ལུག་༢༠༠་ལྷག་གིས་དབུལ་སྐྱོར་བྱས་པའི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ལུག་༢༠༠་ལྷག་གིས་དབུལ་སྐྱོར་བྱས་པའི་གསར་འགྱུར།
ལུག་༢༠༠་ལྷག་གིས་དབུལ་སྐྱོར་བྱས་པའི་གསར་འགྱུར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-10-14ལྟ་ཀློག (5736)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཚད་ཡོད་ནོར་ལུག་གསོ་སྤེལ་མཐུན་གཉེར་ཁང་གི་

སྒྲོལ་མ་སྐྱབས།

༄༅།།མང་རྫོང་གངས་ལྗོངས་ཚད་ཡོད་ནོར་ལུག་གསོ་སྤེལ་མཐུན་གཉེར་ཁང་གིས་སྤེལ་བའི་དབུལ་སྐྱོར་མཛད་སྒོ།

༡ གངས་ལྗོངས་ཚད་ཡོད་ནོར་ལུག་གསོ་སྤེལ་མཐུན་གཉེར་ཁང་གི་གནས་ཚུལ་མདོར་བསྡུས།

     གངས་ལྗོངས་ཚད་ལྡན་ནོར་ལུག་གསོ་སྤེལ་མཐུན་གཉེར་ཁང་ནི་མང་རྫོང་ཐར་ཡུལ་ཚོ་ཀ་རྒྱའི་ན་གཞོན་སྒྲོལ་མ་སྐྱབས་ཀྱིས་གཉེར་བའི་འབྲོག་ཁྱིམ་མཉམ་ལས་ཁང་ཞིག་ཡིན། སྤྱི་ལོ༢༠༡༢ལོར་རྫོང་དང་ཁུལ། ཞིང་ཆེན་རིམ་པའི་ཆོག་མཆན་བརྒྱུད་ནས་བཙུགས་པ་ཡིན། མཉམ་ལས་ཁང་འདིར་གཙོ་བོ་ཡ་གླིང་ལུག་བརྒྱུད་ཀྱི་བཟང་ཤོས་རྨ་སོག་ལྷ་ལུག་ར་རིང་དང་། མདོ་དབུས་མཐོ་སྒང་ནོར་ནག་གི་རྒྱུད་ལེགས་སྤེལ་བྱས་ཏེ་ཤ་རིགས་ཀྱི་ཐོན་ལས་ཇེ་བཟང་དུ་བཏང་བར་བརྟེན་ནས་རྒྱལ་ནང་གི་ཁྲོམ་རར་བཀྲམ་པར་དམིགས་ནས་བཙུགས་པ་ཞིག་ཡིན། དེ་ལས་ད་དུང་ནོར་ནག་གི་འོ་སྤྲི་དང་མར་ཆུར་སོགས་ཚོང་རར་བཀྲམ་རྒྱུར་དམིགས་ནས་ལས་གཉེར་མཛད་པ་ཞིག་ཀྱང་ཡིན།

     སྤྱི་ལོ༢༠༡༢ ལོ་ནས་ད་ལྟའི་བར་དུ་སྤྱི་གཉེར་བ་སྒྲོལ་མ་སྐྱབས་ཀྱིས་དཀའ་ལས་གང་ལའང་མ་འཛེམས་པར་འབད་པ་བྱས་པར་བརྟེན་ནས། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེས་རྩེ་གྲས་ལ་སོན་པའི་འབྲོག་ཁྱིམ་མཉམ་ལས་ཁང་བཟང་པོ་ཞིག་ཏུ་གྱུར་ཡོད།


༢ མཉམ་ལས་ཁང་གི་ཡོང་འབབ་དང་ཐོན་ལས་ཀྱི་

གནས་ཚུལ་མདོར་བསྡུས།

     མཉམ་ལས་ཁང་འདིར་ལོ་རེར་རྩྭ་སའི་ཚད་གཞི་ལྟར་ལུག་སྟོང་གཉིས་ལྷག་གསོ་སྤེལ་བྱེད་བཞིན་ཡོད་ལ། དེ་ལས་ལོ་རེའི་ཕྱིར་འཚོང་ཚད་ལུག༨༠༠ལྷག་ཡིན་པ་དང་། ཡོང་སྒོ་ལུག་ཤའི་ལྗིད་ཚད་ལྟར་ཆ་སྙོམས་ལུག་གཅིག་གི་སྒོར་སྟོང་གཅིག་ཟིན་པར་ བྱས་ན། ཕལ་ཆེར་ལོ་རེར་ཡོང་སྒོ་སྒོར་ཁྲི་བརྒྱད་ཅུ་ལྷག་ཟིན་བཞིན་ཡོད། དེ་ལས་ལུག་ཤ་མང་པོ་ཞིག་མིང་གྲགས་ཅན་གྱི་ཚོང་རྟགས་ལ་བརྟེན་ནས་རྒྱལ་ནང་གི་ཚོང་རར་འགྲེམ་བཞིན་ཡོད།

   ནོར་ནག་ལས་སྤེལ་ཟོག་འབྲུ་མ་བུ་དྲུག་བརྒྱ་ལས་ལོ་རེའི་འོ་སྤྲི་དང་མར་ཆུར་གྱི་ཡོང་སྒོ་སྒོར་ཁྲི་སུམ་ཅུ་ལྷག་ཡིན་ལ། ཤ་རིགས་ཕྱིར་འཚོང་གི་ཡོ་སྒོ་སྒོར་ཁྲི་ལྔ་ཅུ་ལྷག་ཡིན།

༣ དབུལ་སྐྱོར་ཕྱོགས་ཀྱི་གནས་ཚུལ་མདོར་བསྡུས།

      ད་ལོར་མཚོན་ན་ཕྱུགས་ཟོག་གི་རིན་གོང་མར་ཆག་པ་སོགས་ཁྲོམ་རའི་གནས་བབ་ཅུང་མི་ལེགས་ནའང་ན་གཞོན་སྒྲོལ་མ་སྐྱབས་ཀྱིས་ས་གནས་འབྲོག་དམངས་ལ་དབུལ་སྐྱོར་བྱེད་པར་ལུག༢༠༠ལྷག་གནང་སྦྱིན་མཛད་ནས་མི་བཟང་དོན་བཟང་གི་བྱ་བ་བཟང་བོ་བསྒྲུབས།  ཁོང་གིས་བཤད་རྒྱུར་མ་འོངས་པར་འགྲོ་ལམ་ལ་ཀྱག་ཀྱོག་ཇི་འདྲ་ཆེ་ནའང་ཁོང་གིས་འབད་བརྩོན་ལ་བརྟེན་ནས་མཉམ་ལས་ཁང་གི་ཡོང་འབབ་ཇེ་བཟང་ལ་བཏང་ནས་ས་གནས་མང་ཚོགས་ལ་རང་ནུས་ཅི་ལྕོགས་ཀྱིས་བྱ་བ་བཟང་བོ་རེ་བསྒྲུབ་པར་ཆོད་སེམས་བརྟན་པོ་ཡོད་ཟེར།  སྤྱི་ཟླ༢༠༡༥-༡༠-༡༠ཉིན།

མང་རྫོང་གངས་ལྗོངས་ཚད་ཡོད་ནོར་ལུག་གསོ་སྤེལ་མཐུན་གཉེར་ཁང་གིས་སྤེལ་བའི་དབུལ་སྐྱོར་མཛད་སྒོ་ཡོངས་སུ་ལེགས་གྲུབ་བྱུང་ཡོད།

གསར་འགྱུར་མཁོ་འདོན་པ།  བཙན་མེ་ཆ།


རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་། བན་ཤུལ་འཇམ་དབྱངས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548498
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།