བོད་ཁུལ་སློབ་རའི་འཕྲིན་གསར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »བོད་ཁུལ་སློབ་རའི་འཕྲིན་གསར།
བོད་ཁུལ་སློབ་རའི་འཕྲིན་གསར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-10-21ལྟ་ཀློག (5602)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཁུལ་སློབ་རའི་འཕྲིན་གསར།

ངེད་དྲ་བའི་བཅར་འདྲི་བྱ་ཡུལ།  ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གི་དགེ་རྒན་གཙང་སྐར་རབ་བརྟན།

   རྒྱུས་ལོན་བྱས་པ་ལྟར་ན་2015ལོའི་སྤྱི་ཟླ་10བའི་ཚེས་21ཉིན་ཀན་སུའུ་ཞིང་ཆེན་མདོ་ལྷོ་ཁུལ་ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གིས་སློབ་མར་ཆུང་དུས་ནས་རང་རིགས་ཀྱི་བྲོ་མ་ཉམས་པའི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་དང་དུངས་པ་སྐྱེ་ཕྱིར་སྲོལ་རྒྱུན་ཀ་ཅ་འགྲེམ་སྟོན་དང་ངོས་འཛིན་གྱི་༼རིག་གནས་ཀྱིས་སེམས་རྒྱུད་ཕྱུག་པོར་གཏོང་།།སྒྱུ་རྩལ་གྱིས་མི་ཚེའི་རིན་ཐང་བསྐྲུན།།༽ཞེས་པའི་བྱ་འགུལ་ཞིག་སྤེལ་ལ། བྱ་འགུལ་འདི་ལས་རང་མི་རིགས་ཀྱི་རྩམ་དྲི་མ་ཡལ་བའི་རོང་འབྲོག་པའི་འཚོ་བའི་ཀ་ཅ་མང་བོ་ཞིག་འཚོལ་སྡུད་བྱས་ཏེ་སློབ་མ་རྣམས་ལ་འགྲེམ་སྟོན་གནང་ཞིང་།  འགྲེམ་སྟོན་གྱི་བརྒྱུད་རིམ་ཁྲོད་དགེ་རྒན་རྣམས་ཀྱིས་སློབ་མ་ཚོར་ཀ་ཅ་རེ་རེའི་རྒྱུ་ཆ་དང་བྱེད་ལས་དེའི་བཀོལ་སྤྱོད་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་སོགས་ཆུ་ཚོད་གསུམ་ལྷག་ལ་རྒྱས་བཤད་བྱས་ཤིང་མཐོ་རིམ་འཛིན་གྲྭའི་སློབ་མ་ཡོངས་ལ་དེ་རིང་གི་བྱ་འགུལ་འདིའི་མགོ་འཇུག་བར་གསུམ་དུ་རང་ཉིད་ལ་བློ་སྐྱེད་ག་འདྲ་བྱུང་བ་དང་མྱོང་ཚོར་ཅི་ཙམ་ཐོབ་པའི་ཕྱོགས་ནས་རྩོམ་ཡིག་རེ་འབྲི་རྒྱུ་དང་།  དམའ་རིམ་གྱི་སློབ་གྲོགས་ཚོར་རང་མི་རིགས་ཀྱི་མེས་པོ་བློ་གྲོས་ཅན་དག་གིས་རྩལ་ལས་བཏོན་པའི་ཀ་ཅ་འདི་དག་གཙོས་རང་མི་རིགས་ཀྱི་རིན་ཐང་གཞལ་དུ་མེད་པའི་སྲོལ་རྒྱུན་གྱི་རིག་གནས་འདི་དག་ལ་གཅེས་སྤྲས་དང་བདག་པོ་རྒྱག་རྒྱུའི་ཀུན་སློང་ཙམ་སྐྱེས་སུ་བཅུག་པས།  གཅིག་ནས་སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་གཉིས་ནས་སློབ་མ་ཚོར་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་དང་དུང་བ་ཆེ་ཆེར་དུ་གཏོང་བར་ཕན་ནུས་གལ་ཆེན་ཐོན་པའོ།།

 

༼རིག་གནས་ཀྱིས་སེམས་རྒྱུད་ཕྱུག་པོར་གཏོང་།།སྒྱུ་རྩལ་གྱིས་མི་ཚེའི་རིན་ཐང་བསྐྲུན།།༽ཞེས་པའི་བྱ་འགུལ་སྤེལ་བཞིན་པའི་ཡུལ་དངོས།

སློབ་གྲོགས་ཚོས་བོད་རང་གི་ཅ་ལག་རྣམས་ངོས་འཛིན་བྱེད་བཞིན་པ།

དགེ་རྒན་གྱིས་སློབ་གྲོགས་རྣམས་ལ་བོད་རང་གིས་ཅ་ལག་འདི་དག་རྒྱུན་ལྡན་འཚོ་བའི་ནང་བཀོལ་སྟངས་ཁྲིད་བཞིན་པའི་ཡུལ་དངོས།

ཐེངས་འདིའི་བྱ་འགུལ་གྱིས་དེང་གི་སློབ་མ་ཆུང་ཆུང་མང་ཆེ་བས་བོད་རོང་འབྲོག་གཉིས་ཀྱི་ཡོ་བྱད་ངོས་འཛིན་དཀའ་བའི་ཚད་དུ་སླེབས་པ་ཤེས་པ་རེད།

དགེ་རྒན་ཚོས་ཁ་མཚར་དང་ཀུ་རེའི་ཁྲོད་ནས་སློབ་མ་ལ་བོད་རང་གི་ཡོ་བྱད་འདི་དག་ངོ་སྤྲོད་གནང་བཞིན་ཡོད།

སྲོལ་རྒྱུན་གྱི་འཚོ་བའི་ཀ་ཅ་སྣ་ཚོགས་འགྲེམ་སྟོན་གནང་བཞིན་པ། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
23550744
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།