་འགྱུར་ཁྱད་པར་བའི་ཁྲིད་སྟངས་བཅས་ཀྱིས། སློབ་མ་རྣམས་ཀྱི་བློ་སེམས་རྩེ་གཅིག་ཏུ་ཚུར་བསྡུ་ཐུབ་པར་མ་ཟད། འཛད་མཐའ་མེད་པའི་སྤྲོ་སྣང་སྦྱིན་ཐུབ། ཕར་བལྟས་ཙམ་ལ་རྣམ་རིག་དེ་ཙམ་མེད་པ་ལྟ་བུའི་དགེ་རྒན་བདེ་མཆོག་གི་སློབ་ཁྲིད་བྱེད་སྟངས་དེ་མཐོང་བས་བདག་གི་མིག་ལམ་གྱི་དགེ་རྒན་བདེ་མཆོག་དེ་གློ་བུར་དུ་གཏིང་དཔོག་དཀའ་བའི་མི་སྣ་ཁྱད་པར་བ་ཞིག་ཏུ་གྱུར་སོང་། ད་དུང་ཁོང་གི་སློབ་མ་ལ་བསམ་གཞིག་གི་དྲི་བ་བར་མེད་དུ་འདོན་ཅིང་། རང་ཉིད་ཀྱི་མྱོང་བ་དངོས་དེ་ལུས་དང་ངག་གི་ཉམས་ཀྱིས་སྟོན་པའི་བྱང་ཆ་དེ་མཐོང་བས། བདག་གི་སེམས་སུ་འདི་ལྟ་བུའི་བོད་ཡིག་དགེ་རྒན་ཞིག་ཡོད་ན་ཞོན་ཧྭ་ས་ཁུལ་གྱི་བོད་ཡིག་གི་ཚེ་སྲོག་ལ་ཡང་འཆི་གསོས་ཀྱི་བདུད་རྩི་ལྟ་བུའི་སྨན་མཆོག་ཅིག་རྙེད་པ་རེད་ཨང་བསམ་བྱུང་། གང་ལྟར་སྐར་མ་བཅུ་ལྷག་ལ་དགེ་རྒན་བདེ་མཆོག་གི་སློབ་ཁྲིད་ལ་ཉན་པས་སློབ་ཁྲིད་བྱེད་ཐབས་ཀྱི་ཐད་ནས་སྔར་མེད་པའི་བློ་སྐྱེད་མང་བོ་རྙེད་བྱུང་། མཇུག་མཐར་ད་དུང་ང་དང་དགེ་གྲོགས་རེ་འགས་རང་རང་གི་བསམ་ཚུལ་བཏོན་ཅིང་། ཁོང་གི་བསམ་གཞིག་གནང་སྟངས་དང་ཅུང་མི་མཐུན་པའི་ལྟ་ཚུལ་རེ་བཏོན་པར་ཡང་ཁོང་གིས་དགའ་བཞིན་དང་ལེན་གནང་ཞིང་། སློབ་ཁང་སྒོར་བུད་ནས་ཀྱང་ཡང་དང་བསྐྱར་དུ་ཁྱེད་ཚོས་ང་ལ་བློ་སྐྱེད་གནང་བར་བཀའ་དྲིན་ཆེ་ཞེས་བཤད་བྱུང་། དགེ་རྒན་བདེ་མཆོག་གི་སློབ་ཁྲིད་ཀྱི་ཉམས་མྱོང་དང་། སྤོབས་པ་བཅས་ལ་ངས་ཀྱང་འདི་གའི་དགེ་སློབ་ཡོངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཡང་ཡང་ཞུ། ཡང་བསྐྱར་མཇལ་བར་སྨོན།

 ༢༠༡༥ལོའི་ཟླ༡༠་ཚེས་༢༩ཉིན།

རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mkcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527608
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།