​2015 ལོའི་ནོ་པེལ་བྱ་དགའི་གནས་ཚུལ་ཀུན་གསལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »​2015 ལོའི་ནོ་པེལ་བྱ་དགའི་གནས་ཚུལ་ཀུན་གསལ།
​2015 ལོའི་ནོ་པེལ་བྱ་དགའི་གནས་ཚུལ་ཀུན་གསལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-10-20ལྟ་ཀློག (4134)རྩོམ་ཁུངས: དྲ་རྒྱ་ལས་བཏུས།པར་འདེབ།

2015 ལོའི་ནོ་པེལ་བྱ་དགའི་གནས་ཚུལ་ཀུན་གསལ།

དཔལ་གྲགས་ཀྱིས་སྒྲིག་སྒྱུར་བྱས།

     【 འདྲེན་ཚིག】ཁ་སང་དགོང་མོའི་པེ་ཅིང་ཆུ་ཚོད་བདུན་ནས་བཟུང་ད་ལོའི་ནོ་པེལ་བྱ་དགའི་གནས་ཚུལ་ཡོངས་སུ་ཁྱབ་བསྒྲགས་བྱེད་ཚར་སོང་།བྱ་དགའི་མཛད་སྒོ་དངོས་ནི་ནོ་པེལ་གྱི་འདས་སྐར་ཉིན་མོ་ཡིན། མིའི་རིགས་ཀྱི་རིག་པའི་གནས་ཀུན་ལ་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིགམི་ཚུལ་ཚན་རིག་བཅས་གསུམ་དུ་དབྱེ་བསྡུ་བྱེད་ཚུལ་ཞིག་ཡོད།ང་ཚོས་ནི་ད་ལོའི་ནོ་པེལ་རྩོམ་རིག་བྱ་དགའ་གཅིག་པུར་དང་དོད་བྱེད་པ་དང་དུས་རྒྱུན་གྱི་རིག་གཞུང་ཞིབ་འཇུག་ཀྱང་ཆོས་ལུགས་དང་ལོ་རྒྱུས་ལས་མེད་པ་འདིས་བོད་ཀྱི་མིག་སྔའི་དོ་སྣང་བྱེད་ས་དེ་མི་ཚུལ་ཚན་རིག་ཕན་ཆད་དུ་འདའ་ཐུབ་ཀྱིན་མི་འདུག་པ་མཚོན།འདིར་གུས་པས་ད་ལོའི་ནོ་པེལ་བྱ་དགའི་གནས་ཚུལ་ཀུན་གསལ་ཞེས་པ་ཞིག་སྒྲིག་སྒྱུར་བྱས་ནས་བོད་རྣམས་ཀྱི་མིག་དབང་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་ཕྱོགས་སུའང་ཐེངས་ཤིག་གཡོར་བར་སྐུལ་མ་བཏང་བ་ཡིན་ནོ།།

ནོ་པེལ་གསོ་རིག་བྱ་དགའ།

     སུའེ་ཏེན་གྱི་རྒྱལ་ས་སི་ཊོ་ཁཱོམ་གྱི་ཚེས་པ 5 ཡི་ཆུ་ཚོད 11 དང་སྐར་མ 30 སྟེང་། 2015 ལོའི་ནོ་པེལ་སྐྱེ་ལུགས་སམ་གསོ་རིག་བྱ་དགའ་ཁ་རོ་རེན་སི་ཁ་སློབ་གླིང་ནས་མངོན་པར་བསྒྲགས།རེབ་འདིའི་བྱ་དགའ་ཨ་ཨེར་ལན་ཌའི་ཚན་རིག་པ་ཝེལ་ཡེམ C .ཁམ་བྷོལ(William Campbell)ལགས་དང་ཉི་ཧོང་གི་སྨན་རྫས་ཚན་རིག་པ།འབུམ་རམས་པ་ས་ཐོ་ཞི་མོ་ར།(Satoshi ōmura)ཀྲུང་གོའི་སྨན་རིག་པ་ཐུའུ་ཡིའུ་ཡིའུ(屠呦呦)བཅས་ལ་གནང་།ཁོང་རྣམ་གསུམ་གྱིས་གཞན་རྟེན་སྲིན་འབུ་རྒྱུ་སྲིན་ལ་ནན་བཅོས་བྱེད་པའི་ཐབས་གསར་བ་རྙེད་པས་གཟི་བརྗིད་མཚན་སྙན་འདི་གནང་བ་རེད།ཡིན་ནའང་། བྱ་དགའ་དེ་མི་གསུམ་ལ་སུམ་བགོད་ཀྱིས་གནང་བ་མིན་པར། བྱ་དགའི་ཕྱེད་ཀ་ཐོའུ་ཡིའུ་ཡིའུ་ལ་བསྟབས་པ་དང་།ལྷག་མའི་ཕྱེད་ཀ་དེ་ཚན་རིག་པ་གཞན་གཉིས་ལ་ཆ་སྙོམས་ཀྱིས་བསྩལ་ཏོ།།

ཐུའུ་ཡིའུ་ཡིའུ་ལགས་ཀྱིས་ཆིང་ཀའོ་སུའུ(青蒿素)དང་ཆིང་ཟུང་ཆིང་ཀའོ་སུའུ(双氢蒿素)ཡི་ནད་བཅོས་བྱེད་ཐབས་གསར་རྙེད་བྱས་པས་ནད་དམངས་ཀྱི་ཚེ་འཕོ་བའི་བསྡུར་ཚད་མངོན་གསལ་གྱིས་ཇེ་ཉུང་དུ་སོང་བས་མཛད་རྗེས་བླ་ན་མཐོ།ཝེལ་ཡེམ་ཁམ་བྷོལ་དང་ས་ཐོ་ཞི་མོ་ར་གཉིས་ཀྱིས་ཨ་ཝུའེ་ཅོན་སུའུ(阿维菌素)ཞེས་པའི་སྨན་གསར་བ་ཞིག་རྙེད་ཅིང་དེ་ལས་བྱུང་བའི་ཐོན་རྫས་དག་གིས་ཆུ་ཞར་ནད་དང་རྨེན་འབུའི་ནད་སྐྱེད་པའི་བསྡུར་ཚད་ཇེ་དམའ་རུ་བཏང་ཡོད།གསར་རྙེད་འདི་གཉིས་ཀྱིས་ལོ་རེར་མི་སྲོག་ཁྲི་སྟོང་མང་པོ་སྐྱོབ་ཐུབ་ཀྱིན་ཡོད་པས་མིའི་རིགས་ཀྱི་བདེ་ཐང་དང་ནད་ཀྱིས་མི་ལུས་ལ་གཙེ་བའི་འོ་དོད་ཇེ་ཉུང་དུ་གཏོང་བའི་ཐད་དོན་སྙིང་ཆེན་པོ་ཡོད།

ནོ་པེལ་དངོས་ལུགས་རིག་པའི་བྱ་དགའ།

    སུའེ་ཏེན་གྱི་རྒྱལ་ས་སུ་ཊོ་ཁཱོམ་གྱི་ཚེས་པ 6 གི་ཉིན་གུང་ཆུ་ཚོད 11 དང་སྐར་མ 45 སྟེང་། 2015ལོའི་ནོ་པེལ་དངོས་ལུགས་རིག་པའི་བྱ་དགའ་དེ་གའི་སུའེ་ཏེན་གོང་མའི་ཚན་རིག་སློབ་གླིང་དུ་མངོན་པར་བསྒྲགས། གཟི་བརྗིད་མཚན་སྙན་དེ་ཉི་ཧོང་ཚན་རིག་པ་དང་གནམ་རིག་མཁས་པ་ཁཱ་ཇས་ཐཱ་ཐཱ་ཁཱ་ཨ་ཁས(Takaaki Kajita)དང་ཁཱ་ན་ཌའི་དངོས་ལུགས་རིག་པའི་མཁས་པ་ཨར་སིརB.མེ་ཁི་ཌཱ་ནོ་ཌི(Arthur B. McDonald)གཉིས་ལ་བསྟབས་ཏེ།ཁོང་གཉིས་ཀྱིས་ཕྲ་རྡུལ་འབྲིང་བའི་འདར་འགུལ་གསར་དུ་རྙེད་ནས་ཕྲ་རྡུལ་འབྲིང་བར་སྤུས་ཚད་ཡོད་པ་ཚད་མས་ཁུངས་བསྐྱལ་པར་གཟེངས་བསྟོད་བྱས།

ཁཱ་ཇས་ཐཱ་ཐཱ་ཁཱ་ཨ་ཁས་ནི 1959 ལོར་ཆི་ཡུས་རྫོང་དུ་སྐྱེས་ཤིང་ཏུང་ཅིང་སློབ་ཆེན་ནས་དངོས་ལུགས་རིག་པའི་འབུམ་རམས་པ་མཐར་ཕྱིན། 1986 ལོ་ནས་བཟུང་ཁོས་འཛམ་གླིང་དངོས་ལུགས་རིག་པའི་མཁས་པ་རྩེ་གྲ་ཞའོ་ཁྲེ་ཁྲང་ཅོན(小柴昌俊)དང་ཧུའུ་ཀྲུང་ཡང་ཨར(户塚洋二)གཉིས་ཀྱི་ཞབས་སུ་གཏུགས་ནས་ཐོས་བསམ་རྒྱ་ཆེར་བྱས་ཤིང་།དེའི་རྗེས་ཕྲ་རྡུལ་འབྲིང་བའི་ལྟ་ཞིབ་ཁྲོད་རྒྱུན་བརྒལ་གྱི་སྣང་ཚུལ་མཐོང་བས་ཕྲ་རྡུལ་འདར་འགུལ་བྱེད་པར་ཚོད་དཔག་བྱས།འདིའི་སྒྲུབ་བྱེད་འཚོལ་བར་ལྟ་ཞིབ་དན་གྲངས་འབོར་ཆེན་དགོས་པས་ལྷ་རི་དཔྱད་ཞིབ་ཆས་ཆེན་མོའང་དེ་དང་མཉམ་དུ་ཐོན།1996 ལོར་དཔྱད་ཞིབ་ཆས་དེས་མཁའ་རླུང་ཁྲོད་ཀྱི་ཕྲ་རྡུལ་འབྲིང་བར་ལྟ་ཞིབ་ལེགས་པོར་བྱས་པར་མ་ཟད་དེའི་སྤུས་ཚད་ཀྱང་འཇལ་ཐུབ་པ་བྱུང་།1998 ལོར“ཕྲ་རྡུལ་འབྲིང་བའི་དངོས་ལུགས་རིག་པ?འཇིག་རྟེན་དངོས་ལུགས་རིག་པའི་རྒྱལ་སྤྱིའི་གྲོས་ཚོགས”ཞེས་པའི་དཔྱད་རྩོམ་ཐོག་མར་སྤེལ། དེ་ལ 1999 ལོའི་ཉི་ཧོང་གི་ཆེས་མཐོའི་དངོས་ལུགས་རིག་པའི་བྱ་དགའ“仁科芳雄奖”ཞེས་པ་བསྟབས།

ཨར་སིར B.མེ་ཁི་ཌཱ་ནོ་ཌི(ArthurB.McDonald,1943 ལོའི་ཟླ 8 ཚེས 29 ཉིན-)ནི་ཁཱ་ན་ཌའི་དངོས་ལུགས་རིག་པ་བ་དང་ས་དྷི་བྷོ་ལི་ཕྲ་རྡུལ་འབྲིང་བའི་གནམ་རིག་ཞིབ་འཇུག་ཁང་གི་ལས་སྣེ་པ་སོགས་ཡིན་ལ་ཁ་ལི་ཧྥོ་ནེ་ཡ་བཟོ་རྩིས་སློབ་གླིང་ནས་འབུམ་རམས་པ་མཐར་ཕྱིན།

2001ལོའི་ཟླ 8 པར་མེ་ཁི་ཌཱ་ནོ་ཌི་ཡི་སྣེ་ཁྲིད་འོག་ས་དྷི་བྷོ་གནམ་རིག་ཁང་གི་ས་འོག་རྨིད2100 མཚམས་ཀྱི་ཚད་ལེན་སྒྲིག་ཆས་ལ་བརྟེན་ཏེ་ཉི་མ་ལས་མཆེད་པའི་ཕྲ་རྡུལ་འབྲིང་བའི་འདར་འགུལ་དེμ བར་རྡུལ་དང tau ཕྲ་རྡུལ་འབྲིང་བར་འགྱུར་བ་རིགས་འདེད་ཐུབ་པ་བྱུང་།

ནོ་པེལ་རྫས་འགྱུར་བྱ་དགའ།

    ཟླ 10 བའི་ཚེས 7 ཉིན་སུའེ་ཏེན་གོང་མའི་ཚན་རིག་གླིང་གིས་ད་ལོའི་ནོ་པེལ་རྫས་འགྱུར་བྱ་དགའ་བཞེས་མཁན་གྱི་མཚན་ཐོ་མངོན་པར་བསྒྲགས།སུའེ་ཏེན་གྱི་ཐྲོ་མཱ་སི·ལེན་དྷ (Tomas Lindahl)དང་ཨ་རུའི་ཕཱོལ·མའོ་ཌི་རིས(Paul Modrich) ཏུར་ཁེའི་ཨ་ཟིས་ཟི·སན་ཆེར(Aziz Sancar)རྣམ་གསུམ་ལ་བྱ་དགའ་ཐོབ།བྱ་དགའ་འདིས་ཁོང་རྣམ་པས DNA (DNAནི་རྨང་རྒྱུ་སྟེ།ཆ་རྡུལ་ཞིག་ཡིན་ལ་དེས་རྒྱུད་འཛིན་ངག་བཀོད་འགྲུབ་ཐུབ་ཅིང་སྐྱེ་དངོས་ཀྱི་འཚར་ལོང་དང་ཚེ་སྲོག་གི་བྱ་བྱེད་ལ་སྣེ་སྟོན་བྱེད་ཀྱིན་ཡོད།རྨང་རྒྱུའམ་རྒྱུད་རྒྱུ་འདིར་དུས་རྒྱུན་སྨུག་ཕྱིའི་ཐིག་དང་རང་དབང་རྨང་།སྲན་སྐྱེད་རྫས་སོགས་ཀྱིས་གནོད་སྐྱོན་སློང་བཞིན་ཡོད།)སླར་གསོའི་རིག་པར་ཞིབ་འཇུག་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་གཟེངས་བསྟོད་བྱས།

དུས་རབས་སྔོན་མའི་ལོ་རབས 70 བའི་ཚན་རིག་པ་ཚོས་རྨང་རྒྱུ་ནི་ཤིན་ཏུ་བརྟན་པོ་ཞིག་ཡིན་པར་འདོད་ཡོད།རྨང་རྒྱུ་དེ་ཉི་མ་རེ་རེར་ཕྱིའི་གནོད་སྐྱོན་དང་ནང་གི་གྱེས་འགྱུར་རབ་དང་རིམ་པ་བརྒྱུད་དེ་ནུས་པ་ཆེས་ཆེར་བྲི་བར་འགྱུར་མོད།དེས་ད་དུང་ཚེ་སྲོག་གི་རྒྱུན་བསྲིངས་ཐུབ་དོན་ཅི་ཡིན་ནམ།དོགས་སློང་གི་རིག་པ་འདིར་བརྟེན་ནས་ལེན་དྷ་ཡིས་རྨང་རྒྱུའི་ནུས་བྲི་རྒྱུན་མི་ཆད་པར་གསབ་པའི་“ཞན་རྨང་གཅོད་ལེན་སླར་གསབ”(碱基切除修复)ཀྱི་ཆ་རྡུལ་འདིའི་བྱ་བྱེད་གསར་རྙེད་བྱུང་།སན་ཆེར་གྱིས་ཉིང་ཀན་སྐྱུར་གཅོད་ལེན་སླར་གསབ(核苷酸切除修复)ཀྱི་འགྲོས་རིམ་རི་མོར་བྲིས་ཏེ།ཕྲ་ཕུང་གིས་ཇི་ལྟར་འགྲོས་རིམ་འདི་བརྒྱུད་ནས་སྨུག་ཕྱིའི་ཐིག་གིས་རྨང་རྒྱུ་ལ་བཟོས་པའི་གནོད་སྐྱོན་དག་སླར་གསོ་བྱེད་ཀྱིན་པ་གསལ་སྟོན་མཛད།མའོ་ཌི་རིས་ཀྱིས་རྨང་རྒྱུ་གྱེས་འགྱུར་བྱེད་པའི་གོ་རིམ་དུ་ཕྲ་ཕུང་གིས་ཇི་ལྟར་རྨང་རྒྱུ་བསྐྱར་པར་བྱེད་སྐབས་ཐོལ་བྱུང་གི་ནོར་འཁྲུལ་ཡོ་བསྲང་བྱེད་ཀྱིན་པ་གསར་དུ་རྟོགས།ཁོང་རྣམ་པའི་གསར་རྙེད་འདི་དག་གིས་འབྲས་སྲན་ཀྱི་བཅོས་ཐབས་ལ་རེ་བ་གསར་བ་ཞིག་ཁྱེར་ཡོང་བར་བཤད་ཡོད།

ནོ་པེལ་རྩོམ་རིག་བྱ་དགའ།

   ད་ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ནི་བྷེ་ལ་རི་སིའི་བུད་མེད་རྩོམ་པ་པོ་དང་གསར་འགོད་པ་སི་ཝེད་ལ་ན་ཨ་ལེག་ཧེ་ཆི(SvetlanaAlexievich)ལགས་ལ་བསྩལ།བྱ་དགའི་གནས་ཚུལ་དངོས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་སོགས་སུ་གཟིགས་འཚལ། http://www.tibetcm.com

ནོ་པེལ་ཞི་བདེའི་བྱ་དགའ།

    ཟླ 10 ཚེས 9 ཉིན་ནོ་པེར་ཞི་བདེའི་བྱ་དགའི་གནས་ཚུལ་མངོན་པར་བསྒྲགས།རེབ་འདིའི་ནོ་པེར་ཞི་བདེའི་བྱ་དགའ་དེ་མི་སྒེར་མིན་པར་ཚོགས་པ་ཞིག་ལ་ཐོབ་ཡོད་དེ།ཚོགས་པ་འདི་ནི་ཐུའུ་ནེའུ་ཞེ་ཡ་རྒྱལ་སྤྱིའི་བཀའ་མོལ་ཚོགས་ཆེན(the National Dialogue Quartet in Tunisia)ཞུ་བ་རེད།

གཟེངས་རྟགས་འདི་གནང་དོན་ནི་སྒྲིག་འཛུགས་འདིས་ཐུའུ་ནེའུ་ཞེ་ཡ་དམངས་གཙོ་ཅན་དུ་སྐྱོད་པའི་གོ་རིམ་དུ་སྣ་མང་དམངས་གཙོ་བཙུགས་ནས་མཛད་རྗེས་བླ་མེད་བཞག་པས་ཡིན། ཐུའུ་ནེའུ་ཞི་ཡ་སྤྱི་ཚོགས་ལ་དུས་ཟིང་རྒྱ་ཆེར་ལངས་ཤིང་ཆབ་སྲིད་ལྐོག་གསོད་ཀྱི་ལས་འགུལ་སྣ་ཚོགས་ཀྱིས་ཐོར་ཞིག་ཏུ་འགྲོ་བར་ཉེ་སྐབས། སྒྲིག་འཛུགས་འདིས་རྒྱལ་ཁབ་ནང་འཁྲུག་གི་རླབས་ཀྱིས་དེད་དུས་ཁ་ཡོད་ལག་ཡོད་ཀྱིས་ཞི་བདེའི་ཕྱོགས་སུ་ལམ་སྣ་དྲངས་ཡོད།

ནོ་པེལ་གྱི་ཁ་ཆེམས་ལྟར་ན་གཟེངས་རྟགས་འདི་ནི་“མི་རིགས་མཐིན་སྒྲིལ་མཛའ་གཅེས་དང་། རྒྱུན་སྒྲིག་རུ་དམག་ཇེ་ཉུང་དུ་གཏོང་བའམ་མེད་པར་བྱེད་མཁན། ཞི་བདེའི་གྲོས་ཚོགས་ཀྱི་སྒྲིག་འཛུགས་དང་དྲིལ་སྒྲོག་གྱི་ཐད་ལ་ཧུར་ཐག་གིས་འབད་མཁན་དང་མཛད་རྗེས་ཆེན་པོ་འཇོག་མཁན”རྣམས་ལ་སྩོལ་བ་ཞིག་རེད།

ནོ་པེལ་དཔལ་འབྱོར་རིག་པའི་བྱ་དགའ།

    2015 ལོའི་ནོ་པེལ་དཔལ་འབྱོར་རིག་པའི་བྱ་དགའི་མཚན་ཐོ་པེ་ཅིང་དུས་ཚོད་ཟླ10 བའི་ཚེས 12 ཉིན་གྱི་དགོང་མོའི་ཆུ་ཚོད 19 སྟེང་སུའེ་ཏེན་གོང་མའི་ཚན་རིག་གླིང་ནས་མངོན་པར་བསྒྲགས།རེབ་འདིའི་གཟི་བརྗིད་མཚན་སྙན་ཕྲ་མཐོང་དཔལ་འབྱོར་རིག་པའི་དྲན་དབང་་ཨན་གྷོ་སི་ཌེ་ཐྲིན(Angus Deaton)ལགས་ཀྱིས་བཞེས།

བྱ་དགའ་ཐོབ་དོན་ནི་ཁོང་གིས་འཛད་སྤྱོད་དང་དབུལ་ཕོངས།འཚོ་ཕན་བཅས་ཀྱི་ཐད་དབྱེ་ཞིབ་འབུར་དུ་ཐོན་པ་བྱས་པས་རེད།ནོ་པེལ་དཔལ་འབྱོར་རིག་པའི་བྱ་དགའི་དཔྱད་འདེམས་ཚོགས་པས་གསལ་བསྒྲགས་སྤེལ་ནས་བཤད་དོན།འཚོ་ཕན་ལ་སྨན་ཞིང་དབུལ་བོ་ཇེ་ཉུང་དུ་གཏོང་བའི་དཔལ་འབྱོར་སྲིད་ཇུས་ཤིག་ཇུས་འགོད་བྱེད་དགོས་ན།ཐོག་མར་མི་སྒེར་གྱི་འཛད་སྤྱོད་འདམ་ཀ་ལ་རྒྱུས་ལོན་ཟབ་མོ་བྱེད་དགོས།ཌེ་ཐྲིན་གྱི་ཞིབ་འཇུག་གིས་ངོས་ཟིན་འདི་སྔར་བས་གསལ་བོར་བཏང་།ཁོང་གི་ཞིབ་འཇུག་གིས་ཕྲ་མཐོང་དཔལ་འབྱོར་རིག་པ་དང་རགས་མཐོང་དཔལ་འབྱོར་རིག་པ།འཕེལ་རྒྱས་དཔལ་འབྱོར་རིག་བཅས་ལ་འགྱུར་བ་བཏང་ཞེས་བཤད།

   བྱ་དགའ་ཐོབ་རྗེས་ཌེ་ཐྲིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རང་ཉིད་འདི་ལྟར་བཞེངས་ཡོད་དེ།“འཛམ་གླིང་གི་དབུལ་ཕོངས་དང་དེ་དག་གི་སྤྱོད་ལམ།ད་དུང་ཇི་ལྟར་བྱས་ན་ཁོང་ཚོས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པར་དོ་སྣང་བྱེད་མཁན་གྱི་མི་ཞིག”ཅེས་པའོ།།

  ཌེ་ཐྲིན་ལགས་ནི 1945 ལོར་སི་ཁོ་ཐྲི་ལན་ཌི་ཡི་གྲོང་ཁྱེར་ཨ་ཏེན་བྷི་རཱ་རུ་སྐུ་འཁྲུངས།ཨིན་ཇའི་གཙུག་ལག་སློབ་ཆེན་ཁཱམ་བྷི་རེ་ཌི་ནས་ཤེས་རམས་དང་འབུམ་རམས་བཅས་རིམ་པར་མཐར་ཕྱིན།ད་ལྟ་ཨ་རུའི་ཕི་རེན་སི་ཌིན(Princeton)སློབ་ཆེན་གྱི་དཔལ་འབྱོར་སྡེ་ཁག་གི་དཔལ་འབྱོར་རིག་པ་དང་རྒྱལ་སྤྱི་ལས་དོན་གྱི་སློབ་དཔོན་ཆེན་མོ་ཡིན།ཚབ་མཚོན་བརྩམས་ཆོས་ལ《དཔལ་འབྱོར་རིག་པ་དང་འཛད་སྤྱོད་པའི་སྤྱོད་ལམ》དང《རླབས་ཆེ་བའི་རྒྱ་གར་གྱི་དབུལ་ཕོངས་རྩོད་པ》སོགས་ཡོད།

   གསལ་འདེབས།ནོ་པེལ་དཔལ་འབྱོར་རིག་པའི་བྱ་དགའ་ནི་ནོ་པེལ་སྐུ་དངོས་ཀྱི་ཁ་ཆེམས་ལས་འབྱུང་བའི་བྱ་དགའ་ཆེན་པོ་རྣམ་ལྔའི་གྲས་སུ་མེད།དེ་ནི་སུའེ་ཏེན་དངུལ་ཁང་གིས 1968 ལོར་ནོ་པེལ་ལ་རྗེས་དྲན་བྱེད་ཕྱིར་ཁ་སྣོན་བྱས་པ་རེད།བྱ་དགའི་མིང་ཆ་ཚང་ལ“ཨར་ཧྥོ་རེ་ཌི•ནོ་པེལ་རྗེས་སུ་དྲན་པའི་སུའེ་ཏེན་དངུལ་ཁང་དཔལ་འབྱོར་རིག་པའི་བྱ་དགའ”ཞེས་ཟེར།  

གསར་འགྱུར་བརྒྱུད་སྤྲོད་པ། སྐབས་དྲུག་པའི་མཐར་ཕྱིན་སློབ་མ་འབུམ་རྩེ་ཡག 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23540795
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།