ཧྭ་སྐོར་ཤེས་རིག་གླིང་གི་ངོ་སྤྲོད་མདོར་བསྡུས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 21 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ཡན་ལག་སློབ་གྲྭ་དང་ཚོགས་པ། »ཧྭ་སྐོར་ཤེས་རིག་གླིང་གི་ངོ་སྤྲོད་མདོར་བསྡུས།
ཧྭ་སྐོར་ཤེས་རིག་གླིང་གི་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-09-04ལྟ་ཀློག (7460)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཡན་ལག་སློབ་གྲྭ་ཧྭ་སྐོར་ཤེས་རིག་གླིང་གི་ངོ་སྤྲོད་མདོར་བསྡུས།

 ཧྭ་སྐོར་ཤེས་རིག་གླིང་ནི་སྤྱི་ལོ་༢༠༡༡ལོའི་ཟླ་༡༠བའི་ཚེས་༡ཉིན་སློབ་དཔོན་དམ་པ་༧འཇིགས་མེད་རྒྱལ་མཚན་མཆོག་གིས་དངོས་སུ་གསར་འཛུགས་གནང་བ་ཞིག་ཡིན། དེ་ཡང་དམ་པ་ཁོང་གི་སྐུ་ཡུལ་ནི་ཧྭ་སྐོར་སྡེ་བ་ཞེས་པའི་འབྲོག་སྡེ་ཆུང་ཆུང་དེ་ཡིན་ལ། ད་ལྟའི་མགོ་ལོག་དགའ་བདེ་རྫོང་ནས་སྤྱི་ལེ་༤༠ལྷག་གི་མཚམས་སུ་ཁྱི་འབྲི་ཡུལ་ཚོ་ཞེས་པའི་ཁོངས་སུ་ཡོད། སྡེ་བ་ཧྲིལ་བོར་དུད་ཁྱིམ་༧༠༠ལྷག་ཡོད་པ་དང་། རྨ་ཆེན་དང་དགའ་བདེ་རྫོང་གཉིས་སུ་ཕྱེས་ནས་ཡོད་མོད། ས་མཚམས་ཕན་ཚུན་འདབས་འབྲེལ་དུ་གནས་ཡོད། སྡེ་བ་དེར་ད་དུང་ཧྭ་སྐོར་དགོན་དགེ་ལྡན་ཆོས་འཕེལ་གླིང་ཞེས་པའི་གྲྭ་གྲངས་བརྒྱ་ལྷག་གིས་གྲུབ་པའི་འདུས་སྡེ་ཞིག་ཀྱང་ཡོད། ཧྭ་སྐོར་ཤེས་རིག་གླིང་ནི་ཁོང་གི་ཕ་གཞིས་ཏེ་ཧྭ་སྐོར་དགོན་གྲོང་གཉིས་ཀྱི་མ་འོངས་འཕེལ་རྒྱས་ཀྱི་ཆེད་དུ་དམིགས་ཏེ་གསར་དུ་བཙུགས་པ་ཞིག་ཡིན་ལ། ད་ཆ་སློབ་མའི་ཡོང་ཁུངས་སི་ཁྲོན་དང་། ཀན་སུའུ་མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་སློབ་མ་འདུས་སྡོད་བྱས་ཡོད། སྤྱིར་བཏང་སློབ་གྲྭ་འདི་མ་ཚུགས་ཡར་སྔོན་ལ་སྡེ་བ་ཧྲིལ་བོའི་ཚོགས་འདུ་ཆེ་ཆུང་སོ་སོའི་སྟེང་ཁོང་ཆེད་ཕེབས་ཀྱིས་བཀའ་སློབ་རབས་དང་རིམ་པ་མཛད་ཅིང་། བོད་སྤྱི་བའི་ལས་དོན་ལ་ཐུགས་ཚེགས་ཅི་ཙམ་ཆེ་ནའང་རང་གི་ཕ་ཡུལ་གྱི་ནང་མི་གཉེན་ཉེ་རྣམས་ཐུགས་ལ་བརྣགས་ཤིང་བྱམས་ལྡན་མ་ཡིས་བུ་ལ་གདུང་བ་ལྟར་དུ་ཕ་ཡུལ་གྱི་རུ་དགོན་གཉིས་ཀ་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་ཧྭ་སྐོར་ཤེས་རིག་གླིང་ཞེས་པའི་སློབ་གྲྭ་འདི་ལྟ་བུ་ཞིག་ཀྱང་བསྒྲུབས་པ་རེད།

སློབ་གྲྭ་ཐོག་མར་འཛུགས་དུས་ཀྱི་དགེ་སློབ་ལྷན་རྒྱས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་པའི་དགེ་རྒན་རྣམས།

   སྤྱི་ཟླ་༡༡པའི་ཚེས་༡ཉིན་ཁོང་རིན་པོ་ཆེས་སློབ་གྲྭ་དབུ་འབྱེད་མཛད་སྒོ་དངོས་སུ་བསྡུས་ཤིང་སློབ་གྲྭ་ཞིག་ལ་འཛོམས་དགོས་པའི་སྒྲིག་གཞིའི་འཆར་འགོད་དང་དགེ་རྒན་བསྐོ་བཞག ཐོག་མའི་རྒྱུགས་ལེན་སོགས་རིམ་པར་མཛད་ཅིང་དབུ་འབྱེད་མཛད་སྒོའི་ཚོགས་ཐོག་ཏུའང་གསུང་བཤད་གལ་ཆེན་གནང་པར་མ་ཟད་སློབ་གྲྭ་འདི་ནི་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་གི་ཡན་ལག་སློབ་གྲྭ་ཡིན་པར་གསུངས་ཤིང་སློབ་གྲྭའི་མིང་ཡང་ཧྭ་སྐོར་ཤེས་རིག་གླིང་ཞེས་གནང་བ་རེད། སྐབས་དེར་དངོས་ཡོད་སློབ་མ་ཉི་ཤུ་ལྷག་ཡོད་ལ། ཁོང་གི་སློབ་གླིང་ནས་མཐར་ཕྱིན་པའི་གྲྭ་བ་བཞི་དགེ་རྒན་དུ་བསྐོས། གཞན་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྭ་རྒྱ་བཟོད་པ་ལགས་མཛུབ་སྟོན་དགེ་རྒན་དང་། རང་སྡེའི་ན་གཞོན་འཇོན་ཐང་ཅན་དགེ་རྒན་ཚེ་དབང་ལགས་མཚན་འཛིན་སློབ་གཙོར་བཞག   དུས་དེ་ནས་བཟུང་ད་ལྟའི་བར་འཕེལ་རྒྱས་གང་འཚམ་བྱུང་ཞིང་། ས་གནས་མང་ཚོགས་དང་ཏང་སྲིད་རིམ་པ་ཁག་གིས་ཀྱང་གདེང་འཇོག་ཚད་མཐོར་བྱེད་མུས་སུ་ཡོད་དོ།།

སློབ་དཔོན་མཆོག་གིས་གསུང་བཤད་གནང་བཞིན་པ།

སློབ་གསེང་བྱེད་སྒོ།

སྐྱོར་སྦྱོང་།

རྟགས་གསལ་གཏོང་བཞིན་པ།

     ད་ལྟ་སློབ་གྲྭ་དེར་དངོས་ཡོད་སློབ་མ་༧༠ལྷག་དང་། དགེ་རྒན་བདུན། ཇ་མ་གཉིས། གཞན་ལས་བཟོ་བ་སོགས་ཁྱོན་མི་གྲངས་དགུ་བཅུར་ལོང་ཙམ་ཡོད། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༧༠༠༠ལྷག་ཡོད་པ་དང་འཛུགས་སྐྲུན་སྐོར་ལ་མཆོད་ཁང་དང་། སློབ་ཁང་། མལ་ཁང་། གཞུང་སྒྲུབ་ཁང་། ཚོགས་འདུ་ཁང་། ཤེས་རིག་འགྲན་གླེང་སོགས་ཀྱི་ཚོམས་ཁང་། དཔེ་མཛོད་ཁང་། རྩིས་འཕྲུལ་ཁང་། མཛོད་ཁང་། ཇ་ཁང་སོགས་དང་། གཞན་རྩལ་སྦྱོང་ར་བ་དང་ལུས་རྩལ་སྐོར་གྱི་སྒྲིག་ཆས་ཆ་ཚང་སོགས་མདོར་ན་ཁོར་ཡུག་གི་མཐུན་རྐྱེན་ཧ་ཅང་འཛོམས་པོ་ཡོད། བསླབ་བྱའི་སྐོར་ལ་བོད་རྒྱ་དབྱིན་གསུམ། རྩིས་རིག རྩིས་འཁོར། སྒྲ་ཚད། ཡིག་གཟུགས། རི་མོ་སོགས་སྣ་འཛོམས་རང་བཞིན་ཅན་དུ་ཆགས་ཡོད།   འཚོ་བའི་ཐད་ནས་དགོན་བདག་བླ་མ་༧མཆོག་སྤྲུལ་འཇམ་དབྱངས་བློ་གྲོས་གང་ཉིད་ཀྱིས་མ་དངུལ་མཐུན་རྐྱེན་ཚ་ཚང་སྐྲུན་གྱིན་ཡོད་པས་སློབ་ཡོན་སོགས་ཅི་ཡང་ལེན་གྱིན་མེད།  སྤྱིར་བཏང་སློབ་གྲྭ་འདིའི་སྒྲིག་ལམ་ཀུན་སྤྱོད་དང་སློབ་མའི་བདག་དམ། སློབ་གསོའི་ཁ་ཕྱོགས་སོགས་ནི་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་འགྲོ་ཕྱོགས་ལྟར་ཡིན་ལ།  སློབ་གྲྭའི་དམིགས་ཡུལ་གཙོ་བོ་ཡང་ད་ལྟའི་སྤྱི་ཚོགས་ཁྲོད་སློབ་གྲྭར་འགྲིམ་པའི་གོ་སྐབས་མ་རག་པའི་སྐོར་དང་།  གྲྭ་བཙུན་ལོ་ཆུང་དག་གིས་དུས་རབས་ཀྱི་འགྲོས་དང་མཐུན་ཞིང་རྒྱལ་ཁབ་ཀྱི་སྒྲིག་འཛུགས་ལྟར་སོ་སོའི་འོས་འགན་སློབ་གསོའི་བྲོ་བ་གང་འཚམ་རེ་མྱོང་ཆེད་དང་།   མདོར་ན་ས་གནས་མི་མང་གི་འཕེལ་རྒྱས་ལ་ཤུགས་སྣོན་ཙམ་དུ་འབད་ཅིང་འབུངས་པ་ཉིད་དོ།།   །། བཀྲ་ཤིས།།

ད་ལྟའི་དགེ་སློབ་ལྷན་རྒྱས།

རྣམ་རིག་བཀྲ་བའི་སློབ་མ།

མཁོ་སྤྲོད་བྱེད་མཁན། ཆོས་གྲགས།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5942623
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号