བརྒྱུད་འཚོང་བ་ཁྱོད་ཀྱིས་ཤེས་སམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» འཚོ་བའི་རྒྱུན་ཤེས། »བརྒྱུད་འཚོང་བ་ཁྱོད་ཀྱིས་ཤེས་སམ།
བརྒྱུད་འཚོང་བ་ཁྱོད་ཀྱིས་ཤེས་སམ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-10-29ལྟ་ཀློག (7898)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 བརྒྱུད་འཚོང་བ་ཚོའི་བྱེད་སྟངས་སྐོར་གླེང་བ།


རྒན་གྱའི་ཤ་བོ་ཚེ་རིང་གིས་རྒྱ་ཡིག་ལས་བསྒྱུར།
གོ་རིམ་དང་བོ།  དམིགས་བྱའི་མིང་ཐོ་བཟོ་བ།
    བརྒྱུད་ཚོང་རྩ་འཛུགས་ཀྱིས་དུས་ཡུན་རིང་བོའི་མགོ་སྐོར་ལག་ལེན་གྱི་ཉམས་མྱོང་བརྒྱུད་དེ། མིང་ཐོ་བཟོ་བའི་ཐབས་མཆོག་ཅིག་ཕྱོགས་བསྡོམས་བྱས་ཡོད། ཐབས་མཆོག་དེ་ནི་དུས་རྒྱུན་དུ་ཁོ་ཚོའི་སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་ཆགས་ཡོད།  མིང་ཐོ་ཟེར་བ་དེ་ཡང་གསལ་བོར་བཤད་ན་མི་སུ་དང་སུ་ཞིག་ལ་མགོ་སྐོར་བྱ་རྒྱུའི་དམིགས་འབེན་དེ་དག་ཐོ་འགོད་བྱེད་པ་ལ་ཟེར། བརྒྱུད་ཚོང་བ་ཞིག་གི་འབྲི་དེབ་ནང་འདི་ལྟར་བྲིས་ཡོད་དེ། “འདིའི་ནང་ལ་རིགས་མི་འདྲ་བ་འདི་དག་ཐེ་བ་ཡིན་ཏེ། ༡-ཉེ་ཚན་གྱི་རིགས་ལ། ཕུ་ནུ་མིང་སྲིང་། ཕ་མ། བཟའ་ཟླ། ༢-གྲོགས་པོའི་རིགས་ལ། སློབ་གྲོགས་དང་། ལས་གྲོགས། ཡུལ་གྲོགས། ཆོས་གྲོགས། དགའ་གྲོགས། ༣-ཁྱིམ་མཚེ་རིགས་ལ། གཡས་གཡོན་མདུན་རྒྱབ་ཀྱི་ཁྱིམ་མཚེ་ཚང་མ། ༤-རིགས་གཞན་དག་ལ། ངོ་ཤེས་གཞན་པ་སྟེ། དཔེར་ན།མནའ་གྲོགས་དང་འཐབ་གྲོགས་ལྟ་བུ།”ཞེས་བྲིས་འདུག

མདོར་ན། ད་ལྟའི་གནས་བབས་ལ་མྱུར་དུ་འགྱུར་བ་གཏོང་འདོད་ཡོད་པའི་མི་ཚང་མ་ནི། ཁོ་ཚོའི་དམིགས་བྱ་གཙོ་བོ་དེ་ཆགས་ཀྱིན་ཡོད། དེ་ཡང་ཁོ་ཚོས་མི་འདི་དག་གི་སེམས་ཁམས་ལ་རྒྱུས་ལོན་ཧ་ཅང་འཕྱིས་ཕྱིན་པ་བྱས་ཡོད་དེ། དཔེར་ན་དམག་དཔུང་ལས་ཕྱིར་ལོག་པའི་དམག་མི་ལ་དབྱེ་ཞིབ་གསལ་བོ་བྱས་ནས་དམག་མིའི་བསམ་བློ་ལ་འགྱུར་བ་ཧ་ཅང་ཆེ་བས་ཕྱིར་ཕ་ཡུལ་དུ་ལོག་མ་ཐག་མང་ཆེ་བ་ད་ལྟའི་གནས་བབས་ལ་ཡིད་མི་ཚིམ་པས་ལས་དོན་ཆེན་པོ་ཞིག་བསྒྲུབ་ན་འདོད་བཞིན་ཡོད་པས་འོས་འཚམ་གྱི་བྱ་བ་རེ་འཚོལ་བར་བྲེལ་བ་ལངས་ཀྱིན་ཡོད་ཅེས་བྲིས་ཡོད་ལ། ཞིང་བ་ལ་གནད་འགག་དེ་དབུལ་ཐར་ཕྱུག་འགྱུར་གྱི་སྟེང་ན་ཡོད་པས། འབྲུ་རིགས་བཏབ་ནས་བྱ་ཕག་གསོས་ཏེ་ཕྱུག་པོ་ཆགས་དཀའ་བར་བསམ་ཞིང་ཚོང་ལས་གཉེར་འདོད་ན་ཡང་མ་དངུལ་དཀོན་པས་ལམ་གསར་བ་ཞིག་བཙལ་ཏེ་ཕྱུག་པོ་ཆགས་པར་རེ་བ་ཆེན་པོ་ཡོད་ཅེས་བྲིས་ཡོད།  གཞན་ཡང་ལས་ཀ་ཤོར་བའི་ལས་བཟོ་བ་དང་ལས་ཀ་བ། གསར་དུ་ལས་ཀ་འཚོལ་མཁན་སོགས་ལ་ཡང་རེ་རེ་བཞིན་སེམས་ཁམས་ཀྱི་དགོས་མཁོ་དང་ཞན་ཆ་ཚང་མ་ཡིག་ཐོག་ལ་ཐོ་འགོད་གསལ་བོར་བྱས་ཡོད། བརྒྱུད་ཚོང་རྩ་འཛུགས་ཀྱིས་དེ་ལྟར་དམིགས་འབེན་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ་མི་དེ་རིགས་ལ་ཅི་ལྟར་མགོ་སྐོར་ནས་བསླུ་བྲིད་གཏོང་ཐབས་ལ་བསམ་བློ་མང་བོ་བཏང་མཐར་ཁ་ཡག་རྫུན་སྒྲིག་གི་གྲ་སྒྲིག་གང་ལེགས་བྱས་ཡོད།

གོ་རིམ་གཉིས་པ། དམིགས་འབེན་གདན་འདྲེན་བྱེད་པ།

    མིང་ཐོ་བསྒྲིགས་ཚར་བ་ན།    གོ་རིམ་གཉིས་པ་ལག་བསྟར་བྱེད་པ་སྟེ། གདན་འདྲེན་ཞུ་སྟངས་ནི། ཡི་གེ་བསྐུར་བའམ་ཡང་ན་ཁ་པར་བཏང་སྟེ་གདན་འདྲེན་ཞུས་ནས་ཁོ་ཚོའི་ནང་ལ་ཞུགས་པར་རེ་བསྐུལ་བྱེད་པ་ཡིན།  ཁོ་ཚོ་རང་རང་གིས་ཀྱང་བརྒྱུད་ཚོང་བ་ཞེས་པའི་མིང་འདི་ཧ་ཅང་ངན་པ་ཞིག་ཡིན་པ་གསལ་བོར་ཤེས་ཡོད་པས། སློབ་དེབ་ཀྱི་ནང་ལ་ཁ་པར་གཏོང་དུས་གླེང་མི་ཆོག་པ་གསུམ་གཏན་ཁེལ་བྱས་ཡོད་པ་ནི། ༡-ཀུང་ཟི་མི་བཤད། ༢-ཕུགས་འདུན་མི་བཤད། ༣-སྒྲིག་གཞི་མི་བཤད། མདོར་ན། བརྒྱུད་ཚོང་བའི་ངོ་བོ་ངོ་མ་དེ་གཏན་ནས་བཤད་མི་ཆོག་པ་རེད། ཡི་གེ་ནང་དང་ཁ་པར་ནང་ལ་ཕ་རོལ་བ་དེའི་སེམས་ཁམས་དང་། དགའ་ཕྱོགས། བཟང་ཆ། ཁྱད་ཆོས། རྒྱབ་ལྗོངས་སོགས་ཀྱི་གནས་ཚུལ་གཞིར་བཟུང་སྟེ། སྙན་ཞིང་ཡིད་དུ་འོང་བའི་ཁ་ཡག་དང་ངོ་བསྟོད་སྣ་ཚོགས་པས་བློ་འགུག་ཐབས་བྱེད་པ་ཡིན། ཁོ་ཚོས་མགོ་སྐོར་གྱི་ཕན་ནུས་མཐོན་པོ་ཡོང་བའི་ཆེད་དུ། སློབ་དེབ་ཀྱི་ནང་ལ་ཁ་པར་གཏོང་དུས་ཀྱི་སྐད་ཆའི་གདངས་ལ་སོགས་པ་ཡང་གཏན་ཁེལ་བྱས་ཏེ། སྐད་ཆ་བཤད་དུས་ངེས་པར་དུ་དགའ་སྤྲོའི་རྣམ་པ་མཚོན་ནུས་པར་སྐད་གདངས་མཐོ་ལ་སྨྲ་ལྕེ་དག་པ། དུས་རྒྱུན་ལས་ལྡབ་བརྒྱད་ཀྱིས་དགའ་ཡོད་པ་ལྟར། སྐད་ཆ་རྡབ་རྡིབ་མ་ཡིན་པར་མགྱོགས་ཤིང་གསལ་བའི་སྒོ་ནས་བཤད་དེ་ཕ་རོལ་བ་དེ་ལ་ཡིད་ཆེས་ཀྱི་ཚོར་སྣང་སྐྱེས་སུ་འཇུག་དགོས་ཞེས་བྲིས་ཡོད། དེ་ལས་གཞན་ད་རུང་སྐད་ཆ་བཤད་སྐབས་ངོ་མཚར་བའི་རྣམ་པ་བཞེངས་བསྐྲུན་བྱས་ཏེ་ཕ་རོལ་བ་ལ་གཞི་འཛིན་ས་མི་རྙེད་པ་བྱ་དགོས་ལ། དྲི་བ་ལ་ཐད་ཀར་ལན་འདེབས་མི་རུང་བ་དང་རང་ཉིད་ཀྱི་བརྗོད་བྱ་ལ་འགྲེལ་བཤད་གསལ་བོ་བྱ་མི་ཆོག་ཅེས་པ་ལ་སོགས་ཀྱང་གཏན་ཁེལ་བྱས་ཡོད།བརྒྱུད་ཚོང་བའི་སློབ་དེབ་ཀྱི་ནང་དུ་ཐ་ན་རྫུན་གཏམ་ལ་ཡང་འདི་ལྟར་འགེབ་བསྲུང་བྱས་ཡོད་དེ། རྫུན་གཏམ་ནི་ངན་པ་ཞིག་ཡིན་པའི་ངེས་པ་མེད་དེ། མཚམས་ལན་རེར་ང་ཚོས་རྫུན་བཤད་པས། འཇིག་རྟེན་འདི་ཡང་དེ་ཡི་དབང་གིས་མཛེས་པར་གྱུར་བ་མ་ཡིན་ནམ་ཟེར།
གོ་རིམ་གསུམ་པ། བཤམས་སྟོན་ངོ་འགྱུར་དང་འཇིགས་སྐུལ།
    སྔོན་ལ་ཡག་པ་བརྒྱ་སྟོང་ཞིག་བཤད་རུང་རྫུན་གཏམ་ནི་ནམ་ཡང་རྫུན་གཏམ་རང་ཡིན་པས། ནམ་ཉི་མ་ཞིག་ལ་རྫུན་རྐུབ་བརྡོལ་བ་ཡིན་པ་དེ་ཁོ་ཚོས་ཀྱང་གསལ་བོར་ཤེས་པ་ཡིན་ལ། བརྒྱུད་ཚོང་བ་ཁོ་ཚོས་དེའི་མིང་ལ་བཤམས་སྟོན་ཟེར་བཞིན་ཡོད།  སློབ་དེབ་ཀྱི་ནང་ན་བཤམས་སྟོན་བྱེད་པའི་དུས་ཚོད་ནི་སློབ་ཁྲིད་ལ་མ་ཉན་པའི་སྐར་མ་ལྔ་ཡི་སྔོན་ལ་གཏན་ཁེལ་བྱས་ཡོད། སྐབས་དེར། ཕ་རོལ་བ་དེ་ལ་འབྲོ་ཐབས་མེད་པ་བྱས་ཡོད། བཤམས་སྟོན་བྱས་པའི་རྗེས་སུ། གནས་ཚུལ་རིགས་གཉིས་ཡོད་པ་ནི། ༡-གལ་ཏེ་ཕ་རོལ་བ་སློབ་ཁྲིད་ལ་ཉན་དུ་སོང་ནས་རབ་བེ་རུབ་བེར།  ཡིད་ཆེས་ལ་མ་ཆེས་བྱེད་ཀྱིན་པའི་སྐབས་དེར། བརྒྱུད་ཚོང་རྩ་འཛུགས་དེ་གོ་རིམ་གསུམ་པ་སྟེ་བཙུར་མནོན་གྱི་རིམ་པར་སླེབས་པ་ཡིན། བཅུར་མནོན་གྱི་བྱེད་ཐབས་གཙོ་བོ་ནི། ཁྱོད་རང་ཁང་བའི་ནང་ལ་བཅུགས་ནས་མཐའ་སྐོར་ཏེ། མི་མང་བོ་ཞིག་གིས་ཁྱེད་ལ་ཁོ་ཚོ་ཇི་ལྟར་རྒྱུ་ཐོག་ལ་རྒྱབ་རབས་དང་། མི་སུ་དང་སུ་ཕྱུག་པོ་ཆགས་ཚུལ་སོགས་ཀྱི་མཚར་མཚར་བདེན་བདེན་འདྲ་བའི་གཏམ་རྒྱུད་སྣ་ཚོགས་བཤད་ནུས་ཚོད་ཅིག་བཤད་ངེས་ཡིན།
༢-གལ་ཏེ་ཕ་རོལ་བ་ལ་སློབ་ཁྲིད་དང་བཙུར་མནོན་གྱི་བྱེད་ཐབས་རིགས་གང་རུང་སྤྱད་དེ་ཀླད་པ་བཀྲུ་བའི་བསམ་བློའི་བྱ་བ་སྣ་ཚོགས་བྱས་ཀྱང་། ད་རུང་སྔར་བཞིན་མི་དེའི་ཀླད་པ་གསལ་ཞིང་རྫུན་གྱི་རྐུབ་ཡོངས་སུ་བརྡོལ་བ་ཤེས་ཚེ། སྐབས་དེར་བརྒྱུད་ཚོང་བ་ཚོས་ད་གཟོད་འཇིགས་སྐུལ་དང་རྗེས་འདེད་ཀྱི་བྱེད་ཐབས་རིགས་གཉིས་པ་དེ་ལག་བསྟར་བྱ་ངེས་ཡིན། འབྲེལ་ཡོད་མི་སྣ་ཞིག་གིས་བཤད་པ་ལྟར་ན། གལ་དེ་སྐབས་དེར་ཁྱོད་དེའི་ནང་ལ་ཞུགས་མི་འདོདཅེས་བཤད་ན། བརྒྱུད་ཚོང་རྩ་འཛུགས་ཀྱིས་ཁྱོད་ལ་ཆེད་དམིགས་ལྟ་རྟོག་དང་རྗེས་འདེད་བྱ་ངེས་ཡིན་ཏེ། ཐ་ན་སྤྱོད་ཁང་ནང་ལ་སོགས་པར་ཡང་ཁྱོད་ཀྱི་རྗེས་སྙེག་པར་བྱེད་ཅིང་། འཇིགས་སྐུལ་གྱི་སྒོ་ནས་གལ་ཏེ་ཁྱོད་ཀྱིས་སྒོར་མོ་མི་སྤྲོད་ན་སྒོ་འདིའི་ཕྱི་ལ་འགྲོ་འདོད་མ་སྐྱེས་ཟེར་བ་ཡིན། དེའི་རྐྱེན་གྱིས་བྱེད་ཐབས་ཧ་ཅང་ཡ་ང་བའི་གནས་སྟངས་དེ་འདྲའི་འོག་ཏུ་མགོ་སྐོར་ཐེབས་པའི་མི་རྣམས་ལ་འགྲོ་ས་བརྟེན་ས་མེད་པ་ཆགས་ནས།  ཨུ་ཐུག་ཐབས་ཟད་ཀྱིས་བརྒྱུད་ཚོང་བའི་ནང་ལ་ཁོ་ཚོའི་ཆ་རྐྱེན་ལྟར་ཞུགས་དགོས་བྱུང་བ་དང་། དེ་ནས་རིམ་པ་བཞིན་ཡང་བསྐྱར་སྐྱུག་བྲོ་བའི་ཟློས་གར་གསར་བ་རེ་ཡི་མགོ་གསར་དུ་བརྩམ་པར་འགྱུར་རོ། །
སྒྱུར་བ་བོའི་དཔྱད་པ་ཕྲན་བུ།

    དེང་སང་མི་མང་བོ་ཞིག་བརྒྱུད་ཚོང་བའི་གཡོ་འོག་ཏུ་ཚུད་ཡོད་པ་རེད་ཅེས་གོ་ཡོང་ལ། དེའི་ནང་ན་བོད་པ་ཡང་མང་བོ་ཡོད་རབས་ཐོས། ད་ལྟ་ད་རུང་དེའི་ནང་ན་ཡོད་པ་ཚོས་གནས་ཚུལ་འདི་བདེན་མིན་ཤེས་ངེས་རེད་ལ་ཤེས་ཀྱང་འགོར་སོང་བ་རེད། གཙོ་བོ་སྒོར་མོ་མང་བོ་བཙལ་ན་འདོད་ཡོད་པའི་མི་རྣམས་ཀྱིས་ཉམས་འཇོག་རེ་བྱ་ཕྱིར་ངས་འདིའི་སྐོར་གྱི་སྐད་ཆ་ཤེས་ཚོད་རེ་བྲིས་པ་ཡིན། ཁོ་ཚོ་གཞན་ཞིག་ཡིན་མི་སྲིད་དེ། ཁྱོད་ལ་དུས་རྒྱུན་ཤ་ཚ་ཚ་བྱེད་པའི་མི་སུ་དང་གང་ཡང་རུང་བ་ཞིག་ཡིན་ངེས་ཏེ།  ངོ་བོའི་ཐོག་ནས་བཤད་ན་དང་ཐོག་མི་དེས་ཀྱང་ཁྱོད་ལ་གནོད་པ་བྱ་འདོད་ཡོད་པ་མ་རེད་མོད།  ཁོ་རང་ཡང་དེ་ལྟ་བུའི་རང་གི་ཉེ་མི་ཞིག་གིས་བསླུས་ཏེ། ཕྱུག་པོ་ཆགས་འདོད་པ་མ་ཆགས་པར་རང་གིས་ཐབས་ཤེས་སྤྱད་དེ་བསྐྱི་གཡར་གང་རུང་བྱས་ནས་བཙལ་བའི་སྒོར་མོ་ཁྲི་ཕྲག་མང་བོ་སྤྱང་ཀི་ཞིག་གི་ཁ་ནང་ལ་བཞག་སྟེ། སྤྱང་ཀི་དེ་ཡང་གར་སོང་གང་བྲོས་མ་ཤེས་པའི་གནས་ཚུལ་འོག་ད་གཟོད་ཁྱོད་ལ་ཡང་མགོ་སྐོར་གཏོང་བའི་བསམ་པ་སྐྱེས་ངེས་པ་ཡིན་པས།  ཚང་མས་ཕྱིན་ཆད་གཟབ་གཟབ་གནོང་ཞེས་ཞུ་འདོད་པ་དེ་ཡིན་ནོ། 

རྩོམ་ཡིག་མཁོ་སྤྲོད་པ། སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་གཉན་བུ་ཡིན།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བརྒྱུད་འཚོང་བ་ཁྱོད་ཀྱིས་ཤེས་སམ།   སྤེལ་མཁན།: ཞོགས་སྨྱུག སྤེལ་དུས:2015/10/2
ཤེས་སོང་།
what is infidelity go My husband cheated on me
pharmacy exam coupon code open rite aid online coupon
ventolin 4mg waltersgarage.com cipro 250mg
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23529349
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།