གཡུ་རྩེའི་ཨུཏྤལ་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» གངས་ལྗོངས་གཅེས་ནོར། »གཡུ་རྩེའི་ཨུཏྤལ་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་འགན་ལེན་སྤྱི
གཡུ་རྩེའི་ཨུཏྤལ་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-09-17ལྟ་ཀློག (7269)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་གཡས་ཚུལ་ཁྲིམས་ཉི་མ་སོགས་ཀྱིས་གཙོ་སྒྲུབ་གནང་བའི་གཅིག་སྒྲིལ་གཡུ་རྩེའི་ཨུཏྤལ་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་འགན་ལེན་མཐུན་གཉེར་ཁང་གི་ངོ་སྤྲོད།

 

དབུ་འཛིན་ལྷན་ཚོགས། གཡས་དང་བོ་ཚུལ་ཁྲིམས་ཉི་མ། གཉིས་པ་མགོ་ལོག་ཀུན་དགའ་ཚངས་དབྱངས། དབུས། རྒན་འཇིགས་མེད་རྒྱལ་མཚན། གཡོན་གྱི་དང་བོ་མཆིག་ཀུན་ཕན། གཉིས་པ་འཇམ་དཔལ་སྐལ་ལྡན།  

 གཅིག་སྒྲིལ་གཡུ་རྩེའི་ཨུཏྤལ་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང།

དམིགས་ཡུལ།   འཆར་གཞི།    སྒྲིག་འཛུགས།

ཐང་གའི་བྱུང་རིམ་མདོར་བསྡུས།

   དེ་ཡང་བོད་གངས་ཅན་གྱི་རི་མོ་བྱུང་ཚུལ་ལ་བཞེད་ཚུལ་དུ་མ་ཞིག་བྱུང་མོད།འོན་ཀྱང་བསྡུ་ན་གསུམ་སྟེ། སྟོད་རྒྱ་གར་དང་བལ་བོ་ནས་དར་བར་བཞེད་པ་དང་།སྨད་རྒྱ་ནག་ནས་དར་བར་འདོད་པ།བོད་གངས་ཅན་ལྗོངས་ནས་དར་བར་བཤད་པ་བཅས་སོ།དེ་རྣམས་ཀྱང་རྒྱུ་མཚན་འདི་ལྟར་འདྲེན་པར་གནང་སྟེ།བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྒྱ་བཟའ་དང་བལ་བཟའ་བཙུན་མོར་བསུས་དུས་རྒྱ་གར་དང་བལ་བོ་རྒྱ་ནག་སོགས་ཀྱི་སྒྱུ་རྩལ་པ་མང་པོ་ཡོང་སྟེ།ཕོབྲང་དམར་པོ་དང་ཕ་བོང་ཁ་མ་རུ་སྐུ་མཁར།ར་ས་གཙུག་ལག་ཁང་སོགས་བཞེངས་དུས་སྒྱུ་རྩལ་པ་ཚོས་བྲིས་འབུར་རྐོ་གསུམ་བྱས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་བཤད་པར་བརྟེན་བོད་ཀྱི་རི་མོ་རྒྱ་གར་དང་བལ་བོ་རྒྱ་ནག་སོགས་ནས་དར་བར་བཞེད་དོ།འོན་ཀྱང་བཤད་ཚུལ་དེ་དག་ནི་སངས་རྒྱས་ཆོས་ལུགས་བོད་དུ་དར་བའི་སྐབས་ཀྱི་སྒྱུ་རྩལ་དར་བ་བཤད་པ་ལས་བོད་ཀྱི་རི་མོ་བྱུང་ཚུལ་ཡིན་པར་བཞེད་པ་མི་འཐད་དེ།རྒྱུ་མཚན།ཆབ་མདོའི་ཁ་རུབ་རིག་གནས་དང་།མངའ་རིས་རུ་ཐོག་གི་བྲག་བརྐོས་རི་མོ།  རྫ་ཆས་རི་མོ་སོགས་ལོ་ངོ་སུམ་སྟོང་ཡར་སྔོན་དུ་དར་བ་ཤ་སྟག་ཡིན་པས་རྟོགས་ཐུབ།  

ཕྱིར་བོད་ཀྱི་རི་མོ་འདི་ལོ་ངོ་ཁྲི་ཕྲག་མང་པོའི་ཡར་སྔོན་ནས་དར་བ་ཞིག་ཡིན་པར་མཁས་པ་རྣམས་ཀྱིས་གསུངས་འདུག་ལ།   ང་ཚོ་བོད་མི་རིགས་ཀྱི་རི་མོའི་ལོ་རྒྱུས་ལོ་ངོ་ཁྲི་ཕྲག་མང་པོའི་སྔོན་ནས་ཡོད་པའང་མེས་པོ་གོང་མ་རྣམས་ལས་བྱུང་བའི་ལུང་དང་ཚན་རིིག་གི་ལམ་ནས་ར་སྤྲོད་བྱེད་ཐུབ་བོ། 

དགོས་སུ་རྒྱལ་ཕྱི་ནང་ཀུན་དུ་སྙན་གྲགས་ཆེ་བའི་བོད་བརྒྱུད་སྒྱུ་རྩལ་གྱི་རི་མོའི་ཐང་ག་ཞེས་པ་འདི་དུས་རབས་བདུན་པའི་སྟོད་ཐུ་བྷོད་ཀྱི་རྒྱལ་རབས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ཐང་ག་འཕེལ་རྒྱས་ཆེན་པོ་བྱུང་ལ།  རྒྱལ་པོ་སྲོང་བཙན་སྒམ་པོ་ཁོང་གིས་བཞེངས་བར་གྲགས་པའི་དཔལ་ལྡན་ལྷ་མོའི་ཞལ་ཐང་དེ་ཡང་དེང་སང་ཕོ་བྲང་པོ་ཏ་ལར་མཇལ་རྒྱུ་ཡོད་པའི་ཤེས་ནུས་སོ།  བོད་སིལ་བུར་འཐོར་བའི་རྗེས་སུ་ལོ་ཙ་བ་རིན་ཆེན་བཟང་བོས་གཙོས་ཁ་ཆེ་དང་བོད་ཀྱི་རི་མོ་བ་སོགས་མངའ་རིས་ཡུལ་གྱི་མཐོ་ལྡིང་དགོན་དང་།  གུ་གེའི་རྒྱལ་པོའི་བཞུགས་མཁར།  དུང་དཀར་ཕུག་པ་སོགས་སུ་ལྡེབས་རིས་འདྲ་མིན་དང་ལི་སྐུ་སྣ་ཚོགས་བཞེངས་པ་འགའ་ད་སྐབས་ཀྱང་མཐོང་རྒྱུ་ཡོད་དོ། 

༡༽ མཆིམས་ལུགས། 

ས་སྐྱའི་དུས་སུ་མཆིམས་ནམ་མཁའ་གྲགས་དང་མཆིམས་བསོད་ནམས་འབུམ་སོགས་ཀྱིས་བཞེངས་པའི་ཞ་ལུའི་ལྡེབས་རིས་སོགས་འཇིག་རྟེན་ན་དཀོན་པའི་སྒྱུ་རྩལ་གྱི་རི་མོ་བླ་ན་མེད་པ་ཞིག་གོ།   

༢༽བྱིའུ་སྒང་བའི་ལུགས།

བྱིའུ་སྒང་པས་བྲིས་པའི་རི་མོ་ལ་སྔར་ཡོད་བོད་ཀྱི་རི་མོའི་འབྲི་ལུགས་ཐོག་བལ་ཡུལ་གྱི་ལྷ་སྐུའི་རྣམ་འགྱུར་འདོན་སྟངས་ཀྱི་ལེགས་ཆ་ཡོད་པས་ངོ་མཚར་ཅན་གྱི་རི་མོའི་འབྲི་ལུགས་ཤིག་ཡོད་དོ།

༣༽ སྨན་བླ་བ་དོན་འགྲུབ་རྒྱ་མཚོའི་ལུགས།

སྨན་ཐང་པ་རང་ཉིད་ཀྱི་ལྟ་བ་མཚོན་པའི་ཐིག་རྩ་ཐུན་མོང་མ་ཡིན་པ་ཞིག་མཛད་པ་ནས་བོད་ཡུལ་དུ་སྨན་ཐང་བའི་ཐིག་རྩ་ཞེས་ཡོངས་སུ་གྲགས་པ་བྱུང་།འོན་ཀྱང་ལྷ་རིས་སྒྱུ་རྩལ་གྱི་ཐིག་རྩ་ཐོག་མ་སྨན་ཐང་པས་མཛད་པ་མ་ཡིན་ཏེ།དེའི་ཡར་སྔོན་གཏེར་སྟོན་དབང་བོ་བློ་ལྡན་སྙིང་པོས་མཛད་པའི་ལྷ་རིས་ཐིག་རྩ་ནི་མདོ་དྲི་མེད་གཟི་བརྗིད་ཀྱི་དུམ་པ་གཉིས་པའི་ནང་དུ་གསལ་བ་དེའོ། 

 ༤༽མཁྱེན་རྩེའི་ལུགས།

མཁྱེན་རྩེ་ཆེན་མོས་སྲོལ་གཏོད་མཛད་པའི་རི་མོའི་ནམ་མཁའ་དང་མེ་རི་པད་འདབས་སོགས་ཚོན་ཁ་བཙན་ལ་འབུར་གཟུགས་ཀྱི་ཉམས་དང་ལྡན་པ།  ཁྲོ་བོ་རྣམས་གཞན་དང་མི་འདྲ་བའི་སྐུའི་ཉམས་ཀྱི་ཆ་ལ་གསོན་ཉམས་ལྡན་པ་ཞིག་གནང་བ་དེའོ།

༥༽ཀརྨ་སྒར་བྲིས་བའི་ལུགས།

རྒྱ་ནག་ཐང་དང་སུང་རྒྱལ་རབས་ཀྱི་རི་མོའི་ཉམས་དང་ཚོན་མདངས་སོགས་ཆ་འདྲ་བའི་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་གཉིས་ཀྱིས་མཛད་པའི་ཀརྨ་སྒར་བྲིས་ཀྱི་ལུགས་དར་རོ།     སྤྱིར་ལྷ་རིས་པའི་སྒྱུ་རྩལ་ཞེས་པའི་ལྷ་ཐིག་སོགས་ལེགས་པར་ལྡན་པའི་ཁར་ཚོན་མདངས་བཀྲ་ལ་གསོན་ཉམས་ལྡན་པར་མ་ཟད། མཐོང་བ་ཙམ་གྱིས་ཡིད་དབང་མེད་དུ་འཕྲོག་ནུས་པ་ཞིག་གོ།

༼གཅིག༽  དམིགསཡུལ།

   ༡ རྟེན་འབྲེལ།

    མི་རིགས་གཞན་གྱི་རིག་གནས་ལོ་རེ་རེར་སྣ་ཇེ་མང་ནས་རྫོང་ཇེ་མཐུག་ལ་འགྲོ་བཞིན་པའི་དུས་འདིར་ང་ཚོའི་ཁོར་ཡུག་ཏུ་མེས་པོ་གོང་མ་དག་ནས་བརྒྱུད་དེ་ཡོང་བའི་རྩ་ཆེའི་རིག་གནས་མང་པོ་ཞིག་གཞི་ནས་བོར་ཏེ་རང་གི་རིག་གནས་སྣ་ཇེ་ཉུང་དང་རྫོང་ཇེ་སྲབ་ལ་འགྲོ་བཞིན་པའི་སེམས་ཚོར་ཞིག་ངང་གིས་བྱུང་།   ལྷག་པར་ཀརྨ་པ་སྐུ་ཕྲེང་བཅུ་བ་ཆོས་དབྱིངས་རྡོ་རྗེ་ལགས་ནི་གཉན་པོ་གཡུ་རྩེའི་ལྷོ་རྒྱུད་དུ་སྐུ་འཁྲུངས་ཤིང་ཁོང་གི་སྒྱུ་རྩལ་བརྩམས་ཆོས་ལ་རྒྱལ་སྤྱིའི་སྟེང་གདེང་འཇོག་ཐོབ་བཞིན་ཡོད་ན་ཡང་། དེ་ཡི་སྒྱུ་རྩལ་ལ་དོ་སྣང་བྱེད་མཁན་ཕར་ཞོག ཐ་ན་ཁོང་གི་མཛད་རིམ་ལ་རྗེས་དྲན་བྱེད་མཁན་ཙམ་ཡང་གནས་འདིར་མེད་པ་ནི་ང་ཚོ་བླུན་ཞིང་རྨོངས་པའི་རྟགས་ཤིག་གམ། ཡང་ན་ང་ཚོ་ཚང་མ་རང་གི་ཁ་ཟས་རྒྱབ་གོས་ཙམ་ལ་བྲེལ་ཆེ་བས་ལན།  དེ་འདྲའི་བསམ་གཞིགས་སྣ་མང་གིས་དེད་པའི་ན་ཟུག་སྣ་ཚོགས་ཀྱིས་རྐྱེན་བྱས། ང་ཚོར་འཇོན་ནུས་ཡོད་མེད་ལ་མ་བལྟས་པར་མ་བསྐུལ་དང་བླང་གིས་ལས་ཀ་འདི་འགན་འཁྲི་ཞིག་གི་ཚུལ་གྱིས་ཕྲག་ཏུ་བླངས་ཏེ། ཁོང་གི་ཕྱག་རྒྱུན་གཙོས་མཆིམས་ལུགས་ཀྱི་རི་མོའི་སྒྱུ་རྩལ་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ།ལྷག་དོན་དུས་རབས་ཀྱི་འགྲོས་དང་མཐུན་པའི་ནུབ་བོད་ཟུང་འབྲེལ་གྱི་སྒྱུ་རྩལ་རིག་གནས་ཤིག་ཕ་ཡུལ་འདིའི་ལོ་ཆུང་ཕྱི་རབས་པ་དག་ལ་སྐྱེས་སུ་འཕྲོད་ཆེད་གཡུ་རྩེའི་ཨུཏྤལ་རིག་གནས་སྒྱུ་རྩལ་དར་སྤེལ་གླིང་ཞེས་པའི་རི་མོ་འབྲི་སྦྱོང་དང་དར་སྤེལ་གྱི་གླིང་འདི་བསྐྲུན་པའི་ཕྱོགས་ལ་བསམ་བློ་སྣ་མང་བཏང་།

 

གཉིས༽    འཆར་གཞི།

༡ ཁ་ཕྱོགས་དང་འཆར་གཞི།

          ང་ཚོ་སྟེ་མགོ་ལོག་པ་དག་གི་ལག་ནས་བོར་ཟིན་པའི་སྒྱུ་རྩལ་པ་གྲགས་ཅན་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་སོགས་མཁྱེན་དཔྱོད་ཡངས་པའི་མེས་པོ་གོང་མ་དག་གི་རྩ་ཆེའི་ཤུལ་བཞག་སྒྱུ་རྩལ་རིག་གནས་ཉམས་གསོ་དང་སློབ་གཉེར།   མགོ་ལོག་པར་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་རིག་གནས་ཀྱི་གར་སྟེགས་ཤིག་བསྐྲུན་རྒྱུ་དང་།    སྔོན་ཆད་སུས་ཀྱང་བཞེངས་བསྐྲུན་མ་ནུས་ལ་ནུས་རྒྱུ་གལ་ཆེ་བའི༼གཉན་པོ་གཡུ་རྩེའི་ཕྱི་ནང་གསང་གསུམ་གྱི་ལོ་རྒྱུས་ཞལ་ཐང་རིང་མོ།༽འབྲི་བའི་དབུ་བརྩམས་ཟིན་པར་མ་ཟད།     ཞལ་ཐང་གང་ཉིད་ཀྱིས་ལོ་རྒྱུས་ཀྱི་ཆོས་ཉིད་མང་བོ་ཞིག་ཕྱི་རབས་པར་ངོ་འཕྲོད་དུ་འཇུག་ཆེད་ཕ་ཡུལ་དུ་ཉར་ཚགས་བྱ་རྩིས་ཡིན།  དེ་ལས་གཞན་ནུབ་བོད་ཟུང་འབྲེལ་གྱི་རི་མོའི་སྒྱུ་རྩལ་རིག་གནས་ཀྱི་གཤོག་པ་མཉེན་མོར་འཇུས་ཏེ་ཕ་ཡུལ་གྱི་རང་བྱུང་བཀོད་པ་མི་རིགས་གཞན་གྱི་མཐོང་ལམ་ལ་བསྟར་ནས་རབ་མཛེས་དྭངས་གཙང་གི་རི་ཆུ་ནགས་གསུམ་དང་མགོ་ལོག་གི་ཐུན་མིན་སྲོལ་རྒྱུན་སྒྱུ་རྩལ་རིག་གནས་ལ་མྱོང་རོལ་བྱེད་དུ་འཇུག་རྒྱུ། ད་དུང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་སྣ་ཚོགས་གསར་བཟོ་དང་། བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཆས་དང་།  སྡོད་ཁང་མཛེས་བཟོ་སོགས་ལའང་འཆར་འགོད་བྱ་རྒྱུ་ཡིན་པར་མ་ཟད། མི་སྒེར་དང་ཚོགས་པ་གང་ཡིན་གྱི་མཚོན་རྟགས་སྣ་ཚོགས་འཆར་འགོད་དང་སྒྲིག་བཟོ་བྱེད་ཀྱིན་ཡོད།

༢ ཁྱད་ཆོས།

བོད་ཀྱི་ཐང་ག་དང་རི་མོ་འབྲི་བཞེངས་ཀྱི་ལོ་རྒྱུས་ནི་རྒྱུན་རིང་ཞིང་ཁུངས་བཙུན་པར་མ་ཟད། སྤྱི་ལོ་དུས་རབས་བདུན་པ་ནས་ཐང་ག་འབྲི་བཞེངས་བྱེད་པའི་ཚད་གཞི་དེ་ངེས་ཅན་ཞིག་ཏུ་བསླེབས་ཡོད་ཅེས་ཤོད་ཆོག དེ་ལྟའི་ཐང་ག་འབྲི་བཞེངས་ཀྱི་རིག་གནས་དེ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་རེད་ལ། བོད་ཀྱི་ཐང་ག་འབྲི་བཞེངས་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ཐང་ག་འབྲི་བཞེངས་ཐད་འབྲི་ལུགས་ཆེན་པོ་བཞིའི་ཕྱག་རྒྱུན་དར་ཡོད། ཡུལ་མགོ་ལོག་ནས་དར་བའི་ཀརྨ་སྐུ་འཕྲེང་བཅུ་བ་ཆོས་དབྱངས་རྡོ་རྗེའི་ཕྱག་རྒྱུན་ནི་ཁ་ཆེའི་ཡུལ་ནས་དར་བའི་ཐང་ག་འབྲི་བཞེངས་ཀྱི་ཁྱད་ཆོས་གཙོ་བོར་བཟུང་སྟེ་གསར་གཏོད་རང་བཞིན་ལྡན་པའི་ཐང་ག་འབྲི་བཞེངས་ཀྱི་རིགས་ཤིག་རེད་ལ། ང་ཚོས་ཀྱང་ས་གནས་རང་ནས་དར་བའི་ཀརྨ་པ་ཁོང་གི་རི་མོའི་སྒྱུ་རྩལ་གཞིར་བྱས་ཏེ་འབྲི་བཞེངས་བྱེད་པའི་ཁར་འཇིག་རྟེན་ན་དཀོན་ཞིང་སྒྱུ་རྩལ་གྱི་མཛེས་པ་བླ་ན་འཕགས་པའི་ས་སྐྱའི་དུས་དར་ཁྱབ་བྱུང་བའི་ཞྭ་ལུ་དགོན་པའི་ལྡེབ་བྲིས་ཏེ་མཆིམས་ནམ་མཁའ་གྲགས་དང་མཆིམས་བསོད་ནམས་འབུམ་རྣམ་གཉིས་ཀྱི་ཕྱག་རྒྱུན (མཆིམས་ལུགས) གཞི་རྩར་འཛིན་རྩིས་ཡོད།

ང་ཚོས་བྲིས་ཐང་གང་ཡིན་ལ་ཁྱད་ཆོས་ཆེན་པོ་བཞི་ལྡན་ཏེ་བརྗོད་བྱ་ཕུན་སུམ་ཚོགས་པ་ནས་རྒྱུ་ཆ་ཕུན་སུམ་ཚོགས་པ་དང་། ལག་རྩལ་ཕུན་སུམ་ཚོགས་པ་ནས་འབྲི་ལུགས་ཕུན་སུམ་ཚོགས་པའོ།།

བརྗོད་བྱ་ལ་ད་སྔོན་ཅུང་དཀོན་པའི་ལོ་རྒྱུས་ཀྱི་རིགས་གསར་བཞེངས་དང་། རྒྱུ་ཆའི་ཆ་ནས་དཀའ་ངལ་ལ་མི་འཛེེམས་པར་རྡོ་ཚོན་རྐྱང་བ་བཀོལ་རྒྱུ། འབྲི་ལུགས་ལ་འཆིམས་ལུགས་དང་སྒར་བྲིས་བར་མ་གཙོ་བོར་བྱ་རྒྱུ། ལག་རྩལ་གྱི་ཆ་ནས་ཆེས་མཐོའི་ཚད་གཞིས་སྒྱུ་རྩལ་གྱི་ཆ་ཕུན་སུམ་ཚོགས་པ་འབྲི་བཞེངས་བྱ་རྒྱུ་ཡིན་ལ། ཐང་ག་འབྲི་བཞེངས་བྱེད་པའི་ཚོན་སྣ་གཙོ་བོ་ནི་རྡོ་ཚོན་སྟེ་རིན་པོ་ཆེའི་རིགས་དང་། རི་སྐྱེས་མེ་ཏོག་གི་རིགས་ཡིན་ལ།  དཔེར་ན། གསེར།  དངུལ།  བྱུ་རུ།  མུ་ཏིག་སོགས་རིན་པོ་ཆེའི་རིགས་དང་།  གུར་ཀུམ། ལྕུམ་རྩ་སོགས་རྩྭ་ལྡུམ་དཀོན་མོའི་རིགས་ཀྱི་རྒྱུ་ཚང་བས། ཚོན་མདངས་བཀྲ་བ།  མིག་ལ་མཛེས་ཤིང་གནོད་པ་མེད་པ། ལོ་ངོ་སྟོང་ཕྲག་འགར་མདངས་མི་ཉམས་པ་དང་སྤུས་ཀ་མི་ཞན་པའི་ཁྱད་ཆོས་འཛོམས་པ་བཅས་སོ།།

ཡི་གེ་བ་འཇུ་ཚུལ་ཁྲིམས་དང་རྒ་ཤི་ཨ་བཟང་།

༼གསུམ༽སྒྲིག་འཛུགས།

༡ སྤྱི་གཉེར་ཁང་མཚམས་སྦྱོར།

       ང་ཚོ་བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་དུ་བོད་ཀྱི་ཐང་གའི་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་གྱི་ཆེད་དུ་༢༠༡༤ལོ་ནས་སྤྱི་གཉེར་ཁང་ཞིག་རྩ་འཛུགས་ཇི་ལྟར་དགོས་མིན་ལ་བསམ་བློ་ནན་གྱིས་བཏང་བ་ཡིན་ལ།༢༠༡༥ལོའི་ཟླ་༢པའི་ཚེས་༡ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་མཚན་སྙན་དཔལ་དུ་འབར་བའི་ཆེད་མཁས་པ་དང་ཞིབ་འཇུག་པ་ཚངས་དབང་དགེ་འདུན་བསྟན་པ་དང་འཇུ་བཀྲ་ཤིས་བཟང་པོ།མགོ་ལོག་དཀོན་མཆོག་བསམ་གཏན་སོགས་གདན་ཞུ་བྱས་ནས་སྤྱི་གཉེར་ཁང་གི་འཆར་གཞི་དང་ཁ་ཕྱོགས་སོགས་ལ་བགྲོ་གླེང་གཏིང་ཟབ་སྤེལ་བ་ཡིན།༢༠༡༥ལོའི་ཟླ་༤བའི་ཚེས་༥ཉིན་ནས་ང་ཚོས་སྤྱི་གཉེར་ཁང་གི་འཆར་གཞི་ལག་ལེན་ལ་བཏབ་ནས་ཚད་མཐུན་གྱི་འགྲོ་ལུགས་ཡོངས་སུ་སྒྲུབ་པ་ཡིན། ༢༠༡༥ལོའི་ཟླ་༦་པའི་ཚེས་༡༦ཉིན་མཚོ་སྔོན་ལྗང་མདོག་མ་དངུལ་འཕེལ་རྒྱས་ཚོང་དོན་གྲོས་ཚོགས་འགྲེམ་སྟོན་དུ་ཞུགས། ༢༡༥ལོའི་ཟླ་༩་ཚེས་༡༡ཉིན་ཁྲུན་ཏུའུ་རུ་སྐབས་ལྔ་བའི་ཀྲུང་གོའི་དངོས་མིན་རྒྱལ་སྤྱིའི་རིག་གནས་ཤུལ་བཞག་སྟེང་འདེམ་ཐོན་བྱུང་།འགྲེམ་སྟོན་དེ་དག་སུ་ངེད་སྤྱི་གཉེར་ཁང་གི་ཐོན་རྫས་ལ།ཀུན་གྱིས་བསྟོད་སྔགས་དང་།དཔྱད་བརྗོད་མི་ཉུང་བ་ཞིག་གནང་བ་དེས།ང་ཚོར་སྔར་ལས་ལྷག་པའི་ཡིད་ཆེས་དང་།རྒྱུན་འཁྱོངས་ལ་རེ་བའི་སྙིང་སྟོབས་བླ་མེད་ཅིག་བརྩལ་སོང་།

༢ མི་སྣའི་སྒྲིག་གཞི།

    སྲོལ་རྒྱུན་རི་མོའི་ཕྱོགས་ཀྱི་གཏན་ཆགས་དགེ་རྒན་དང་བདག་གཉེར་དོ་དམ་པ་གཡས་འཇམ་དཔལ་སྐལ་ལྡན་དང་།དེང་རབས་རི་མོའི་དགེ་རྒན་དང་སྤྱི་གཉེར་བ་གཡས་ཚུལ་ཁྲིམས་ཉི་མ། སྤྱིའི་གཙོ་འགན་པ་མགོ་ལོག་ཀུན་དགའ་ཚངས་དབྱངས།ལས་འཛིན་ལྷན་ཚོགས་ཀྱི་དབུ་འཛིན་པ་མཆིག་ཀུན་ཕན། སྤྱི་གཉེར་བ་གཞོན་པ་སྐུ་ཞབས་ལུའུ་བུན་ཧྭོ་དང་།དེ་མིན་ངེད་སྤྱི་གཉེར་ཁང་གིས་སྤྱི་ཚོགས་ཁྲོད་དུ་སྙན་གྲགས་ཆེ་བའི་སྒྱུ་རྩལ་རི་མོ་བ་སོགས་མཁས་ཆེན་མི་སྣ་དྲུག་གདན་ཞུ་བྱས་པ་ཡིན། 

༡ བོད་ཀྱི་སློབ་གསོ་བ་ཆེན་མོ་སྟེ་གངས་ལྗོང་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གཙོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན།

༢ རྒྱལ་ཁབ་རིམ་པའི་ཐང་ག་བརྒྱུད་འཛིན་གྱི་སློབ་དཔོན་ཆེན་མོ་མགོ་ལོག་ལྷ་རིས་པ་ཤེས་རབ་རྒྱ་མཚོ།

༣ རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་པོ་ལྡོང་ཡོན་ཏན་རྒྱ་མཚོ།

༤ བོད་ཀྱི་འདབ་ཆགས་ཞིབ་འཇུག་པ་འཇུ་བཀྲ་ཤིས་བཟང་པོ།

༥ རི་མོ་བ་དང་གནའ་རྫས་རྟོག་ཞིབ་པ་ཚངས་དབང་དགེ་འདུན་བསྟན་པ།

༦ཀྲུང་དབྱངས་མཛེས་རྩལ་སློབ་གླིང་གི་སློབ་གཙོ་གཞོན་པ་དང་།རྒྱལ་ཁབ་རིམ་པའི་མཛེས་རྩལ་སློབ་དཔོན་ཆེན་མོ་ཏུའུ་བཀྱེ་མེན།

༧བླ་བྲང་འདོད་འཇོ་ཐང་གའི་སྒྱུ་རྩལ་གླིང་གི་སྤྱིའི་ལས་འཛིན་པ་མགོ་ལོག་དཀོན་མཆོག་བསམ་གཏན་བཅས་སོ།

གོང་དུ་ངོ་སྤྲོད་བྱས་པའི་སྒྱུ་རྩལ་མི་སྣ་ལས་གཞན།སྲོལ་རྒྱུན་དང་དེང་རབས་རི་མོའི་ཕྱོགས་ཀྱི་ཞིབ་འཇུག་པ་དང་ཆེད་མཁས་མི་སྣ་དུ་མ་གདན་ཞུ་བྱས་ཏེ་སློབ་ཁྲིད་དང་འཛུབ་སྟོན་གང་མང་གནང་།ད་ལྟ་དངོས་སུ་སྤྱི་གཉེར་ཁང་དུ་ཡོད་པའི་ཚད་ལྡན་གྱི་སྲོལ་རྒྱུན་ལྷ་རིས་པ་བཞི་དང་།སློབ་སྟོན་པ་གཉིས།སློབ་བུ་ཉི་ཤུ།རྒྱུན་འདུག་གཞུང་ལས་མི་སྣ་བཞི། ཡིག་བསྒྱུར་བ་གཉིས་ཡོད།

འགན་ཁུར་མི་སྣའི་མཚམས་སྤྱོར་མདོར་བསྡུས།


  ན་གཞོན་ཁེ་ལས་པ་མཆིག་ཀུན་ཕན་ནི།  ཁ་པར།   180-3469-9999

གཉན་པོ་གཡུ་རྩེའི་ཉེ་འདབས་སུ་སྐྱེས་ཤིང་། ཁོང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་པར་མཐར་ཕྱིན་རྗེས་རང་གི་དགའ་ཕྱོགས་ལྟར་ཚོང་ལས་གཉེར། ཞོར་དུ་གཅིག་སྒྲིལ་ས་ཆའི་སློབ་གསོའི་ལས་དོན་ལ་མ་དངུལ་གྱི་རྒྱབ་སྐྱོར་གང་མང་བྱས་ཤིང་། ཉམས་བཞིན་པའི་རང་སའི་རིག་གནས་མང་བོ་ཞིག་མི་རབས་ཕྱི་མ་བརྒྱུད་སྤྲོད་བྱེད་སླད་གྲོགས་པོ་ཁ་ཤས་དང་ལྷན་གཡུ་རྩེའི་ཨུཏྤལ་རིག་གནས་སྒྱུ་རྩལ་དར་སྤེལ་གླིང་འཛུགས་རྒྱུའི་ཐད་ལ་མ་དངུལ་གྱིས་ནུས་པ་རྒྱ་ཆེར་བཏོན་ཞིང་། སྤྱི་གཉེར་ཁང་དེའི་ལས་འཛིན་ལྷན་ཚོགས་ཀྱི་དབུ་འཛིན་དང་ཁྲིམས་བཀོད་འཐུས་ཚབ་མི་སྣའི་འགན་ཁུར་བཞེས་ཡོད་པ་བཅས་སོ།།

མགོ་ལོག་ཀུན་དགའ་ཚངས་དབྱངས།    སྤྱིའི་གཙོ་འགན་དང་སྣེ་ཁྲིད་པ།

གཡས་འཇམ་དཔལ་སྐལ་ལྡན།  སྲོལ་རྒྱུན་རི་མོའི་དགེ་རྒན་དང་བདག་གཉེར་དོ་དམ་པ།

གཡས་ཚུལ་ཁྲིམས་ཉི་མ།  དེང་རབས་རི་མོའི་དགེ་རྒན་དང་སྤྱི་གཉེར་བ།

ལྷ་རིས་པའི་ངོ་སྤྲོད།

 

༡ གཡས་ཚུལ་ཁྲིམས་ཉི་མའམ་ཞ་སྨྱུག།  ཁ་པར།  13909755560

  སྐྱེ་ཡུལ། མགོ་ལོག་གཉན་པོ་གཡུ་རྩེའི་ཉེ་འདབས།   སྐྱེས་ལོ། ༡༩༨༤༢༠༠༩ ལོར་ར་རྒྱ་ཤེས་རིག་གླིང་གི་བཟོ་རིག་འཛིན་གྲྭ་ནས་མཐར་ཕྱིན། ༢༠༡༠ ལོར་ཀྲུང་དབྱང་མཛེས་རྩལ་སློབ་གླིང་ནས (中央美术学院进修)ཟབ་སྦྱོང་སློབ་མཇུག་སྒྲིལ། ༢༠༡༠ ལོ་ནས་གཞུང་སྒེར་གྱིས་མཚོན་པའི་བོད་ཀྱི་ལས་རིགས་ཁག་དུ་མར་ཁྱད་ཆོས་ལྡན་པའི་རྟགས་མ་སྣ་ཚོགས་དང་།  རི་མོ་འཆར་འགོད་དང་སྒྲིག་བཟོ་སྣ་ཚོགས་བྱས། ༢༠༡༡ ལོར་སྤྲུལ་ཚེ་སྒྲུབ་དང་མཉམ་འབྲེལ་གྱིས ༼མེ་ལོང་གི་གསང་བ་ལས་བྱུང་བའི་གེ་སར་སྒྲུང་གི་སྒྱུ་རྩལ༽ ཞེས་པའི་གེ་སར་སྒྲུང་གི་མུ་འབྲེལ་རི་མོའི་ལས་འགན་གཙོ་བོ་བཞེས་པ་དང་ཁོང་རང་ནས་ཀྱང་རི་མོ་བརྒྱ་ཕྲག་ལྷག་འབྲི་བཞེངས་མཛད། ༢༠༡༡ ལོར་བྱམས་བརྩེ་མཐུན་ཚོགས་ཀྱིས་སྒྲུབ་པའི་ཨ་མདོའི་དེང་རབས་རི་མོའི་ཆེས་མཐོའི་བྱས་རྗེས་བྱ་དགའ་ཐོབ། ༢༠༡༢ ལོའི་ཟླ ༡༢ པར་པེ་ཅིན་བོད་ལྗོངས་ཐོག་ཁང་ཆེན་མོ་རུ་ཁོང་གི་གེ་སར་གྱི་ལོ་རྒྱུས་མཚོན་པའི་སྒྱུ་རྩལ་རི་མོ ༡༠༠ ལྷག་འགྲེམ་སྟོན་དང་དེའི་སྤྱིའི་འཆར་འགོད་ཀྱི་འགན་བཞེས། ༢༠༡༣ ལོར་ཐེངས་དང་བོའི་བི་ཤྭོ་ཀརྨ་བུམ་པའི་བོད་ཀྱི་ཕུལ་བྱུང་རི་མོདང་ཡིག་བྲིས་བཤམ་སྟོན་གདན་ཞུས་ཚོགས་འདུའི་ཁྲོད་གཟེངས་བསྟོད་དཔང་རྟགས་བཞེས། ལོ་ངོ་འདི་དག་གི་རིང་ལ ༼རྨ་རྒྱལ་མྱུག་གསར།༽ དང ༼མེ་ལོང་།༽ གཉན་ཚོགས་ཀྱིས་རྩོམ་བསྒྲིགས་བྱས་པའི ༼མཐོ་སྒང་གི་བླ་གཟིག་དཀར་མོ་གསའ།༽ སོགས་སྤྱི་སྒེར་གཉིས་ཀྱི་བོད་ཡིག་རྩོམ་དེབ་དང་ཚག་པར ༢༠ ཙམ་ལ་རི་མོའི་བརྩམས་ཆོས་བརྒྱ་ཕྲག་ལྷག་སྤེལ་མྱོང། མཚོ་སྐྱེས་རིག་གནས་གུ་རུ་སྟོང་ཐང་ཆེན་མོའི་ལས་སྒྲུབ་ཁང་དུ་གདན་ཞུས་དགེ་རྒན་གྱི་ཕྱག་ལས་ཀྱང་གཉེར་མྱོང་ལ། ཉེ་ལམ་གཡུ་རྩེའི་ཨུཏྤལ་རིག་གནས་སྒྱུ་རྩལ་དར་སྤེལ་གླིང་འདིའི་དེང་རབས་རི་མོའི་དགེ་རྒན་དང་སྤྱི་གཉེར་བའི་འགན་བཞེས་ཡོད་པ་བཅས་སོ།།

 

༢ གཡས་འཇམ་དཔལ་སྐལ་ལྡན།

  སྐྱེས་ཡུལ།  མགོ་ལོག་གཉན་པོ་གཡུ་རྩེའི་ཉེ་འདབས།  ཆུང་དུས་ནས་ས་ནག་དང་། རྡོ་ལེབ། ཁ་བ་སོགས་སུ་རི་མོ་སྣ་ཚོགས་འབྲི་བར་སྤྲོ་ཞིང་ལོ་བཅུ་ཙམ་ནས་ཕ་ཡི་གམ་ནས་ཡི་གེའི་འབྲི་ཀློག་སོགས་ལ་སྦྱངས་ཤིང་དེ་རྗེས་ལུང་དཀར་དགོན (隆噶尔寺)ནས་ཆོ་ཀ་ཆོས་སྤྱོད་དང་། ཐིག་རྡུལ་ཚོན་སོགས་ལའང་སློབ་སྦྱོང་བྱས། དེ་རྗེས་རང་གི་དགའ་ཕྱོགས་ལྟར་རང་ལོ་བཅུ་དྲུག་སྟེང་རྔ་ཡུལ་ལྷ་བཟོ་སྨོན་ལམ་གྱི་མདུན་ནས་ལོ་བཞིའི་རིང་བོད་ཀྱི་ཐང་གའི་སྒྱུ་རྩལ་ལ་སྦྱང་བརྩོན་ལྷོད་མེད་བྱས་རྗེས་ཨ་མདོའི་ཡུལ་གྲུ་སོ་སོ་དང་། ལྷག་ཏུ་ཏ་ལེན་དང་། པེ་ཅིན། ནན་ཅིན་སོགས་རྒྱ་ཡུལ་གྱི་གྲོགས་པོ་མང་བོ་ཞིག་གི་འདོད་མོས་ལྟར་འབག་སྐུར་ཚོན་གཏོང་བ་དང་ཐང་ག་གང་མང་བྲིས་ཏེ་བོད་ཀྱི་ཐང་གའི་རིག་གནས་དར་སྤེལ་དང་།   རང་གི་ལག་རྩལ་གོང་མཐོའི་ཕྱོགས་ལ་འབད་འབུང་ལྷོད་མེད་བྱས།  ད་དུང་མགོ་ལོག་སྨིན་ཐང་གཉན་པོ་གཡུ་རྩེའི་སློབ་ཆུང་དང་། གསེར་རྟའི་མཐོ་སྒང་ཉི་འོད་ལག་རྩལ་སློབ་གྲྭ་གཉིས་ཀྱིས་གདན་ཞུས་ལྟར་དགེ་རྒན་གྱི་ལས་ཀ་ཡང་ལོ་རེ་གཉིས་ལ་གཉེར། ༢༠༡༣ ལོ་ནས་ནང་སོག་ཨ་ལགས་ཤ་བསྟན་དར་ལྷ་རམས་པའི་དགོན་པར (阿拉善北寺)སློབ་བུ་བཅོ་ལྔ་ལྷག་ཅིག་ལ་སྣེ་ཁྲིད་པའི་འགན་ཁུར་ཏེ་བོད་བརྒྱུད་ནང་བསྟན་ལྷ་རིས་འབྲི་བཞེངས་ཀྱི་ལས་ཀར་ཞུགས། ༢༠༡༣ ལོར་ཁྲིན་ཏུའུ་རུ“ཐེངས་དང་བོའི་བི་ཤྭ་ཀརྨ་བུམ་པའི་བོད་ཀྱི་ཕུལ་བྱུང་རི་མོ་དང་ཡིག་བྲིས་བཤམས་སྟོན་གདན་ཞུ་ཚོགས་ཆེན”དུ་ཞུགས་པ་ལས་གཞན།རྨ་ལྷོའི་སྐབས་དང་བོའི་རེབ་གོང་ཐང་གའི་འགྲན་བསྡུར་ཆེན་མོར་ཡང་གདན་ཞུས་ལྟར་ཞུགས་པས་ཆེད་མཁས་པ་རྣམས་ཀྱིས་ཁོང་གི་ཁ་ཕྱོགས་དང་བྲིས་ཐང་སོགས་ལ་གདེངས་འཇོག་གང་ལེགས་གནང་། ཁོའི་དམིགས་ཡུལ་ཆེ་ཤོས་ནི་ད་ལྟ་བོད་ཁ་བ་ཅན་ན་ཉམས་བཞིན་པའི་ཞ་ལུ་དགོན་པའི་ལྡེབ་བྲིས་སམ་མཆིམས་ལུགས་ཀྱི་འབྲི་སྟངས་གང་དེ་བསྔོག་འདོན་ཐོག།  མི་རིགས་གང་ཡིན་ལ་མ་ལྟོས་པར་རིག་གནས་གང་དེ་བརྒྱུད་འཛིན་དར་སྤེལ་བྱེད་མཁན་གྱི་དཔུང་སྡེ་ཞིག་གསོ་སྐྱོང་གི་ཞོར་ལ། རིག་གནས་གང་དེ་དར་སྤེལ་གཏོང་རྒྱུ་ནི་བོད་མི་རིགས་ཀྱི་རིག་གནས་དང་། ལྷག་ཏུ་བོད་ཐང་རིག་གནས་ཀྱི་སྟོང་ཆ་ཆེན་པོ་ཞིག་ལ་ཁ་གསབ་བྱས་པ་ཡིན་པས་གལ་ཆེན་དོན་ཆེན་དུ་བལྟ་བཞིན་ཡོད་པ་བཅས་སོ།།  


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 74va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གཡུ་རྩེའི་ཨུཏྤལ་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང།   སྤེལ་མཁན།: སྦྲ་སར་ཚེ་རིང་བསམ་འགྲུབ། སྤེལ་དུས:2015/9/25
རིག་གནས་སྲུང་སྐྱོབ་བྱེད་པ་ནི་མི་རིགས་ཀྱི་ཚེ་སྲོག་ལ་དོ་ཁུར་གནང་བ་ཡིན། ཐུགས་རྗེ་ཆེ།
bdsm boy sex stories forced sex change stories oral sex stories
prescription discount codes go rx discounts
internet drug coupons blog.affordablecomfort.biz coupon for prescriptions
valtrex 1g ninja-monkey.co.uk priligy pill
diprolene 0.05% link cialis
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23497174
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།