ཨ་ཧྥོ་ཧན་ལ་ས་འགུལ་དྲག་པོ་བྱུང་ནས་པ་ཅི་སི་ཐན་གྱི་མི་73ཚེ་ལས་འདས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཨ་ཧྥོ་ཧན་ལ་ས་འགུལ་དྲག་པོ་བྱུང་ནས་པ་ཅི་སི་ཐན་གྱི་མི་73ཚེ་ལས་འ
ཨ་ཧྥོ་ཧན་ལ་ས་འགུལ་དྲག་པོ་བྱུང་ནས་པ་ཅི་སི་ཐན་གྱི་མི་73ཚེ་ལས་འདས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-10-26ལྟ་ཀློག (5235)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ཨ་ཧྥོ་ཧན་ལ་ས་འགུལ་དྲག་པོ་བྱུང་ནས་པ་ཅི་སི་ཐན་གྱི་མི་73ཚེ་ལས་འདས་པ།
རྒན་གྱའི་ཤ་བོ་ཚེ་རིང་གིས་རྒྱ་ཡིག་གི་གསར་འཕྲིན་ལྟར་བསྒྱུར་བ་ཡིན།
    སྤྱི་ལོ2015ལོའི་ཟླ་10བའི་ཚེད26ཉིན།ཨ་རིའི་ས་གཤིས་ཚད་ཞིབ་ཅུའུ་ཡི་དྲ་ཚིགས་སྟེང་བསྒྲགས་པའི་གནས་ཚུལ་ལྟར་ན། པེ་ཅིན་གྱི་དུས་ཚོད་ཚེས་26ཉིན་གྱི་ཕྱི་དྲོའི་ཆུ་ཚོད་17དང་སྐར་མ9ཡི་ཐོག ཨ་ཧྥོ་ཧན་ལ་ཚད་རིམ་7.7ཅན་གྱི་ས་འགུལ་དྲག་པོ་ཞིག་བྱུང་ཡོད་པ་དང་། འགུལ་ལྟེའི་ཟབ་ཚད་ལ་སྤྱི་ལེ་213ཡོད་པ་རེད།
བོའུ་ཙི་པེ་ཁི་སི་ཐན་དང་། པ་ཅི་སི་ཐན། རྒྱ་གར། བལ་བོ་སོགས་ཀྱི་རྒྱལ་ཁབ་ཚང་མར་ས་འགུལ་གྱི་ཚོར་སྣང་ཤུགས་དྲག་ཡོད་པ་རེད་ལ། BBCགསར་འགྱུར་འཕྲིན་ལམ་ནས་བསྒྲགས་པ་ལྟར་ན། དེ་རིང་གི་ས་འགུལ་དྲག་པོ་དེས་ཉུང་མཐར་ཡང་པ་ཅི་སི་ཐན་གྱི་མི་40ལྷག་དང་། ཨ་ཧྥོ་ཧན་གྱི་མི 20ལྷག་བཅས་རྐྱེན་ལམ་དུ་བཏང་ཡོད་པ་མ་ཟད། མི་བརྒྱ་ཕྲག་མང་བོར་རྨས་སྐྱོན་བཟོས་ཡོད་པ་དང་།  སྡོད་ཁང་དང་འཛུགས་སྐྲུན་དངོས་རྫས་ཧ་ཅང་མང་བོར་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པས་མིའི་ཤི་གྲངས་ད་རུང་ཇེ་མང་དུ་འགྲོ་ངེས་རེད་ཟེར།  བསྒྲགས་པའི་གནས་ཚུལ་ལྟར་ན། ས་འགུལ་དེ་བྱུང་ནས་སྐར་མ་བཅུ་ཙམ་གྱི་རྗེས་སུ་ཡང་བསྐྱར་ཚད་རིམ་4.8ཅན་གྱི་ས་འགུལ་ཐེངས་ཤིག་བྱུང་སོང་ཟེར།
  གཞན་ཡང་ཀྲུང་གོའི་ས་འགུལ་བརྟག་དཔྱད་སྟེགས་བུའི་དྲ་བ་ནས་དངོས་སུ་ཚོད་ཞིབ་བྱས་པར་གཞིགས་ན། ཟླ་10བའི་ཚེས་26ཉིན་གྱི་ཆུ་ཚོད་17དང་སྐར་མ་09ཡི་སྟེང་དུ། རྒྱ་སྐད་ཀྱིས་ཞིན་ཏོའུ་ཁོའུ་ཧྲིན་兴都库什ཟེར་བའི་ས་ཁུལ་ཏེ།(སའི་གོ་ལའི་བྱང་ཐིག་ཏོའུ36.5དང་། ཤར་ཐིག་ཏོའུ70.8 གཉིས་ཀྱི་བསྣོལ་མཚམས་སུ)ཚད་རིམ་7.8ཅན་གྱི་ས་འགུལ་ཅིག་རྒྱབ་པའི་འགུལ་ལྟེའི་ཟབ་ཚད་ལ་སྟོང་རྨིད་210ཡོད་ཟེར། ཆེས་གསར་བའི་གསར་འཕྲིན། ཀྲུང་དབྱང་བརྙན་འཕྲིན་ཁང་གི་པ་ཅི་སི་ཐན་དུ་སྡོད་པའི་གསར་འགོད་པས་པ་ཅི་སི་ཐན་གྱི་གསར་ལམ་གྱི་གནས་ཚུལ་གཞིར་བཟུང་ནས་བཤད་པའི་སྐད་ཆ་ལ་གཞིགས་ན། ཐེངས་འདིའི་ས་འགུལ་ཁྲོད་པ་ཅི་སི་ཐན་གྱི་མི73འདས་བཀྲོངས་སུ་ཕྱིན་ཡོད་པ་ལས་གཞན།   ས་འགུལ་བྱུང་ས་མང་ཆེས་ཤས་རི་ཁུལ་ཡིན་པས་མིའི་ཤི་གྲངས་ད་རུང་གཏན་ཁེལ་བྱ་ཐབས་ཁྱོན་ནས་མི་འདུག་ཟེར།

གསར་འགྱུར་མཁོ་སྤྲོད་པ། སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་གཉན་བུ་ཡིན།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he7k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23497830
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།