བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་གི་ཕྱི་གླིང་བའི་ཟིན་ཐོ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 22 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ལོ་རྒྱུས།» ཉེ་རབས། »བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་གི་ཕྱི་གླིང་བའི་ཟིན་ཐོ།
བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་གི་ཕྱི་གླིང་བའི་ཟིན་ཐོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-10-20ལྟ་ཀློག (1928)རྩོམ་ཁུངས: བཙན་པོ་ཚང་།པར་འདེབ།

བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་གི་ཕྱི་གླིང་བའི་ཟིན་ཐོ།

----བོད་ཡུལ་དུ་སླེབས་པའི་ཕྱི་གླིང་བའི་སྐོར་གྱི་ཟིན་ཐོ་གཞན་ཞིག

སྙན་བཟང་གཡུང་དྲུང་ཚེ་རིང་།

འཇོར་རྗེ བྷོ་གལ། (1746-1781

     དུས་རབས་བཅུ་བདུན་པའི་ནང་བོད་དུ་ཡེ་ཤུའི་ཆོས་སྤེལ་མཁན་གྱི་ཕྱི་གླིང་བ་དངོས་སུ་སླེབས་ཡོད་ལ། དུས་རབས་བཅོ་བརྒྱད་པའི་ནང་དུ་ཆོས་སྤེལ་མཁན་མིན་པའི་ཕྱི་གླིང་བའང་བོད་དུ་འབྱོར་ཡོད་པ་འདི་ལྟར། སྤྱི་ལོ་༡༧༢༥ལོར་སྐུ་ཞབས་ཨ་མའོ བང་ཌ ཕུ་ཁྲ་(Amuel Van Der Putte)ལགས་དུས་སྐབས་དེར་ཁོང་གི་རྒྱལ་ཁབ་ཨར་ལན་ཌའི་དབང་བསྒྱུར་འོག་ཏུ་ཡོད་པའི་རྒྱ་གར་གྱི་ས་ཆར་(Cochin)འགྲུལ་བཞུད་དུ་བསྐྱོད་ཡོད་པ་དང་། དུས་ཡུན་རིང་པོ་མ་འགོར་བར་ཁོང་བོད་དུ་བསྐྱོད་མྱོང་བའི་སྒྲི་སི་སྒྲི་རེ་(Ippolito Desideri)ལགས་ལ་ཐུག་འཕྲད་བྱུང་སྟེ། སྤྱི་ལོ་༡༩༢༧ལོར་སྒྲི་སི་སྒྲི་རེ་ལགས་ཀྱི་རོགས་རམ་ལ་བརྟེན་ནས་བལ་པོ་བརྒྱུད་ལྷ་སར་སླེབས་ཤིང་། ལྷ་ས་ནས་ཡེ་ཤུའི་ཆོས་ཚོགས་ཀ་པུས་གཟན་(Capusins)ཞེས་པ་དེར་བསྡད། ལྷ་སར་སླེབས་ནས་ཟླ་འགའ་འགོར་རྗེས། ཁོང་ལྷ་ས་ནས་ཐོན་ཏེ་མཚོ་སྔོན་པོའི་ཕྱོགས་བརྒྱུད་རྒྱ་ནག་པེ་ཅིན་དུ་བསྐྱོད་འདུག་ལ། ལོ་ཤས་ཀྱི་རྗེས་ནས་ཕྱིར་ལྷ་སར་ལོག་སྟེ་རྒྱ་གར་དུ་ཕྱིན་ཡོད། ཕྲན་གྱིས་ཁོང་གི་ལོ་རྒྱུས་གསལ་པོ་མ་རྙེད་ཀྱང་།  ཁོང་གིས་ཀྱང་བོད་ཀྱི་སྐོར་ལས་འཕྲོས་ཏེ་ཟིན་བྲིས་དང་། ས་ཁྲ་སོགས་བྲིས་ཡོད་སྐད།

        སྤྱི་ལོ་༡༧༧༤ལོར་རྒྱ་གར་ཨིན་གཞུང་གི་གཞུང་འཛིན་པ་བོར་རན ཧེ་སུ་ཀྲན་(Waren Hastings)ལགས་ཀྱིས་བཀྲ་ཤིས་ལྷུན་པོར་བཞུགས་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་བརྒྱུད་འབྱུང་འགྱུར་ཨིན་བོད་གཉིས་ཀྱི་འབྲེལ་ལམ་དང་། ཚོང་འབྲེལ། བོད་ཀྱི་གནས་སྟངས་སོགས་རྒྱུས་ལོན་གནང་ཆེད་སི་ཁོ་ཌི་ལན་ཌིའི་འཇོར་རྗེ བྷོ་གལ་(George Bogle)ལགས་དང་ཁོང་གི་ལག་རོགས་ཨ་ལེག་ཟན་ཌར ཧ་མལ་ཁྲོན་(Alexander Hamilton)ལགས་གཉིས་བོད་དུ་བཏང་། ཁོང་གཉིས་འབྲུག་ཡུལ་ནས་ཐོན་ཏེ་ཕག་རི་དང་། རྒྱལ་རྩེ་སོགས་བརྒྱུད་ཟླ་ ༡༡ པའི་ ༨ ཉིན་བདེ་ཆེན་རབ་རྒྱབ་དགོན་དུ་འབྱོར་ཏེ་པཎ་ཆེན་རིན་པོ་ཆེར་མཇལ་འཕྲད་གནང་། ལོ་དེའི་ཕྱི་ལོར་པཎ་ཆེན་རིན་པོ་ཆེ་དང་ལྷན་དུ་གཞིས་ཀ་རྩེར་སླེབས་པ་དང་། ཐོག་མར་གཞིས་ཀ་རྩེའི་རང་བྱུང་གི་ས་བབ་དང་མཛེས་ཉམས་མེད་པའི་ཁོར་ཡུག་ལ་སྤྲོ་སྣང་དེ་ཙམ་བྱུང་མེད་ནའང་། རིམ་གྱིས་པཎ་ཆེན་རིན་པོ་ཆེ་དང་འབྲེལ་ལམ་ཡག་པོ་བྱུང་ཡོད།

      ཁོང་བོད་དུ་ཟླ་ལྔ་ལ་བསྡད་ཅིང་། ལོ་ངོ་དེ་དག་གི་རིང་དུ་ཁོང་བཀྲ་ཤིས་ལྷུན་པོའི་ཆོས་སྲིད་ཀྱི་མཛད་སྒོ་དང་། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་སྣ་མང་པོ་ཞིག་ལ་ཐུག་འཕྲད་བྱས་ཤིང་། བོད་མོ་ཞིག་ལ་གཉེན་སྒྲིག་བྱས་ཏེ་བོད་ཡིག་དང་བོད་སྐད་ཀྱང་སྦྱངས་པར་བཤད། སྐབས་དེར་ཁོང་གིས་ལྷ་སར་འགྲོ་བར་འབད་བརྩོན་བྱས་ཀྱང་བོད་གཞུང་གིས་རྒྱལ་བ་རིན་པོ་ཆེ་དགུང་ལོ་ཆུང་བར་བསྙད་དེ་ཆོག་མཆན་སྤྲད་མེད། དེར་བརྟེན། ཨིན་བོད་གཉིས་ཀྱི་འབྲེལ་ལམ་ཡག་པོ་ཞིག་འཛུགས་མ་ཐུབ་པས་ཁོང་གི་ལས་དོན་གཙོ་བོ་འགྲུབ་མེད་ཀྱང་།  ཁོང་ནི་པཎ་ཆེན་རིན་པོ་ཆེར་ཧ་ཅང་དགའ་བོ་གནང་མཁན་གྱི་ནུབ་ཕྱོགས་པ་ཞིག་ཡིན་ལ། པཎ་ཆེན་རིན་པོ་ཆེས་ཁོང་ལ་རྒྱ་གར་དུ་བོད་མི་གནས་སྐོར་བ་ཚོ་སྡོད་ས་ཞིག་རྒྱག་ཆོག་པའི་རེ་སྐུལ་ཞུས་པ་དང་ལེན་ཀྱང་བྱས་ཡོད། ཕྱིས་སུ་ཁོང་གིས་བོད་ཀྱི་མཐོང་ཐོས་མྱོང་གསུམ་རྒྱུན་ཐག་ཏུ་བྱས་ཏེ་དེབ་ཅིག་འབྲི་རྩོམ་གནང་ཡོད་ནའང་། དེབ་དེ་སྤྱི་ལོ་༡༨༧༦ལོར་གཞི་ནས་པར་སྐྲུན་བྱས་པ་རེད།

      སྤྱི་ལོ་༡༧༨༡ལོར་ཁོང་ཀ་ལི་ཀ་ཏར་སྐུ་གྲོངས་ཡོད་ལ། སྤྱི་ལོ་༡༧༨༣ལོར་བོར་རན་ཧེ་སུ་ཀྲན་ལགས་ཀྱིས་རྒྱ་གར་ཨིན་གཞུང་དང་པཎ་ཆེན་རིན་པོ་ཆེ་གཉིས་ཀྱི་འབྲེལ་བ་ཡག་པོ་ཡོད་པའི་གོ་སྐབས་སྤྱད་དེ་ཡང་སྐྱར་གཞུང་ཚབ་པ་ཟ་མོའོ་ཀྲ་ནཱ་(Samuel Turner)ལགས་བཀྲ་ཤིས་ལྷུན་པོར་མངགས་གཏོང་གནང་། ཁོང་ཡང་འཇོར་རྗེ་བྷོ་གལ་ལྟར་བཀྲ་ཤིས་ལྷུན་པོའི་ཆོས་སྲིད་ཀྱི་མཛད་སྒོ་དང་། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་སྣ་གང་མང་ཞིག་ལ་ཐུག་འཕྲད་གནང་བ་མ་ཟད། དགུང་ལོ་གཅིག་དང་ཟླ་དྲུག་ལ་ཕེབས་པའི་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་ལའང་མཇལ་ཡོད། ཁོང་བཀྲ་ཤིས་ལྷུན་པོར་སྡོད་པའི་དུས་ཡུན་ཐུང་ནའང་། ཁོང་གིས་"བོད་དང་འབྲུག་གི་གཞུང་ཚབ་པ་"ཞེས་པའི་དེབ་ཅིག་བརྩམས་ཡོད་པ་དེའི་ནང་དུ་བཀྲ་ཤིས་ལྷུན་པོ་དང་། བོད་གཞུང་། མན་ཇུའི་བཅས་ཀྱི་འབྲེལ་ལམ་སྐོར་གྱི་གནས་ཚུལ་ཞིབ་འབྲི་བྱས་ཡོད།

      སྤྱི་ལོ་༡༨༡༡ལོར་ཨིན་ཇིའི་རྒྱལ་ཁབ་ཀྱི་སྨན་པ་ཐའོ་མཱ མ་ནན་(Thomas Manning)ལགས་ཀྱང་རྒྱ་གར་དུ་སླེབས་ཏེ་ཕྱག་ལས་གནང་ཡོད་ཀྱང་། སྤྱི་ལོ་༡༨༡༡ལོའི་ཟླ་བཅུ་པའི་ནང་ཕག་རི་རྫོང་གི་རྒྱའི་དམག་དཔོན་ཞིག་གི་རོགས་རམ་འོག་ཁོང་ལྷ་སར་ལྟ་སྐོར་དུ་སླེབས། སྤྱི་ལོ་༡༨༡༢ལོའི་ཟླ་༤པའི་ཚེས་༡༩ཉིན་མན་ཇུའི་ཨམ་བན་གྱིས་ལྷ་ས་ནས་ཕྱིར་འབུད་བྱས་པ་དང་། དེ་ནས་ཁོང་རྒྱ་གར་དུ་ཕྱིར་ལོག་གནང་དགོས་བྱུང་འདུག

      ཁོང་གི་མཐོང་སྣང་གི་ལྷ་ས་ནི་འདི་ལྟར། ཐའོ་མཱ་མ་ནན་ལགས་ཀྱིས་ཕོ་བྲང་པོ་ཏ་ལ་ནི་བསམ་ཡུད་ལས་འདས་ཀྱང་། ལྷ་སའི་ཁང་པ་དག་ལ་དུད་དྲེག་ཆགས་ཏེ་རྡོ་སོལ་གྱི་མདོག་ལྟར་མངོན་ཞིང་། སྲམ་ལམ་མང་པོ་ན་ཁྱི་ཚོགས་མཐོང་རྒྱུ་ཡོད་པ་མ་ཟད། ཁྱི་ལྡོམ་མང་པོས་ཟུག་སྐད་འབྱིན་བཞིན་སེམས་ཅན་གྱི་པགས་པ་ལྡད་ཅིང་། བྱ་རྒོད་དག་གིས་ཀྱང་ཤི་ཟིན་པའི་ཁྱི་རོ་ཟ་བཞིན་ཡོད་པས་སྲང་ལམ་གང་སར་དྲི་ངན་གྱིས་ཁྱབ་ཡོད་ཚུལ་དང་། ལྷ་སར་ཡོད་པའི་ཨམ་བན་དང་དམག་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ཚུལ་མཐུན་མིན་སྟབས། བོད་ཀྱི་བླ་མ་དང་བོད་མི་ཚོས་རྒྱ་ནག་གི་ཆབ་སྲིད་ལ་ཡིད་ཆེས་གནང་གི་མེད་པ་དང་། བོད་དུ་སྡོད་པར་མོས་མཐུན་ཀྱང་གནང་གི་མེད་ཚུལ་གསུངས་ཡོད། འོན་ཀྱང་། ཁོང་དགུང་ལོ་བདུན་ལ་ཕེབས་པའི་རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོར་མཇལ་སྐབས། ཁོང་ལ་ཚོད་ཚོད་མེད་པར་སྨྲ་བསམ་བརྗོད་ལས་འདས་པའི་ཚོར་སྣང་གློ་བུར་བ་ཞིག་སྐྱེས་པ་དང་། ཚོར་སྣང་གློ་བུར་བ་དེས་མིག་ཆུ་བཞུར་དགོས་ཚུལ་སོགས་གསུངས་ཡོད། ད་དུང་། བོད་དུ་བེམ་པོ་བྱ་སྦྱིན་གྱི་ལུགས་སྲོལ་ཡོད་པ་དེ་མཐོང་ནས་བོད་དུ་མིས་བྱ་རྒོད་ཟ་ཡི་མི་འདུག་ལ། བྱ་རྒོད་ཀྱིས་མི་ཟ་ཡི་འདུག་ཅེས་པའི་ཁོང་གི་སྐད་གྲགས་ཅན་གྱི་གསུང་འདི་ཡང་རྩོམ་ཡིག་ཅིག་ཏུ་གསལ་བས་འདིར་དྲངས་པ་ཡིན།

       སྤྱི་ལོ་༡༨༩༠ལོར་རྒྱལ་སྲས་(Le prince Henri d’Orléan)ལགས་ཀྱང་རི་བོ་ཧི་མ་ལ་བརྒལ་ནས་བོད་ཀྱི་བྱང་ཐང་བརྒྱུད་དེ་ལྷ་སར་འགྲོ་བར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཡོད་ནའང་རེ་བ་འབྲས་མེད་དུ་གྱུར་འདུག ད་དུང་བར་སྐབས་དེར་ཨུ་རུ་སུའི་དམག་སྤྱི་Nicolai Prjevalskདང་།  ཧྥ་རན་སིའི་Gabriel bonvalotལགས། ལྷག་པར་དུ་དུས་རབས་ཉི་ཤུ་པའི་ནང་དུ་ནུབ་ཕྱོགས་ཀྱི་ཡུལ་ཁམས་རྟོག་ཞིབ་པ་དང་། སྲིད་དོན་པ། བོད་རིག་པ་བ་སོགས་དཔེར་ན་Fanny Bullock Workman, Sven Hedin, Francis Younghusband, Edmund Candler, Jacques Bacot, Joseph Rock, George Perreiraསོགས་སླེབས་ཡོད་ལ། གོང་གི་ཕྱི་གླིང་བ་རེ་ཟུང་གིས་བོད་དུ་ཅི་གནང་གི་ལོ་རྒྱུས་སོགས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་དང་རྩོམ་ཡིག་གཞན་དུའང་གསལ་བས་འདིར་མ་བྲིས་སོ།

(ཕྲན་གྱིས་ཟིན་ཐོ་འདི་ནི་"ཡེ་ཤུའི་ཆོས་སྤེལ་མཁན་ཕྱི་གླིང་བ་བོད་དུ་བསྐྱོད་པའི་ལོ་རྒྱུས་གླེང་བ་"ཞེས་པའི་རྩོམ་ཡིག་དེ་འབྲི་སྐབས་ཟིན་ཐོར་བཏབ་པ་ཞིག་ཡིན། དེ་རིང་རྩོམ་ཡིག་ཅིག་བསྔོགས་སྐབས་ཟིན་ཐོ་འདི་རྙེད་བྱུང་། ཟིན་ཐོ་འདི་ཇེ་རྒྱས་སུ་གཏོང་འདོད་བྱུང་ནའང་དཔྱད་གཞིའི་ཡིག་ཆ་དཀོན་པས་འབྲི་ཐབས་བྲལ། དེར་བརྟེན་འདིར་དོ་སྣང་ཅན་ཚོར་དཔྱད་གཞིའི་ཚབ་ཏུ་ཕུལ་བ་ལགས།)

རྩོམ་ཡིག་བརྒྱུད་སྤྲོད་པ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་བླ་ནག་པ་སྐལ་ལྡན་རྒྱ་མཚོ།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།  


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5870463
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号