ཤེས་རིག་གླིང་གི་སློབ་བསྡུ་དང་གནས་སྤོར།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་ཞུགས་མིང་ཐོ། »ཤེས་རིག་གླིང་གི་སློབ་བསྡུ་དང་གནས་སྤོར།
ཤེས་རིག་གླིང་གི་སློབ་བསྡུ་དང་གནས་སྤོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-09-07ལྟ་ཀློག (4719)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཐོ་གཅིག་དང་བོའི་སློབ་མ་བདུན་ཅུ་ལྷག་ལ་རས་གུར་ཕུབ་སྟེ་ཉལ་ཁང་བཀོད་སྒྲིག་བྱེད་བཞིན་ཡོད། 

     ༢༠༡༥་ལོའི་སྤྱི་ཟླ་༨་བའི་ཚེས་༢༥་ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྐབས་གསར་བའི་སློབ་འགོ་ཚུགས་ནས་གཟའ་འཁོར་གཉིས་ཕྱིན་ཡོད་ལ། དུས་ཚོད་འདིའི་ནང་གསར་ཞུགས་སློབ་མ་བརྒྱ་ཕྲག་མང་བོ་འཚང་ཁ་ཤིག་ཤིག་གིས་ཐོ་འགོད་བྱེད་ཀྱིན་ཡོད། ལོ་རེའི་སྤྱི་ཟླ་དགུ་བའི་ཚེས་ལྔ་ནས་ཚེས་བདུན་ཉིན་བར་སློབ་མ་གསར་བ་རྒྱུགས་ལེན་ཐོ་འགོད་ཀྱི་དུས་ཚོད་ཡིན་སྟབས། ད་ལོའི་ལོ་འདིར་ཡང་སློབ་མ་ཆིག་སྟོང་ལྔ་བརྒྱ་ལྷག་གིས་ཐོ་འགོད་བྱས་ཟིན་པ་དང་དངོས་སུ་རྒྱུགས་ལེན་ལ་ཞུགས་བཞིན་པའི་སློབ་བརྒྱད་བརྒྱ་ལྷག་ཡོད། ལྷག་པར་དུ་ལྷ་ས་དང་ནང་སོག་སོགས་ས་ཐག་རིང་བོ་ནས་ཕེབས་པའི་སློབ་མའང་མང་བོ་ཡོད།   སྐབས་བབས་ཀྱི་དགེ་རྒན་དང་ལས་བཟོ་བ་རྣམས་ཀྱིས་ཉིན་མཚན་རེས་མོས་བྱས་ཏེ་ངལ་བ་ཁྱད་བསད་ཀྱིས་ཁྱིམ་བདག་དང་སློབ་མའི་རེ་འདོད་ལྟར་གསར་ཞུགས་སློབ་མ་རྣམས་དུས་ལྟར་ཐོ་འགོད་བྱེད་བཞིན་ཡོད་ལ། གསར་ཞུགས་སློབ་མའི་རྒྱུགས་ར་དང་རྒྱུགས་གཞི་སོགས་བཀོད་སྒྲིག་བྱེད་ཀྱིན་པ་སོགས་སློབ་གླིང་འདིའི་དགེ་རྒན་དང་ལས་བཟོ་བ་ཡོངས་ཧ་ཅང་བྲེལ་གསེང་ཆེ་བའི་དུས་སྐབས་ཤིག་ཏུ་མཆིས་མོད།  ཕྱོགས་སོ་སོ་ནས་ཕེབས་པའི་ཁྱིམ་བདག་དང་སློབ་མའི་ཁྲོད་དཀའ་སྡུག་ཞུ་མཁན་དང་རེ་འདོད་ཞུ་མཁན་ཤིན་ཏུ་མང་ལ། སློབ་གྲྭའི་སློབ་ཁང་དང་སློབ་མའི་ཉལ་ཁང་སོགས་ཀྱི་ཆ་རྐྱེན་ཧ་ཅང་ཞན་སྟབས་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱིས་གྲོས་བསྡུར་བྱས་པ་བརྒྱུད་སློབ་གྲྭའི་གླིང་སྟོད་དུ་མཐོ་གཅིག་དང་བོའི་སློབ་མ་བདུན་ཅུ་ལྷག་ལ་རས་གུར་བཅུ་ལྷག་ཕུབ་སྟེ་ཉལ་ཁང་བཀོད་བསྒྲིགས་བྱས་པ་སོགས་བརྒྱུད་ནས་གསར་ཞུགས་སློབ་མ་རྣམས་ལ་གང་ཐུབ་གྱིས་རོགས་འདེགས་འོག་གོ་སྐབས་བསྐྲུན་པའི་གནས་ཚུལ་ཐོན་འདུག

གསར་ཞུགས་སློབ་མས་ཐོ་འགོད་བྱེད་བཞིན་པ།

གླིང་སྟོད་ཀྱི་སློབ་མའི་སྡོད་གུར།

སྡོད་གུར་ནང་དུ་སྟོང་ཕག་གི་ཉལ་ཁྲི་སྒྲིག་བཞིན་པ།

པར་ལེན་པ། རུ་མང་ཆོས་དུང་། དཀོན་མཆོག་ཆོས་རྒྱན།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5782310
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号