ཨེ་ཅིབ་ཀྱི་ཕྱུག་བདག་གིས་གླིང་ཕྲན་ཉོས་ཏེ་ཡུལ་འཁྱར་བ་སྐྱོབ་འདོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཨེ་ཅིབ་ཀྱི་ཕྱུག་བདག་གིས་གླིང་ཕྲན་ཉོས་ཏེ་ཡུལ་འཁྱར་བ་སྐྱོབ་འདོ
ཨེ་ཅིབ་ཀྱི་ཕྱུག་བདག་གིས་གླིང་ཕྲན་ཉོས་ཏེ་ཡུལ་འཁྱར་བ་སྐྱོབ་འདོད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-09-16ལྟ་ཀློག (3437)རྩོམ་ཁུངས: བོད་ལྗོངས་དྲ་བ།པར་འདེབ།

 

ཕྱུག་བདག་ནེ་ཅིབ་སེ་ཝི་རཱི་སི།

 

ཟླ ༩ པའི་ཚེས ༡༤ཉིན་སེར་བྷི་ཡ་དང་ཧང་ག་རིའི་རྒྱལ་མཚམས་ཀྱི་ཡུལ་འཁྱར་བ།

     ཟླ་འདིའི་ཟླ་སྟོད་དུ་ཨེ་ཅིབ་ཀྱི་ཕྱུག་བདག་ནེ་ཅིབ་སེ་ཝི་རཱི་སིས་གླིང་ཕྲན་ཞིག་ཉོས་ནས་སི་རི་ཡ་རྒྱལ་ཁབ་སོགས་ཀྱི་དམག་འཁྲུག་ཏུ་ཚུད་པའི་ཡུལ་འཁྱར་བར་སྡོད་གནས་བསྐྲུན་འདོད་ཚུལ་བཤད། མི་ལ་ཤས་ཤིག་གིས་ནེ་ཅིབ་སེ་ཝི་རཱི་སིས་སྟོང་བསམ་ཁོ་ན་སྒོམ་ཡོད་པར་འདོད་མོད། ཁོས་ཨ་རིའི(CNN)གསར་འགོད་ཁང་གི་བགྲོ་གླེང་ལེ་ཚན་སྟེང་རང་ཉིད་ཀྱིས་གླིང་ཕྲན་ཉོ་བའི་འཆར་གཞི་ངོ་སྤྲོད་བྱས་ཡོད་དེ།

རིམ་པ་དང་པོ། བཅའ་ཁྲིམས་ཀྱི་སྔོན་འགྲོ་སྒྲུབ་པ།

   ཨེ་ཅིབ་གློག་འཕྲིན་ཚོང་རའི་ཕྱུག་བདག་ནེ་ཅིབ་སེ་ཝི་རཱི་སིར་མ་མཐར་ཡང་ཨ་སྒོར་དུང་ཕྱུར ༢༩ ཡི་མ་རྩ་ཡོད་པས། རྒྱུ་བཀོལ་ནས་གླིང་ཕྲན་ཉོ་བ་ནི་མི་སྲིད་པ་ཞིག་མ་རེད། གླིང་ཕྲན་ཉོས་ནས་ཡུལ་འཁྱར་བ་སྡོད་དུ་བཅུག་པ་དང་རང་སྒེར་ནས་གླིང་ཕྲན་ཉོ་བ་གཉིས་ནི་དོན་དག་ཁ་ཁ་སོ་སོ་ཡིན་ཙ་ན། དང་པོའི་རིགས་ལ་ཐོག་མར་བཅའ་ཁྲིམས་ཀྱི་སྔོན་འགྲོ་སྒྲུབ་དགོས།

ནེ་ཅིབ་སེ་ཝི་རཱི་སིས་ཞི་ལའམ་དབྱི་ཐ་ལི་ནས་གླིང་ཕྲན་ཉོ་བསམ་ཡོད། དེ་བས་ཁོས་གླིང་ཕྲན་ཉོ་ན་ཐོག་མར་གླིང་ཕྲན་ཉོ་སའི་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་དགོས། ནེ་ཅིབ་སེ་ཝི་རཱི་སིས་ཡུལ་འཁྱར་བ་རྣམས་གླིང་ཕྲན་ཉོ་སའི་རྒྱལ་ཁོངས་སུ་ཞུགས་ཆོག་པའི་ལམ་ཡིག་རང་སྒེར་ནས་སྤྲོད་མི་ཐུབ་པས། ཁོས་ཐོག་མར་རྒྱལ་ཁབ་དེ་གའི་འབྲེལ་ཡོད་མི་སྣ་ལ་འབྲེལ་གཏུགས་བྱས་ནས་རྒྱལ་ཁོངས་སུ་ཞུགས་ཆོག་པའི་ལམ་ཡིག་བཟོ་བ་དང་། དེ་ནས་བཅའ་སྡོད་བྱ་སའི་གླིང་ཕྲན་དེར་འགྲོ་སྤྱད་ཀྱི་ལམ་ཡིག་སྒྲུབ་དགོས།

རིམ་པ་གཉིས་པ། རྒྱུ་བཀོལ་ནས་གླིང་ཕྲན་ཉོ་བ།

    ནེ་ཅིབ་སེ་ཝི་རཱི་སིས་བཅའ་ཁྲིམས་ཀྱི་སྔོན་འགྲོ་སྒྲུབ་ཐུབ་པ་བྱུང་ན། རྒྱུ་བཀོལ་ནས་གླིང་ཕྲན་ཉོ་རྒྱུར་དཀའ་ཁག་མེད་དེ། གླིང་ཕྲན་གྱི་རིན་གོང་ཕལ་ཆེར་མེ་སྒོར ༡༠༠༠ ནས་མེ་སྒོར་ས་ཡ ༡ དབར་ཡིན་པས་མ་རྩའི་ཐད་ནས་འདང་ངེས་ཡིན་པ་དང་། ཡུལ་འཁྱར་བ་བཅའ་སྡོད་ཐུབ་པའི་གླིང་ཕྲན་ཡང་མི་ཉུང་བ་ཞིག་ཡོད་ཟེར།

ཁོས་རྒྱུས་ལོན་བྱས་པ་ལྟར་ན། གྷི་རི་སི་དང་དབྱི་ཐ་ལི་སོགས་ལ་མ་མཐར་ཡང་མི་མེད་ཐང་སྟོང་དུ་ལུས་པའི་གླིང་ཕྲན་བཅུ་ལྷག་ཡོད་པ་དང་། དེའི་གྲས་ཀྱི་གླིང་ཕྲན་གཅིག་ཉོ་ཐུབ་པ་བྱུང་ན་སི་རི་ཡ་གཙོ་བྱས་པའི་དབུས་ཤར་ས་ཁུལ་གྱི་དམག་འཁྲུག་ཏུ་ཚུད་པའི་རྒྱལ་ཁབ་ཁག་གི་ཡུལ་འཁྱར་བ་ཁྲི ༡༠ ནས་ཁྲི ༢༠ ལྷག་བཅའ་སྡོད་བྱེད་ཐུབ་ཟེར།

ནེ་ཅིབ་སེ་ཝི་རཱི་སིས་གླིང་ཕྲན་དེ་ཉོ་ཐུབ་པ་བྱུང་ན། མིང་ལ"ཨེ་ལན་གླིང་ཕྲན"ཞེས་བཏགས་ནས་སི་རི་ཡའི་འདས་གྲོངས་སུ་སོང་བའི་ཡུལ་འཁྱར་བ་ཆུང་ཆུང་དེར་རྗེས་དྲན་ཞུ་འདོད་ཟེར།

རིམ་པ་གསུམ་པ། མི་གླས་ནས་འཛུགས་སྐྲུན་བྱེད་པ།

    ནེ་ཅིབ་སེ་ཝི་རཱི་སིའི་འཆར་བཀོད་ལྟར་ན། རིམ་པ་དང་པོ་དང་རིམ་པ་གཉིས་པའི་གྲ་སྒྲིག་ཚགས་སུ་ཆུད་ན། ལྟོས་ས་ལྟོས་འཇོག་གིས་རིམ་པ་གསུམ་པ་དེ་རིམ་པ་སྔོན་མ་གཉིས་ལས་ལས་སླ་བོ་ཡིན་པ་དང་། མི་གླས་ནས་འཛུགས་སྐྲུན་བྱེད་པ་བདེ་བླག་ངང་ཡོངས་འགྲུབ་བྱ་ཐུབ།

ནེ་ཅིབ་སེ་ཝི་རཱི་སིས་མཚམས་སྦྱོར་བྱས་པ་ལྟར་ན། ཐོག་མར་གླིང་ཕྲན་གྱི་གྲུ་ཁ་བཟོས་ནས་ཡུལ་འཁྱར་བ་སྣེ་ལེན་དང་དེ་མུར་བཅའ་སྡོད་བྱེད་དུ་འཇུག་རྒྱུ།  དེ་ནས་མི་གླས་ནས་སྡོད་ཁང་དང་སློབ་གྲྭ། སྨན་ཁང་སོགས་སྤྱི་བའི་ཞབས་ཞུའི་སྒྲིག་གཞི་ཆ་ཚང་བར་འཛུགས་རྒྱུ། མཇུག་ཏུ་ཡུལ་འཁྱར་བར་ལས་གནས་བཀོད་སྒྲིག་བྱས་ནས་འཚོ་བ་རོལ་ཏུ་འཇུག་རྒྱུ་ཡིན་ཟེར། མི་ལ་ཤས་ཀྱིས་ནེ་ཅིབ་སེ་ཝི་རཱི་སིའི་བསམ་ཚུལ་དེ་སྟོང་བསམ་རྐྱང་རྐྱང་ཡིན་པར་འདོད་མོད། མི་མང་ཁག་ཅིག་གིས་ཁོར་རྒྱབ་སྐྱོར་ཡོད་འདུག

གསར་འགྱུར་སྦྲེལ་གནས།

 འཇར་མན་གྱིས་རྒྱལ་མཚམས་ནས་འགག་སྒོ་བཟོ་བཞིན་པ།

      ཡུལ་འཁྱར་བ་སྣེ་ལེན་བྱེད་པ་ཆེས་མང་བའི་འཇར་མན་རྒྱལ་ཁབ་དེ་ཡུལ་འཁྱར་བའི་དཀའ་རྙོག་ཏུ་ཚུད་པས། ཚེས ༡༣ ཉིན་འཇར་མན་སྲིད་གཞུང་གིས་རྒྱལ་མཚམས་ནས་འགག་སྒོ་བཟོས་ཏེ་ཡུལ་འཁྱར་བ་སྣེ་ལེན་གྱི་གྲངས་ཀར་ཚོད་འཛིན་བྱ་རྒྱུ་ཡིན་ཞེས་བསྒྲགས། ཡོ་རོབ་མནའ་འབྲེལ་གྱིས་འཇར་མན་གྱི་ཐག་གཅོད་དེ་ཡང་དག་ཡིན་པ་དང་། གནས་ཚུལ་འདིས་ཡུལ་འཁྱར་བའི་གནད་དོན་ངེས་པར་ཐག་གཅོད་དགོས་པའི་ཚད་དུ་ལྷུང་བ་ཤེས་ཐུབ་ཟེར། འཇར་མན་གྱིས་གོང་གི་གནས་ཚུལ་ཕྱི་རུ་བསྒྲགས་ནས་ཆུ་ཚོད་ཁ་ཤས་འགོར་རྗེས་འཇར་མན་ཉེན་རྟོག་པས་རྒྱལ་མཚམས་ནས་ཡུལ་འཁྱར་བ་རྒྱལ་ཁོངས་སུ་ཞུགས་པར་འགག་སྒོ་བཟོས། རྒྱལ་མཚམས་ཀྱི་ཉེན་རྟོག་པས་འགག་སྒོ་བཟོས་ཚུན་ནས་ད་ལྟའི་དབར་ནག་ཚོང་བ ༢༢ འཛིན་བཟུང་བྱས་པ་དང་ཡུལ་འཁྱར་བ ༤༤ ལ་བཅའ་སྡོད་དཔང་ཡིག་སྤྲད་ཡོད་ཟེར།

འཇར་མན་རྒྱལ་ཁབ་ཀྱིས་རྒྱལ་མཚམས་ནས་འགག་སྒོ་བཟོས་པ་དེས ༡༩༨༥ ལོར་ཡོ་རབ་མནའ་འབྲེལ་ནང་ཞུགས་པའི་རྒྱལ་ཁབ་ཕན་ཚུན་དབར་ཕན་ཚུན་གྱི་རྒྱལ་དམངས་འགྲོ་འོང་བྱེད་པར་ཞིབ་གཤེར་འགག་སྒོ་བརྒྱུད་མི་དགོས་པའི་གཏན་འབེབས་དེར་འགྱུར་ལྡོག་བྱུང་བ་མཚོན།

    འགྲོ་འོང་རྒྱུན་མི་ཆད་པའི་ཡུལ་འཁྱར་བའི་གནད་དོན་ལ་གཏད་ནས་འཇར་མན་ཀྱི་ཙུང་ལི་ཨན་གུལ་མའོ་ཁཱར་གྱིས་ཡོ་རོབ་མནའ་འབྲེལ་གྱིས ༡༩༩༩ ལོར་སྒྲིག་ཡིག་སྟེ། ཡོ་རོབ་ནམའ་འབྲེལ་གྱི་ཁོངས་ཞུགས་རྒྱལ་ཁབ་སོ་སོས་ཡུལ་འཁྱར་བའི་ཟས་གོས་གནས་མལ་ཐག་གཅོད་དགོས་པའི་སྤྱི་བསྒྲགས་མཚམས་བཞག་པ་ཡིན་ཞེས་བཤད། ཉིན ༡༢ ཀྱི་དུས་ཡུན་ནང་དུ་འཇར་མན་ཉེན་རྟོག་པས་ཡུལ་འཁྱར་བ་ཁྲི ༡.༣ སྣེ་ལེན་བྱས་ཡོད་པ་དང་། ཚེས ༡༣ ཉིན་གྱི་ཞོགས་པར་ཡུལ་འཁྱར་བ ༣༠༠༠ འཇར་མན་རྒྱལ་ཁོངས་སུ་ཞུགས་པས། ཡུལ་འཁྱར་བའི་གྲངས་ཀ་མང་དྲགས་པས་འཇར་མན་གྱིས་ས་དེ་གའི་མེ་འཁོར་གྱི་འགྲོ་འོང་མཚམས་བཞག་འདུག་ཟེར།

ཁ་བྱང་ཕྱི་མོ།ཨེ་ཅིབ་ཀྱི་ཕྱུག་བདག་གིས་གླིང་ཕྲན་ཉོས་ནས་ཡུལ་འཁྱར་བ་སྐྱོབ་འདོད་པ།

(རྩོམ་འགན་པ། སྒྲོལ་ཚེ།)

རྩོམ་སྒྲིག་འགན་འཁུར་བ།     ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtl0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531666
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།