ནང་ཆེན་རྫོང་སྐབས་དང་པོའི་སྐྱེ་ཁམས་ཁོར་སྲུང་བགྲོ་གླེང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ནང་ཆེན་རྫོང་སྐབས་དང་པོའི་སྐྱེ་ཁམས་ཁོར་སྲུང་བགྲོ་གླེང་།
ནང་ཆེན་རྫོང་སྐབས་དང་པོའི་སྐྱེ་ཁམས་ཁོར་སྲུང་བགྲོ་གླེང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-10-25ལྟ་ཀློག (3978)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

   

ནང་ཆེན་རྫོང་སྐབས་དང་པོའི་སྐྱེ་ཁམས་ཁོར་སྲུང་བགྲོ་གླེང་། 

      ནང་ཆེན་རྫོང་ཐེངས་དང་པོའི་སྐྱེ་ཁམས་ཁོར་སྲུང་བགྲོ་གླེང་ནི་ནང་ཆེན་རྫོང་ན་གཞོན་ཞབས་ཞུ་མཐུན་ཚོགས་ཀྱིས་བཀོད་སྒྲིག་འོག་སྤྱི་ལོ་༢༠༡༥ལོའི་ཟླ་༡༠པའི་ཚེས་༢༠དང་༢༡ཉིན་གཉིས་ཀྱི་རིང་དུ་ནང་ཆེན་རྫོང་ཐོག་དུ་འཚོགས་པ་ཡིན།  བགྲོ་གླེང་ཐོག་ཏུ་གཉན་པོ་གཡུ་རྩེའི་འདབས་ཀྱི་སྐྱེ་ཁམས་སོ་སྲུང་བའམ་འདབ་ཆགས་ཞིབ་འཇུག་པ་གྲགས་ཅན་མཁས་དབང་འཇུ་བཀྲ་ཤིས་བཟང་པོའམ་བྱ་རྫི་བླ་མ་མཆོག་དང་།  སྤྲུལ་སྐུ་བདུད་འདུལ་མཆོག      པེ་ཅིང་རི་ཆུ་སྲུང་སྐྱོབས་ཚོགས་པའི་ཚོགས་མི་Ma Hai Yuanདང་། ནང་ཆེན་ན་གཞོན་ལས་སྤེལ་ཞབས་ཞུ་མཐུན་ཚོགས་ཀྱི་འགན་འཛིན་པ་དང་། ཐེངས་འདིའི་བགྲོ་གླེང་བཀོད་སྒྲིག་པ་ནང་ཆེན་དགའ་སྤྲོ།   པེ་ཅིང་རི་ཆུ་སྲུང་སྐྱོབ་ཚོགས་པའི་མི་སྣ་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བཞི་བའི་མཐར་ཕྱིན་སློབ་མ་རྒྱལ་རོང་ཀུན་དགའ་དབྱིག་གཉེན།    ཡུལ་ཤུལ་ཁུལ་བྱམས་བརྩེ་ཚོགས་པའི་ཚོགས་མི་ཡེ་ཤེས་རྒྱ་མཚོ་སོགས་ཀྱིས་ཁོར་ཡུག་གི་ཉམས་རྒུད་དང་འབྲེལ་ཁོར་སྲུང་འདུ་ཤེས་དང་། ཁོར་ཡུག་གཙང་སྦྲ་སོགས་མ་འོངས་པ་ལ་ཡར་རྒྱས་ཇི་ལྟར་གཏོང་དགོས་ཚུལ་དང་། གད་སྙིགས་ཇི་ལྟར་གཙང་སྦྲ་བྱེད་དགོས་ཚུལ། ང་ཚོས་ང་ཚོའི་ཁོར་ཡུག་ངོ་ཤེས་པའི་ཐོག་ནས་ང་ཚོ་ང་ཚོའི་ཁོར་ཡུག་ལ་དགའ་དགོས། དགའ་བ་ཙམ་གྱིས་མི་ཆོག་པར་ང་ཚོའི་ཁོར་ཡུག་དེ་ང་ཚོས་སྲུང་དགོས་པ་སོགས་ཀྱི་བགྲོ་གླེང་ལྷུག་པོ་གནང་།  ད་རུང་ནང་ཆེན་ཡུལ་གྱི་ཁོར་སྲུང་གི་ཚོགས་པ་བཞི་བཅུ་གཡས་གཡོན་ཙམ་གྱིས་འཐུས་ཚབ་མི་སྣས་ཚོགས་པ་སོ་སོའི་འདས་མ་འོངས་ངོ་སྤྲོད་དང་ལས་རིམ་གྱི་ཉམས་མྱོང་ཧ་ལས་པའི་སྒོ་ནས་གསལ་བཤད་དང་ཕན་ཚུན་གོ་བསྡུར་བྱས།    
    



འཕྲིན་གཏོང་བ།  སྐབས་བཅོ་བརྒྱད་པའི་མཐར་ཕྱིན་སློབ་མ་ཨོ་རྒྱན་རབ་གསལ་ཡིན།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531652
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།