གནམ་འོག་གི་དོན་བཟང་རྩེ་གྲས་ནི་དཔེ་ཀློག་ཉིད་དོ།།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »གནམ་འོག་གི་དོན་བཟང་རྩེ་གྲས་ནི་དཔེ་ཀློག་ཉིད་དོ།།
གནམ་འོག་གི་དོན་བཟང་རྩེ་གྲས་ནི་དཔེ་ཀློག་ཉིད་དོ།།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-09-04ལྟ་ཀློག (4454)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གནམ་འོག་གི་དོན་བཟང་རྩེ་གྲས་ནི་གང་ལྟར་དཔེ་ཀློག་ཉིད་དོ།།

མཁས་དབང་ཅིའུ་ཞུན་ལེན་གྱིས་མཛད།

བན་ཤུལ་དཔལ་མཁར་རྒྱལ་གྱིས་བསྒྱུར།

 

       གནའ་དེང་གི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དཔེ་ཀློག་ལ་བསྟོད་པ་གནང་མཁན་གྱི་སྐྱེས་བུ་མིང་གྲགས་ཅན་དང་དེའི་སྐོར་གྱི་རྩོམ་ཡིག་བགྲང་གིས་མི་ལོང་བ་ཡོད་ནའང་། སྐུ་ཞབས་ཀྲང་ཡུན་ཆིས་ཀྱིས་ཆེས་བབ་ཆག་སྤྱིར་བཏང་གི་སྐད་ཆས"གནམ་འོག་གི་དོན་བཟང་རྩེ་གྲས་ནི་གང་ལྟར་དཔེ་ཀློག་ཉིད་དོ"ཞེས་གསུངས་ཡོད། "གནམ་འོག"དང"རྩེ་གྲས"ཞེས་པའི་ཐ་སྙད་གཉིས་ལས་ཀྱང་ཁོང་གིས་དཔེ་ཀློག་གི་གལ་ཆེན་རང་བཞིན་ལ་ངོས་འཛིན་ཇི་ལྟར་བྱས་པ་མཐོང་ཐུབ་པར་འདུག དཔེ་ཀློག་ནི་ཅིའི་ཕྱིར་དོན་བཟང་ཞིག་ཡིན་ནམ་ཞེ་ན། གང་ལྟར་མི་འགའ་རེ་ཡི་བསམ་པར་གནད་དོན་འདི་ལ་དྲང་ལྡོག་གཉིས་ནས་ལན་འདེབས་སྲིད། འདི་ནི་མིས་ཅིའི་ཕྱིར་ཟ་མ་ཟ་དགོས་སམ་ཞེས་པའི་དྲི་ཚིག་དང་གཅིག་མཚུངས་ཉིད་དེ། རྒྱུ་མཚན་ནི་ཟ་མ་ཟ་བར་དགག་པ་རྒྱག་པའི་མི་མེད་པ་ནང་བཞིན་མི་སུས་ཀྱང་དཔེ་ཀློག་ནི་དོན་བཟང་ཞིག་མིན་པར་བཤད་མེད་པ་དེའོ།། འོན་ཀྱང་ངའི་བསམ་ཚོད་ལྟར་བྱས་ན། དོན་བྱ་དེར་ཅིའི་ཕྱིར་ཞེས་པའི་དྲི་ཚིག་ཅིག་ངེས་པར་དུ་འགོད་དགོས་ཏེ། བྱ་གཞག་གང་ཡིན་ཡང་རྒྱུ་རྐྱེན་ལ་བརྟེན་ནས་མ་བྱུང་མེད་ཅིང་གང་ཡོད་བློང་བློང་པར་བྱུང་བ་ནི་མི་སྲིད་པ་ཞིག་གོ། དེའི་སྟབས་ཀྱིས་ད་ལྟ་རང་ཉིད་ཀྱི་ངོས་འཛིན་བསམ་ཚུལ་གླེང་བར་བྱ་སྟེ། གང་གླེང་བར་བྱ་བ་དངོས་ནི་དཔེ་ཀློག་ནི་ཅིའི་ཕྱིར་དོན་བཟང་ཞིག་ཡིན་མིན་གྱི་སྐོར་དེ་ཡིན།

    ནམ་རྒྱུན་གྱི་གནའ་མིའི་ངག་རྒྱུན་ཞིག་ན"ཕཱན་ཀུའུ་ཡིས་གནམ་ས་འབྱེད་པ"ཞེས་པའི་གཏམ་རྒྱུད་ཅིག་ཡོད། ངས་ད་ལྟ་ཕཱན་ཀུའུ་ཡིས་གནམ་ས་གོ་ཕྱེ་བའི་སྔ་རོལ་ནས་གླེང་རྒྱུ་ཡིན། གང་གླེང་བར་བྱ་ན། མིའི་རིགས་སྲོག་ཆགས་ཀྱི་འཇིག་རྟེན་དང་ཁ་བྲལ་ནས་མིའི་འཇིག་རྟེན་ལ་འཛུལ་བའི་འགོ་བརྩམས་པའི་དུས་མཚམས་དེ་ནས་གླེང་རྒྱུ་ཡིན། མི་ནི་མི་རུ་གྱུར་བ་ནས་བཟུང་མིའི་ཤེས་རབ་གསོག་འཇོག་བྱེད་པའི་འགོ་བརྩམས་པ་རེད། ཤེས་རབ་འདིའི་རིགས་ནི་གངས་འཁྱག་གིས་གོང་བུ་བཟོས་པ་དང་འདྲ་སྟེ་གོང་བུ་ཇི་ལྟར་དེད་ན་བོང་ཚད་ཀྱང་དེ་ལྟར་ཆེ་རུ་འགྲོ་བའི་གསོག་འཇོག་ཅིག་རེད། འོན་ཀྱང་སྲོག་ཆགས་ཀྱི་རིགས་ལ་འདི་ལྟའི་ཤེས་རབ་རྣམ་དཔྱོད་རྩལ་ནི་གཞར་ཡང་མེད་དེ། དཔེར་ན་ཕག་རྨུན་པོ་ནི་ལོ་ངོ་ཁྲི་ལྷག་གི་རོང་གོལ་ནས་བཟུང་འཇིག་རྟེན་འདིར་ཡོད་ནའང་། ད་ལྟའི་དེ་རིང་གི་བར་ལ་ད་དུང་ཡང་རྨུན་པོ་བྱས་ནས་བསྡད་འདུག་ཅིང་ཤེས་རབ་ཀྱི་རྣམ་དཔྱོད་ལ་ནམ་ཡང་སྣོན་པ་རྒྱག་རྒྱུ་མེད་པ་དེ་རེད། མི་ནི་དེ་ལྟ་མ་ཡིན་པར་སོ་སོའི་ཤེས་རབ་ཀྱི་རྣམ་དཔྱོད་ལ་སྣོན་པ་རྒྱག་རྒྱུ་ཡོད་པ་རེད། དེ་ལྟར་དོན་བྱ་དེ་ཉིད་གཞི་རྩར་བཟུང་ནས་རང་ཉིད་ཀྱིས་ཐོས་ཚད་ལྟར་བཤད་ན། མིའི་རིགས་ཀྱི་ཤེས་རབ་ལ་སྣོན་པ་རྒྱག་པ་ནི་ཧ་ཅང་མྱུར་སྟེ། དཔེར་ན་ནམ་མཁའི་དབྱིངས་ནས་དངོས་པོ་ཞིག་མར་གཡུག་པ་དང་འདྲ་བར་གནའ་ནས་དེ་རིང་ལ་ཐུག་གི་བར་དུ་ཤེས་བྱའི་ཚ་རླབས་ཀྱི་འགད་གཏོར་བྱུང་འདྲའི་ཆུ་ཚད་འདི་ལ་སླེབས་པ་རེད། ཉེ་ཆར་གྱི་དུས་ཚོད་ཐུང་ངུ་འདིའི་ནང་ལའང"ཁུ་ལུང"*༼འདི་ནི་ཕ་མའི་ཁམས་དཀར་དམར་བླངས་ནས་ཤེལ་གྱི་ནང་དུ་གསོས་ཏེ་རིགས་རྒྱུད་སྤེལ་ཐབས་ཀྱི་ལག་རྩལ་ཞིག་གི་མིང་། བསྒྱུར་པ་པོའི་མཆན༽གི་ལག་རྩལ་གྱིས་འཇིག་རྟེན་འདི་ཡ་མཚར་བའི་ཚད་དུ་བསྐྱལ་ཡོད། འདི་ལ་མི་ཁ་ཅིག་གིས་སེམས་ཁུར་ཚད་མེད་བྱེད་བཞིན་པ་སྟེ། ལག་རྩལ་འདི་ནི་དོན་དངོས་ཅི་ཞིག་རེད་ཨང་ཟེར་ནས་ཡིད་ཁ་མ་ཁེངས་པའི་འདོད་བློ་སྟོན་ལ། ཡེ་ཤུ་ཆོས་ལུགས་ལ་དད་པ་ཡོད་པའི་མི་རྣམས་ཀྱིས་མ་འོངས་པར་"ཁུ་ལུང"གི་ལག་རྩལ་གྱིས་མི་བཟོས་ཡོང་བར་སེམས་ཚེགས་བྱེད་ཅིང་། གལ་ཏེ་དེ་ལྟར་བྱུང་ན་འཇིག་རྟེན་ཀུན་གྱི་བྱེད་པོར་སྨྲ་བའི་ཡེ་ཤུ་སྟོན་པ་གང་ཞིག་ལ་སྦས་པར་བློས་བསླངས་བྱེད་བཞིན་འདུག

   མིའི་རིགས་ཀྱིས་ལོ་ངོ་བརྒྱ་སྟོང་མང་པོར་ཤེས་རབ་ཉར་ཚགས་གནང་སྟངས་ནི་ཐབས་ལམ་གཉིས་ལས་མ་འདས་ཏེ། གཅིག་ནི་དངོས་པོ་སྟེ་དཔེར་ན་རྒྱ་ནག་ལྕགས་རི་རིང་པོ་ལྟ་བུ་དང་། གཅིག་ནི་དཔེ་ཆ་སྟེ་ཐམས་ལམ་ཕྱི་མ་འདི་ཤིན་ཏུ་གལ་ཆེའོ།། ཡི་གེ་གསར་གཏོད་མ་བྱས་པའི་ཡར་སྔོན་དུ་ཤེས་རབ་ཉར་ཚགས་ནི་ཡིད་འཛིན་ཁོ་ནར་བརྟེན་པ་ཞིག་ཡིན་ནའང་། ཡི་གེ་གསར་གཏོད་བྱས་རྗེས་སུ་དཔེ་ཆ་ལ་བརྟེན་པ་ཞིག་རེད། བསམ་པའི་ཡིད་འཛིན་ལ་བརྟེན་པའི་ཤེས་རབ་དེ་ཉིད་ཤོག་བུའི་ངོས་སུ་ཕབ་ནས་དཔེ་ཆ་བྱུང་ཞིང་། དཔེ་ཆ་ནི་འགྲོ་བ་མིའི་རིགས་ཀྱིས་ཚེ་ཚེ་རབས་རབས་སུ་ཉར་ཚགས་གནང་བའི་ཤེས་རབ་ཀྱི་བང་མཛོད་དེ་ཡིན། མི་རབས་ཕྱི་མ་རྣམས་ཀྱིས་ངེས་པར་དུ་དཔེ་ཀློག་བྱེད་དགོས་ཤིང་དེ་ལྟར་བགྱིས་ན་མི་རབས་སྔོན་མ་རྣམས་ཀྱི་ཤེས་རབ་དག་རྒྱུད་འཛིན་དང་དར་སྤེལ་གཏོང་ནུས་པ་ཡིན། འགྲོ་བ་མིའི་རིགས་ཀྱི་མདུན་སྐྱོད་དེ་བཟློག་པ་མེད་ཅིང་ནམ་ཡང་གོམ་མཚམས་མི་འཇོག་པའི་མདུན་སྐྱོད་དེ་ནི་དཔེ་ཀློག་དང་དཔེ་ཆ་འབྲི་བའི་ཁྱད་ནུས་དེ་ལ་བརྟེན་ཡོད་པ་ཞིག་ཡིན། ངས་ནམ་རྒྱུན་འདི་ལྟར་བསམ་སྟེ། འགྲོ་བ་མིའི་རིགས་ཀྱི་མདུན་སྐྱོད་འཕེལ་རྒྱས་ནི་མཐུད་རྒྱུགས་དང་འདྲ་སྟེ། མི་རབས་དང་པོས་མཐུད་ཤིང་དང་པོ་ཁྱེར་ནས་རྒྱུགས་པ་དང་། མི་རབས་གཉིས་པས་མཐུད་ཤིང་དེ་བླངས་ནས་རྒྱུགས་པ་དང་། དེ་ནས་མི་རབས་གསུམ་པས་མཐུད་ཤིང་ལེན་པ་ལྟ་བུ་སོགས་ནམ་ཡང་མཚམས་འཇོག་མེད་པར་རྒྱུགས་པ་ཞིག་སྟེ། དཔེ་འདི་ལྟ་བུའི་ཤེས་རབ་རྒྱུད་འཛིན་གྱི་བྱ་གཞག་དེ་ཡང་རྣམ་ཀུན་མཚམས་འཇོག་མེད་པ་ཞིག་རེད། འདི་ལྟའི་ཤེས་རབ་རྒྱུད་འཛིན་དེ་ཡང་དཔེ་ཆ་ལ་བརྟེན་པ་ཞིག་དང་དཔེ་ཆ་ནི་འགྲོ་བ་མིའི་རིགས་ཀྱི་ཤེས་རབ་རྒྱུད་འཛིན་གྱི་དོན་བྱ་གལ་པོ་ཆེ་ཡིན་ཞིང་། ཚུལ་འདི་ལ་གཞིགས་ན་དཔེ་ཀློག་ནི"གནམ་འོག་གི་དོན་བཟང་རྩེ་གྲས"དེ་མིན་ན་གང་ཞིག་ཡིན་ནམ།

        འོན་ཀྱང་སྐད་ཆ་གང་བཤད་ཀྱི་གནད་ཁ་ཕྱིར་ནང་ལ་བསྐོར་ན། ཀྲུང་གོའི་དུས་རབས་རིམ་བྱུང་ལ"དཔེ་ཀློག་ནུས་མེད་སྨྲ་བ"ཡི་བཤད་སྟངས་ཤིག་ཡོད་དེ། དཔེ་ཆ་ཀློག་པའི་ཤེས་ལྡན་པ་ལ་གནའ་རབས་སུ"དཔེ་འཐོམ་པ"ཞེས་མིང་བཏགས་ཡོད་ཅིང་ནམ་རྒྱུན་བཞད་གད་ཀྱི་ཡུལ་དུ་བྱེད་པ་ཞིག་སྟེ། དཔེར་ན"དཔེ་འཐོམ་གྱེན་ལོག་བྱེད་པ་དེ།། ལོ་གསུམ་འགོར་ཡང་དོན་མི་འགྲུབ།།"ཟེར་སྲོལ་ཡོད་པ་ལྟ་བུའོ།། དེ་ནི་ཤོག་ཐོག་བྲོ་རྡུང་གི་དཔེ་འཐོམ་པ་རྣམས་ལ་ནུས་པ་མེད་པར་འཕྱ་སྨོད་བྱས་པ་ཞིག་ཡིན་ཞིང་གཏམ་འདི་ནི་དོན་གྱི་སྙིང་བོས་རབ་ཏུ་སྟོང་བ་ཞིག་གོ། འདི་ནི་གནའ་རབས་སྟེ་ཚང་མས་གཟབ་ནན་གནང་རོགས་ཀྱིས་ལ་ངས་གང་བཤད་པ་དེ་གནའ་རབས་ལ་ཟེར་གི་ཡོད་ཅིང་དེ་རིང་གི་དུས་དང་ཁྱོན་ནས་འདྲ་གི་མ་རེད། གནའ་དུས་སུ་གྱེན་ལོག་གི་རྒྱལ་ཁ་ཐོབ་མཁན་ཕལ་ཆེ་བ་ནི་ཡི་གེ་འབྲུ་གཅིག་ཀྱང་མི་ཤེས་པའི་དམུ་རྒོད་མི་འཁྱམ་དག་ཡིན་ལ། གནའ་བོའི་ཀྲུང་གོའི་ལོ་རྒྱུས་སུ་རྟ་ཐོག་གི་རྒྱལ་པོ་གཉིས་སྟེ། རྒྱལ་ཁབ་འཛུགས་པའི་དཔའ་བོ་གཙོ་གྲས་ལེའུ་པཱང་དང་ཀྲུའུ་ཡོན་ཀྲང་གཉིས་ཀྱང་འདིའི་རིགས་སུ་གཏོགས་ཞིང་སྙན་ངག་པས་ཀྱང"ལེའུ་ཞང་གིས་མ་གཞི་ནས་དཔེ་ཀློག་མི་བྱེད"ཅེས་ཤུགས་རིང་ནར་མར་འབྱིན་ནོ།། "དཔེ་འཐོམ་པ"ནི་ཆེས་བཟང་ནའང་ཞམ་འབྲིང་པའམ་ཕྱག་འདེགས་ཀྱི་མི་ངན་ཁྲམ་པའི་དཔུང་ཁག་ཅིག་ཏུ་འགྱུར་སྲིད་ལ། མཚན་སྙན་གོ་ཐོབ་ལ་ནམ་ཡང་རམ་འདེགས་བྱེད་མི་ནུས་ཅེས་ཤུགས་རིང་ནར་མར་འབྱིན་པའི་སྲོལ་ཤིག་ཀྱང་ཡོད།

          འོན་ཀྱང་སྐད་ཆ་གང་བཤད་ཀྱི་གནད་ཁ་ཡང་བསྐྱར་ནང་ལ་བསྐོར་ན། ཀྲུང་གོའི་ལོ་རྒྱུས་ལྡན་པའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གཞུང་རྒྱུད་འཛིན་པ་དག་ནི་མི་ངན་ཁྲམ་པར་བཤད་པ་དེ་རྣམས་ཡིན་ཞིང་། འདི་ནི"དཔེ་འཐོམ་པ"ཡིན་ནམ་ཅི། དྲིས་ལན་ནི་ཉི་ཤར་སྤར་མོས་མི་ཁེབ་པ་ལྟ་བུ་འདི་རེད། "དཔེ་ཀློག་ནུས་མེད་སྨྲ་བའི"དཔུང་སྡེ་འདི་དག་གིས"ལྷ་བཙད་པོ"དང"ལྷ་མེས"སུ་བསྟོད་པར་བསྔགས་པ་འདི་རྣམས་ཀྱིས་མི་དམངས་ལ་བཤུ་གཞོག་གཏོང་བ་ཙམ་ལས། ཕྱི་རབས་པར་བང་སོའི་རིགས་འགའ་ཤུལ་བཞག་བྱས་ཡོད་ཅིང་དེ་རྣམས་ཀྱང་ད་ལྟ་ཡུལ་སྐོར་ལྟེ་གནས་སུ་བསྒྱུར་ཏེ་སྒོར་མོ་བཙལ་ས་ཙམ་དུ་གྱུར་ཡོད་ཅིང་། ཁོ་ཚོས་ང་ཚོའི་རྒྱལ་ཁབ་འདི་ལ་གཟེངས་སུ་མཐོ་བའི་མཛད་རྗེས་གང་ཡང་འཇོག་མྱོང་མེད་དོ།།

མདོ་དོན་རུབ་བསྡུས་ཀྱི་བཤད་ན། "གནམ་འོག་གི་དོན་བཟང་རྩེ་གྲས་ནི་གང་ལྟར་དཔེ་ཀློག་ཉིད་དོ།།"

          རྩོམ་ཡིག་འདི་ནི་ཕྱི་ལོ༡༩༩༧ལོའི་ཟླ༤བའི་ཚེས༨ལ་རྒྱ་ནག་གི་མཁས་དབང<ཅིའུ་ཞུན་ལེན་གྱི་དཔེ་ཀློག་གཤིས་སྐྱོང་གླེང་བ>བྱ་བ་ལས་བཏུས་ཤིང་གཞུང་དེ་ནི་ཕྱི་ལོ༢༠༡༥ལོའི་ཟླ་བཞི་བར་དེང་རབས་ཀྲུང་གོའི་དཔེ་སྐྲུན་ཁང་ན་པར་བསྐྲུན་བྱས་ཡོད། ༢༠༡༥/༥/༢༠/ལ་མང་ཡུལ་གུང་ཐང་ནས་བོད་སྐད་སྨྲ་བ་ཐམས་ཅད་ལ་སྨན་པར་བསམ་ནས་བན་ཤུལ་དཔལ་མཁར་རྒྱལ་གྱིས་བོད་འགྱུར་བྱས་པ་དགེའོ།།

རྩོམ་གྱི་ཡོང་ཁུངས། ༁་མྱེས་རྨ་ཆེན་འཕྲིན་སྟེགས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528681
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།