གསེར་ལག་ཆོས་རིག་སློབ་གླིང་མཚམས་སྦྱོར་དང་སློབ་གཙོ་གཞོན་པར་བཅར་འདྲི་གནང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅར་འདྲི། »གསེར་ལག་ཆོས་རིག་སློབ་གླིང་མཚམས་སྦྱོར་དང་སློབ་གཙོ་གཞོན་པར་བཅར
གསེར་ལག་ཆོས་རིག་སློབ་གླིང་མཚམས་སྦྱོར་དང་སློབ་གཙོ་གཞོན་པར་བཅར་འདྲི་གནང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-10-17ལྟ་ཀློག (6109)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                            

༄༅།།གསེར་ལག་ཆོས་རིག་སློབ་གླིང་མཚམས་སྦྱོར་དང་སློབ་གཙོ་གཞོན་པར་བཅར་འདྲི་གནང་བ། 

བཅར་འདྲི་བྱེད་མཁན།  རང་དྲ་བའི་འཕྲིན་གཏོང་བ་གསེར་ལག་འཇམས་དབྱངས་ཚུལ་ཁྲིམས། 

དྲི་བར་ལན་འདེབས་མཁན། སློབ་གཙོ་གཞོན་པ་འབའ་ཆོས་རྒྱ་མཚོ། 

     གསེར་ལག་དགོན་ཆོས་རིག་འཕེལ་རྒྱས་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་ཀུན་ཁྱབ་གླིང་ནི་གསེར་ལག་དགོན་པའི་དགོན་བདག་རྒྱ་བཟའི་ཁྲི་རིན་པོ་ཆེ་༧རྗེ་བཙུན་འཇམ་དབྱངས་བློ་གསལ་སྨྲ་བའི་ཉི་མ་མཆོག་གི་ཐུགས་རྗེའི་འོད་སྣང་ལས་འཁྲུངས་པའི་ཤེས་རིག་གི་གླིང་མཆོག་ཅིག་ཡིན་ལ།དེ་ཡང་ཐོག་མར་ས་གནས་འདིའི་དབུལ་ཕོངས་དང་དྭ་ཕྲུག་ཡང་ན་སློབ་གྲྭར་འགྲོ་རྒྱུའི་སྐལ་བ་མ་བྱུང་བའི་སེར་སྐྱ་ཕོ་མོ་རིས་མེད་ཀྱིས་གྲུབ་པའི་སློབ་མ་རྣམས་ལ་ཆེད་དུ་དམིགས་ནས་སྤྱི་ལོ་༢༠༠༤ལོའི་སྤྱི་ཟླ་༩་བའི་ཚེས་༡་ནས་བཟུང་དངོས་སུ་སློབ་འགོ་བརྩམས་པ་ཞིག་ཡིན།  སྔ་གཞུག་ཏུ་སློབ་གླིང་འདི་ནས་ཤེས་ཡོན་གྱིས་ཕྱུག་ཅིང་ཀུན་སྤྱོད་གཙང་བའི་སློབ་བུ་བརྒྱ་ཕྲག་དུ་མ་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་ལ། རྗེས་སུ་སྤྱི་ལོ་༢༠༡༠་ལོའི་ཟླ་༩་བའི་ཚེས་༢༢་ཉིན་ནས་བཟུང་གྲྭ་བཙུན་རྐྱང་རྐྱང་གིས་གྲུབ་པའི་སློབ་གླིང་ཞིག་ཏུ་བསྒྱུར་ཡོད།

      དེ་ཡང་སློབ་གླིང་འདི་ནི་གྲྭ་བཙུན་ན་ཆུང་སློབ་བུ་རྣམས་ལ་ཐོག་མར་ཀློག་དག་པ་དང་ཡིག་གཟུགས་འབྲི་སྦྱོང་།དེ་ནས་རིམ་བཞིན་སུམ་རྟགས་དག་གསུམ་དང་།སྒྲ། སྙན་ངག ནག་རྩིས། ལོ་རྒྱུས། དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས།བསྡུས་གྲྭ  ཆོ་ག་དང་ཆོས་སྤྱོད་སྣ་ཚོགས། འདོན་རྟ་དབྱངས་གསུམ་སོགས་སློབ་ཁྲིད་བྱེད་བཞིན་ཡོད་པར་མ་ཟད་གཞན་རྒྱ་ཡིག་དང་རྩིས་འཕྲུལ་སོགས་ཀྱང་སློབ་ཁྲིད་བྱས་ཏེ་གནའ་དེང་ཟུང་འབྲེལ་གྱི་སྒོ་ནས་སློབ་གསོ་སྒྲུབ་བཞིན་པའི་དགོན་སྡེའི་སློབ་གླིང་ཞིག་ཡིན། ད་སྐབས་སློབ་གླིང་འདིར་འཛིན་གྲྭ་དྲུག་དང་། སློབ་མ་240ལྷག་ཡོད་ལ་དགེ་བཟོ་བ་20ཡོད།སློབ་གླིང་གི་རྨང་གཞིའི་འཛུགས་སྐྲུན་ཐད་ལ་དམངས་སྒོར་ཁྲི་170ལྷག་གི་འགྲོ་གྲོན་བཏང་ནས་སློབ་ཁང་དང་།རྩིས་འཕྲུལ་ཁང་།སློབ་མའི་གཟིམ་ཤག་དང་།དགེ་རྒན་རྣམས་ཀྱི་གཞུང་ལས་ཁང་།རུང་ཁང་།བདེ་ཡངས་འདུ་ཁང་སོགས་བསྐྲུན་ཡོད་པ་དང་།  སློབ་གླིང་འདིའི་སློབ་གསོའི་ཁ་ཕྱོགས་གཙོ་བོ་ནི་ཆུང་དུས་ནས་སློབ་བུ་རྣམས་ལ་གཞུང་ཚིག་བློ་འཛིན་དང་།ད་ལྟའི་སློབ་གླིང་འདིའི་བསླབ་གཞི་དག་ལ་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ་མ་འོངས་པར་ཤེས་ཡོན་གྱི་རྨང་གཞི་བརྟན་ཅིང་བསམ་བློ་དང་ཀུན་སྤྱོད་གཙང་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྐང་འཛིན་མི་སྣའི་དཔུང་སྡེ་རབས་དང་རིམ་པ་འཚར་ལོངས་འབྱུང་སའི་གླིང་ཀ་ཞིག་ཏུ་འགྱུར་ཐུབ་པར་རེ་སྙེག་བྱེད་བཞིན་མཆིས་སོ།།

གསར་འགོད་པ  སློབ་གཙོ་འབའ་ཆོས་རྒྱ་མཚོ་ལགས།    སློབ་གྲྭ་འདི་དབུ་བརྙེས་དུས་ཁྱེད་རང་སྐབས་དེ་དུས་ཀྱི་སློབ་མ་རེད།  སློབ་བུ་ཞིག་གི་ངོས་ནས་ཁྱེད་ཀྱིས་སློབ་གླིང་གསར་བ་འདི་ལ་ལྟ་སྟངས་ག་འདྲ་ཞིག་བཟུང་ཡོད།

སློབ་གཙོ་འབའ་ཆོས།  ང་རང་སློབ་གྲྭ་འདིར་ཞུགས་དུས་གནས་འདིར་ལྷ་ས་དང་དྷི་ཚ་སོགས་ནས་གདན་ཞུ་བྱས་པའི་སྐད་གྲགས་ཅན་གྱི་དགེ་རྒན་མང་བོ་ཞིག་ཡོད་པ་དང་སློབ་མའང་བརྒྱ་ཕྲག་ལྷག་ཡོད་པས་རང་ཉིད་སློབ་སྦྱོང་གི་ཐད་ནས་སློབ་གྲོགས་གཞན་གྱི་རྗེས་ཆོད་རྒྱུ་མ་རེད་བསམ་བྱུང་བ་དང་སློབ་མཐར་ཕྱིན་ཐུབ་མིན་ལའང་སེམས་ཁྲལ་བྱུང་ཐལ།
གསར་འགོད་པ།  སྤྱི་ལོ་༢༠༡༠ནས་བཟུང་ཡང་སློབ་གླིང་འདི་གྲྭ་བ་རྐྱང་རྐྱང་གིས་གྲུབ་པའི་སློབ་གླིང་ཞིག་ཏུ་གྱུར་བ་དང་།  ཁྱེད་རང་ཡང་རང་སློབ་གླིང་འདི་ནས་བསྐྱེད་བསྲིངས་བྱས་པའི་དགེ་རྒན་ཞིག་ཏུ་གྱུར་ཡོད།  དཀྱོགས་མཚམས་མི་འདྲ་བ་འདི་གཉིས་བར་གྱི་མི་འདྲ་བའི་ཁ་ཕྱོགས་དེ་གང་ཡིན་པ་དང་ཉམས་མྱོང་ཅི་ཞིག་ཐོབ་ཡོད།
སློབ་གཙོ་འབའ་ཆོས།  ང་རང་ཉིད་སློབ་གྲྭ་འདིའི་བསྐྱེད་བསྲིང་འོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པས་སློབ་གླིང་འདིའི་སློབ་གསོའི་ཐད་ལ་ཞབས་ཞུ་ཕྲན་ཙམ་ཞིག་སྒྲུབ་ཨེ་ཐུབ་བལྟ་རྒྱུ་ནི་ཕྲག་ཏུ་བབས་པའི་འོས་འགན་རེད་སྙམ་བྱུང་།  དེ་བས་ཁོང་རིན་པོ་ཆེ་གཙོ་བྱས་པའི་དགེ་རྒན་དག་གི་ཞལ་གསུང་མ་ལྡོག་པར་ཕྱིར་མ་ཡུམ་སློབ་གླིང་དུ་འོངས་པ་ཡིན།  སྔོན་མ་ང་རང་སློབ་མ་ཡིན་དུས་ཀྱི་སློབ་གླིང་དེ་ནི་གྲྭ་གྲོང་མཉམ་བསྲེས་ཡིན་ལ་སྤྱི་ཚོགས་སློབ་གསོའི་ཤུགས་ཆེ་བ་དང་ད་ལྟའི་སློབ་གླིང་འདི་ནི་དགོན་སྡེའི་སློབ་གསོ་གཙོ་བོར་འཛིན་པ་ཞིག་རེད།  དེ་ཡང་སྔོན་གྱི་ཉམས་མྱོང་བརྒྱུད་དེ་དགོན་སྡེའི་སློབ་གསོ་ནི་བོད་ཀྱི་སློབ་གསོའི་བླ་སྲོག་ཡིན་པའི་ངེས་ཤེས་ཟབ་མོ་ཐོབ་སོང་།
གསར་འགོད་པ།  ད་ལྟའི་སློབ་གླིང་འདིའི་སློབ་གསོའི་ཁ་ཕྱོགས་དེ་ཅི་འདྲ་ཞིག་ཡིན་པ་དང་མ་འོངས་པར་འཆར་གཞི་ཅི་ཞིག་ཡོད།
སློབ་གཙོ་འབའ་ཆོས། ད་ལྟའི་སློབ་གླིང་འདིའི་ཁ་ཕྱོགས་ནི་བསམ་བློ་དང་ཀུན་སྤྱོད་ལེགས་པའི་མི་གཞི་འཛུགས་སྐྲུན་གཙོ་བོར་འཛིན་པའི་ནང་བསྟན་རིག་གནས་ཁྲིད་གཞིར་བྱེད་པ་དང་དེང་རབས་ཀྱི་གློག་ཀླད་དང་།  སྐད་ཡིག་གཞན་པར་སློབ་གཉེེར་བྱེད་པའི་སློབ་གསོའི་ཁ་ཕྱོགས་ཤིག་ཡིན།  གཞན་སློབ་གླིང་འདི་ཉིད་མ་འོངས་པར་རང་སྐྱ་ཐུབ་པའི་སློབ་གླིང་ཞིག་ཏུ་འགྱུར་བར་འཆར་གཞི་བཟོ་བཞིན་ཡོད།
གསར་འགོད་པ།   སློབ་ཁྲིད་བྱེད་སྟངས་གང་ཞིག་བེད་སྤྱད་དེ་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འདུ་ཤེས་ཅི་ལྟར་བསྐྱེད་བསྲིངས་བྱེད་བཞིན་ཡོད།
སློབ་གཙོ་འབའ་ཆོས། ནང་ཆོས་དང་སྲོལ་རྒྱུན་རིག་གནས་ཁག་དངོས་ཡོད་འཚོ་བ་དང་གཞི་གཅིག་ཏུ་སྦྲེལ་ཅི་ཐུབ་སྒོ་ནས་སློབ་མ་རྣམས་ལ་སེམས་ཤུགས་དང་སྤོབས་པ་བསྐྱེད་པར་བྱས་ཏེ་སློབ་སྦྱོང་ལ་སྤྲོ་སྣང་གི་འདུ་ཤེས་སྐྲུན་བཞིན་ཡོད།
གསར་འགོད་པ། ད་སྐབས་སློབ་གླིང་འདིའི་སྒྲིག་གཞི་ལ་མ་འདང་སའི་ཆ་ཅི་ཞིག་ཡོད།
སློབ་གཙོ་འབའ་ཆོས།  གཙོ་བོ་ནི་དགེ་རྒན་གྱི་དཔུང་སྡེ་དང་རིག་གནས་ཀྱི་མ་ལག་སྒྲིག་གཞི་ཐད་མི་འདང་སའི་ཆ་ཡོད་སྙམ།
གསར་འགོད་པ།  ཁྱེད་རང་སློབ་གཙོ་གཞོན་པ་ཞིག་ཡིན་པའི་ངོས་ནས་མ་འོངས་པར་སློབ་གླིང་འདི་ཅི་འདྲ་ཞིག་ཏུ་འགྱུར་བར་རེ་བ་དང་གྲ་སྒྲིག་ཅི་ཞིག་ཡོད།

སློབ་གཙོ་འབའ་ཆོས  མ་འོངས་པའི་གྲ་སྒྲིག་ནི་སློབ་གླིང་རང་ཉིད་དང་འཚམ་པའི་བསླབ་དེབ་སྒྲིག་རྩོམ་དང་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དེ་ཡིན་ལ། དགེ་སློབ་ཚང་མས་འདུན་མ་གཅིག་ལ་གཏད་དེ་སློབ་གླིང་འདི་ཉིད་དགོན་སྡེ་འདིའི་མ་འོངས་པའི་རྒྱུན་འཛིན་གྱི་ལྟེ་གནས་ཤིག་ཏུ་འགྱུར་བར་བྱེད་རྒྱུ་ནི་རེ་བ་ཡིན།

གསར་འགོད་པ།  སློབ་གཙོ་གཞོན་པས་ངའི་བཅར་འདྲི་དང་ལེན་བྱས་པ་ལ་བཀའ་དྲིན་ཆེ། བཀྲ་ཤིས་བདེ་ལེགས།

སློབ་གཙོ་འབའ་ཆོས། བཀའ་དྲིན་ཞུ་མི་དགོས།བཀྲ་ཤིས་བདེ་ལེགས།
 རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།  

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he7k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530209
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།