རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེེན་གྱི་མི་སྣ་མཚོན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེེན་གྱི་མི་སྣ་མཚོན།
རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེེན་གྱི་མི་སྣ་མཚོན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-09-12ལྟ་ཀློག (4636)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     

རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེེན་གྱི་མི་སྣ་མཚོན།  

 རྩོམ་པ་པོ། ཚ་ནག་ཀུན་བཟང་། 

    དཔེ་ཆར་ལྟ་མཁན་ཞིག་ལ་མཚོན་ན་དཔེ་ཆར་ལྟ་ཤེས་རྒྱུ་ནི་གཙོ་བོ་ཡིན་ལ།དེ་བས་ཀྱང་གནད་དོན་ལ་བླང་དོར་འབྱེད་ཤེས་རྒྱུ་དེ་གལ་ཆེན་དུ་སྣང་།དཔེ་ཆའི་ནང་དུ་གནའ་དེང་མཁས་པ་མང་བོའི་བསམ་བློའི་བཅུད་འདུས་པས་དྲན་དབང་མང་བོ་ཞིག་དཔེ་ཆ་དང་འདྲིས་ཤིང་དཔེ་ཆ་དང་འབྲལ་མེད་ཀྱིས་འཚོ་བ་ཡང་བསམ་བློའི་བཅུད་ཀྱིས་བློ་བྲིད་ཐེབས་པས་ཅི་ལ་མིན། སྒེར་བར་མཚོན་ན་ཡང་དཔེ་ཆ་ཅུང་ཟད་ཀློག་པར་སྤྲོ་ཞིང་ལྷག་པར་གནའ་དཔེ་དག་ལ་འགྲམ་ཆུ་ལྡང་བཞིན་པའི་ཀློག་པ་བོ་ཕལ་བ་ཞིག་སྟེ།གནའ་བོའི་དཔེ་ཆ་ཁ་ཤས་སེམས་ཀྱིས་བཀླགས་པས་ཉེ་རབས་དཔེ་ཆ་དག་ཀློག་མི་སྤྲོ་བ་ཞིག་ཏུ་གྱུར། ཉེ་རབས་དཔེ་ཆ་ཁ་ཤས་ཤིག་ནི་རྩོམ་པ་བོའི་དགའ་སྐྱོ་ཆགས་སྡང་འདྲེས་དྲག་པ་དང་དཔྱད་པ་མཐར་མ་ཐུག་པའི་གནད་དོན་དེས་མགུ་མ་བཀང་བས་ཡིན་ཡང་སྲིད། ད་ལོ་ངས་དཔེ་ཆ་ཁ་ཤས་བཀླགས་པའི་ཁྲོད་དུ་ཅུང་བརྗེད་མི་ཐུབ་པའི་དཔེ་ཆ་ཞིག་ཡོད།དཔེ་ཆ་དེ་ནི་གཞུང་ལུགས་ཤིག་མིན།བརྩམས་སྒྲུང་དང་ཆོས་འབྱུང་གི་ཁོངས་སུ་ཡང་མི་གཏོག་མོད།དཔེ་ཆ་དེ་ནི་ཀློག་བཞིན་པའི་སྐབས་དང་བཀླགས་པའི་འཕྲོས་གང་ཡིན་ཡང་མིག་དང་སྣ་ཁུང་གཉིས་སུ་སྐྱུར་ཤ་ཐུལ་ལེར་འགྲོ་བ་ཞིག་རེད། རྩོམ་པ་བོས་དཔེ་ཆ་དེ་བདག་ལ་སྟེར་ཞོར་དཔེ་ཆ་འདི་ཀློག་དུས་གཙང་ཤོག་ལ་གྲ་སྒྲིག་བྱོས་ཤིག་ཅེས་ཀུ་རེ་ཞིག་བརྩེས་པ་དེ་ཡང་དཔེ་ཆ་བཀླགས་ཟིན་པའི་འཕྲོས་སུ་བཟོད་ཁོ་བོས་བདེན་ཁ་མི་སྟེར་ག་མེད་བྱུང་། སློབ་གྲྭ་འདི་ལྟ་བུ་ཞིག་ཀྱང་ཡོད་ཅེས་པ་ནས་འགྱུར་བ་མེད་པའི་དཔུང་རོགས་ཞེས་པའི་བར་ཚན་པ་ཉེར་ལྔར་བཅད་འདུག་ཅིང་། ཚན་པ་རེ་རེ་ཁྲོད་དུ་སློབ་གྲྭ་ཞིག་གམ་ཡང་ན་སློབ་གསོ་བ་ཞིག་གི་ལོ་རྒྱུས་རྐྱ་འཐབ་པའི་ཚུལ་གྱིས་བརྗོད་འདུག་ཅིང་ལན་རེར་སློབ་གྲྭའི་ལོ་རྒྱུས་ཡིན་པ་ལྟ་བུ་དང་ལན་རེར་སློབ་གསོ་བ་གང་གི་ལོ་རྒྱུས་ཡིན་པ་ལྟར་བྲིས་པས་ཀློག་སྤྲོ་ལ་ཚིག་ཁ་གསལ་ཞིང་འབྲི་ཐབས་ཀྱི་རྣམ་པ་གསར་བས་བསམ་གཞིག་ཆེར་སྐྱེད་མི་དགོས་པར་ཐད་ཀར་བཏོན་པས་གོ་བར་ནུས་པས་སྒྱིད་ལུག་ཆེ་བའི་ང་ལྟ་བུས་ཀྱང་དབུགས་ཐེངས་གཅིག་གིས་གཡུག་ཆོག་པ་ཞིག་རེད། བོད་ཀྱི་ཆོས་འབྱུང་དང་།རྣམ་ཐར་ཁག་གདན་རབས་མི་འདྲ་རྣམས་རྩོམ་སྲོལ་ལྟར་ཆེ་བསྟོད་ཀྱི་ཚིག་གི་ལོ་མས་བསྒྲིབས་པ་ལྟ་བུ་མིན་ལ།མི་ལྷ་བཞིན་བྲིས་པ་དང་།ལྷ་བསམ་བཞིན་མི་རུ་ཟློས་པའི་འབྲི་ཐབས་དེ་འདྲ་ཡང་མེད་པར་༧གོང་ས་ལྷ་མིའི་དབང་བོའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ལ་མཇལ་བ་བཞིན་ཕལ་བའི་མི་ཞིག་གི་མཛད་སྤྱོད་ཀྱི་རིམ་པ་བྲིས་ཏེ་ཕལ་བས་འཇོན་དཀའ་བའི་བྱ་བ་ཞིག་ཤུགས་སུ་བསྟན་འདུག་པ་དེ་ནི་རྩོམ་པ་བོའི་རྩོམ་རྩལ་རེད་ལ་བསམ་གཞིག་གི་ནུས་པ་ཡང་རེད། གཞན་ཡང་དཔེ་ཆ་འདིའི་ཚན་པ་སོ་སོའི་ཁ་བྱང་ཡང་མཐོ་སྒང་གི་ཆེས་ཆེ་བའི་སློབ་ཁང་།འཛམ་གླིང་གི་ཆེས་མཐོ་བའི་ཁྲིད་སྟེགས།ཕ་ཡུལ་ནས་བོར་བའི་ཕ་སྐད།བཤད་དཀའ་བའི་རང་ཁ་རང་གསོ།ལེན་དཀའ་བའི་སློབ་གླུ།རྣམ་གཡེང་ལྟ་བུའི་སློབ་སྦྱོང་ལྟ་བུ་དཀར་ཆག་ཙམ་གྱིས་བསམ་གཞིག་བསྐྱེད་ཅིང་ངེས་པར་འདི་ན་ཅི་ཞིག་བཤད་ཡོད་དམ་སྙམ་པའི་དོགས་པ་སློང་བ་ལྟ་བུའི་ཁ་བྱང་དང་། མ་རྩ་བརྡིབས་པའི་ཁེ་བཟང་།འགྱུར་ལྡོག་ཆེ་བའི་བརྟན་པོ།གུ་དོག་པའི་ཁོག་རྒྱ་ཅན།སྐྱོབ་ཐབས་བྲལ་བའི་མྱུར་སྐྱོབ།མགོ་ལོག་ན་མེད་པའི་མགོ་ལོག་གི་རྭ་རྒྱ་སོགས་ནང་འགལ་ཡིན་པའི་ཁ་བྱང་འདོགས་སྟངས་དེས་མཚར་སྣང་གཞན་ཞིག་གི་ཀློང་དུ་འཁྲིད་པ་དང་། དཀར་ཐིགས་ལྟ་བུའི་དཀར་ཐིགས།ལིང་ཧྲན་རི་བོ་ལྟ་བུའི་རྭ་རྒྱ།དབྱར་རྩྭ་དགུན་འབུ་ལྟ་བུའི་རྭ་རྒྱ་སོགས་བསྐྱར་བའི་ཚིག་དང་ཡང་ན་དཔེ་ཡིས་དཔེ་ཅན་འཇལ་བའི་ཁ་བྱང་འདོགས་སྟངས་དེས་ཁ་བྱང་དེ་དག་ཆེད་དུ་བསལ་ནས་གློ་བུར་ལྟ་དགོས་པའི་བུད་མེད་མཛེས་མའི་ཆོ་འཕྲུལ་ལྟ་བུའི་བླ་འགུགས་ཀྱི་ནུས་པ་གཞན་ཞིག་ཀྱང་མཐོང་ཐུབ། དཔེ་ཆ་འདི་བསམ་གཞིག་ཡུན་རིང་བཏང་ཞིང་དཔྱད་གཞིའི་རྒྱུ་ཆ་སྣ་ཚོགས་བཙལ་ནས་བསྒྲིགས་པ་ཞིག་མ་རེད།གསལ་བོར་བཤད་ན་སྐྱ་སེར་ཁ་ཤས་ལ་བཅར་འབྲི་བྱས་པའི་ཁ་བརྡ་རེད།སློབ་གྲྭ་ཞིག་གི་མཚམས་སྦྱོར་དང་བླ་རྒན་ཞིག་གི་ལོ་རྒྱུས་རེད་ཅེས་བཤད་ན་མི་ཆོག་པ་གང་ཡང་མེད་མོད།གཟའ་འཁོར་གཉིས་ཀྱི་ཡུན་ལ་བྲིས་པའི་དཔེ་ཆ་འདིས་ང་ལྟ་བུའི་མི་སྲ་མོའི་རིགས་ཀྱང་ངུ་ཁ་གཏད་འཇོག་པ་དེ་ནི་དཔེ་ཆ་འདིའི་ལྗིད་ཚད་རེད་ཅེས་བཤད་ན་བསྟོད་ཆེས་པའི་གནད་དོན་གང་ཡང་མེད། དཔེ་ཆ་འདི་བཀླགས་ཀྱིན་བཀླགས་ཀྱིན་མགོ་བོ་སེ་ཞིང་རྒྱུན་པར་ངོ་ན་འཛུམ་མདངས་ཆད་པ་མེད་པའི་བླ་རྒན་དེར་དད་པ་མ་ཡིན་ཞིང་དད་པ་ལྟ་བུའི་སེམས་བྱུང་ཞིག་གིས་ཚོད་ཚོད་ལ་ཐལ་མོ་རེ་སྦྱོར་བར་འདོད་ཅིང་།རླབས་ཆེན་གྱི་མི་ཞེས་པ་ནི་རླབས་ཆེན་གྱི་བྱས་རྗེས་ཀྱིས་མཚོན་དགོས་པ་ལས་གང་ཞིག་གིས་མཚོན་ནམ་ཞེས་གོ་རྟོགས་གསལ་བོ་ཞིག་ཀྱང་ངང་གིས་བྱིན། སྤྱིར་གྱི་ལིང་འཇིགས་མེད་ཀྱི་ཚིགས་བཅད་དག་ལ་རྒྱ་གཤིས་ལྡན་པ་བཞིན་དེབ་འདིར་ཡང་རྒྱའི་ལུགས་ཀྱི་དྲི་མ་ཅུང་ཟད་ཁ་ཞིང་དགེན་ཤེས་རབ་བསྟན་དར་གྱི་ལྷ་འདྲེའི་སྲེད་པས་བདག་གིར་བྱས་པའི་ལྷ་ས་ལ་ཅུང་ཟད་ཟུར་བལྟས་རེ་བྱས་ཨེ་ཡོད་སྙམ་པ་ནི་ངའི་རྨོངས་བློར་ཤར་ཚོད་ཡིན་མོད།སྙིགས་དོར་ཡོད་པའི་ཚུར་ལེན་རིང་ལུགས་ནི་ང་ཚོར་ཤིན་ཏུ་མཁོ་བས་བོད་ཀྱི་ལོ་རྒྱུས་འབྲི་ལུགས་ཀྱི་གསར་བརྗེར་ངོས་བཟུང་ཆོག་པའི་རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེན་གྱི་མི་སྣ་མཚོན་ཞེས་པའི་དེབ་འདི་ནི་བཀླག་རིན་ཡོད་པའི་དེབ་ཞིག་ཏུ་ཁོ་བོས་འདོད་དོ།།   

 ༢༠༡༤ ༨ ༣༠ཉིན།

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 96yc བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23498925
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།