དཔེ་ཀློག་གི་རྒྱུན་ཤེས་སྐོར་དང་ཐབས་ལམ་གལ་ཆེན་གསུམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། » དཔེ་ཀློག་གི་རྒྱུན་ཤེས་སྐོར་དང་ཐབས་ལམ་གལ་ཆེན་གསུམ།
དཔེ་ཀློག་གི་རྒྱུན་ཤེས་སྐོར་དང་ཐབས་ལམ་གལ་ཆེན་གསུམ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-09-03ལྟ་ཀློག (4176)རྩོམ་ཁུངས: གླིང་སྲས་དྲ་ཚིགས།པར་འདེབ།

དཔེ་ཀློག་གི་རྒྱུན་ཤེས་སྐོར་དང་ཐབས་ལམ་གལ་ཆེན་གསུམ།

 

 ཡིག་སྒྱུར་བ། ཨི་ཏི་ཧ་ས།

       དཔེ་ཆ་ཀློག་ཤེས་དགོས་པའི་གོ་རིམ་ལའང་ཕལ་ཆེར་ཐབས་ལམ་རྣམ་པ་གསུམ་བེད་སྤྱད་ནས་བཤད་ན་ཆོག་སྙམ། དང་པོ། ཚང་མས་ལྷན་ཅིག་ཏུ་དཔེ་དེབ་ཅིག་གཏན་ཁེལ་བྱས་ནས་ཀློགས། བཀླགས་ཚར་རྗེས་རང་ཉིད་ལ་ཐོབ་པའི་བློ་སྐྱེད་དང་བསམ་ཚུལ་ཕན་ཚུན་བར་བརྗེ་རེས་གྱིས། གཉིས་པ། འོག་ནས་གོང་གི་རང་འགུལ་ཐབས་ལམ་སྟེང་། ཐོག་མར་ཚོགས་མིས་ལྷན་ཅིག་ཏུ་མིང་ག་གེ་མོ་ཞིག་གཏན་ཁེལ། ཁྱབ་ཁོངས་གཏན་ཁེལ། ད་དུང་སློབ་སྟོན་པས་དེའི་ཁྱབ་ཁོངས་ཀྱི་ལེ་ཚན་ལ་ཞིབ་ཕྲ་དང་འཆར་འགོད་གཏན་འབེབས་བྱས་པ་གཞིར་བཟུང་། དཔེ་དེབ་དེ་དཔྱད་གཞིར་བཟུང་ལ་མི་རེ་རེས་གཟའ་འཁོར་རེའི་ནང་དུ་ངེས་པར་བསྒྲུབས་ཚར་ནས་སྙན་ཞུ་ཕུལ་དགོས། གསུམ་པ། སློབ་སྟོན་པས་ཁ་བྱང་མང་དག་ཅིག་འཆར་འགོད་གཏན་འབེབས་བྱས། དེའི་སྟེང་དུ་ཕྱོགས་ཀྱི་ཚོགས་མི་དག་གིས་གང་འདོད་དུ་ཁ་བྱང་གཅིག་བདམས་ཐག་བཅད་ནས་ཞིབ་འཇུག་ཚར་བ་དང་འབྲི་ཚར་བར་བྱས་ནས་སྙན་ཞུ་ཕུལ་དགོས། དཔེ་ཀློག་གི་ཐབས་ལམ་སྐོར་ནས་ངས་ལོ་ངོ་བཅུ་ལ་སློབ་ཁྲིད་བྱས་ཡོད། འོན་ཀྱང་། ངའི་ཚོར་སྣང་ལ་མིག་སྔར་དཔེ་ཆ་ཀློག་པར་ཐོག་མར་དཔེ་ཆ་ཀློག་པའི་རྒྱུན་ཤེས་སྐྱེད་སྲིང་བྱ་དགོས་སྙམ། དཔེ་ཆ་ཀློག་པའི་ཐབས་ལམ་མྱུར་མོ་ཞིག་ཟེར་ནས་སྟབས་བདེ་ནུས་པ་ཅན་ཞིག་བཤད་ཡོང་རྒྱུ་མེད། དཔེ་ཀློག་གི་རྒྱུན་ཤེས་ལ་གསུམ་དུ་དགར་ཆོག གཅིག བརྩོན་འགྲུས། གཉིས། གཟབ་ནན། གསུམ། ཁེངས་སྐྱུང་། སྙིང་རུས་དང་དཀའ་ཐུབ་ནི་རྒྱལ་ཁའི་རྩ་བ་ཡིན། ཡོན་ཏན་པ་ཞིག་བཅའ་བར་རང་ཉིད་ཀྱིས་རང་ཉིད་ལ་བརྙས་བཅོས་བྱེད་མི་ཉན། དེའི་རྐྱེན་སྙིང་རུས་མེད་ན་མི་ཆོག དེ་མིན། གཟབ་ནན་སེམས་ཆུང་འང་ཧ་ཅང་གལ་ཆེ། ཆིང་རྒྱལ་རབས་ཀྱི་རྒྱ་རིགས་ཤེས་ཡོན་པ། དཔེར་ན། བང་ཧྲི་ཕ་བུ་དང་ཏཱན་མོ་ཐན་སོགས་ཀྱི་རྒྱལ་ཁའང་། ཚང་མས་བྱ་བ་གང་ལ་ཐུག་ཀྱང་ལས་སླ་པོའི་སྒོ་ནས་མ་གཏོང་བས་རེད། གཞན་གྱིས་མཐོང་མི་ཐུབ་པ་དག་རང་གིས་བཙན་གྱིས་མཐོང་དུ་བཅུག་པ། དེང་སང་ཕྲ་མཐོང་ཆེ་ཤེལ་ཆེ་ནས་ཆེ་རུ་བཏང་། དེར་མ་ཟད་སྔོན་མཐོང་མི་ཐུབ་པའི་དངོས་པོ་དག་ད་ལྟ་ཚང་མ་མཐོང་ཐུབ་ཏུ་བཅུག་པ་རེད། ཁེངས་སྐྱུང་དེ་ནི་རྣམ་འགྱུར་འཛིན་སྟངས་ཀྱི་ཁེངས་སྐྱུང་ཞིག་ཡིན། རང་གི་མཐོང་ཕྱོགས་ཅུང་ཙམ་གྱིས་ས་ཕྱོགས་དང་ཕྱོགས་ཁག་དགར་མི་ཉན། ཚང་མས་ཁེངས་སྐྱུང་གི་སྟེང་ནས་རྟོག་ཞིབ་དང་འདོར་ལེན་བྱས་མཐར་ཐག་བཅད་ན་འགྲིག དོན་ཚན་འདི་གསུམ་པོ་ཧ་ཅང་གལ་ཆེ། དེ་མིན། ད་དུང་དཔེ་ཆ་ཉོ་བའི་གོམ་གཤིས་དེ་ངེས་པར་དུ་ཆགས་དགོས། བྱ་བ་མེད་དུས་དཔེ་ཁྲོམ་ཁང་ལ་འཆམ་འཆམ་དུ་འགྲོ་དགོས། གང་ལྟར་ཡང་། དཔེ་ཆ་ཚང་མར་རེག་དགོས། ཁྱོས་ལག་པ་བརྐྱངས་ནས་དཔེ་ཆར་རེག་རྗེས་ཁྱོད་དེ་ལ་སྤྲོ་བ་ཡོད་པར་ཤེས་ཐུབ། དཔེ་མཛོད་ཁང་དུ་དཔེ་ཆ་མང་པོ་ཞིག་གིས་ཁྱོད་ལ་བརྟག་ཞིབ་ཅེས་གདམས་ཡོད། ཡིན་ཀྱང་དེ་ཙམ་གྱིས་མི་ཆོག རྒྱུ་མཚན་ཁྱོས་དཔེ་ཆའི་སྟེང་དུ་རི་མོ་འབྲི་མི་རུང་། དེ་ལས་ཀྱང་མི་རུང་བ་ནི་ཟུར་མཆན་འདེབས་མི་ཉན། དེའི་རྐྱེན་རང་ཉིད་ཀྱི་སྦྱང་བྱ་དང་འབྲེལ་བ་ཡོད་པའི་དཔེ་དེབ་ཉུང་ཙམ་ཞིག་ཡིན་ཀྱང་གྲ་སྒྲིག་དགོས། གང་འདྲ་བྱས་ནའང་། གོ་ལྷམ་ཆ་རེར་ཉོ་བ་གྲོན་ཆུང་བྱོས། དཔེ་ཆ་དེ་དག་མ་ཉོ་ཐབས་མེད་ཅིག་ཡིན། གཞོན་ནུ་ཚོས་དཔེ་ཀློག་དགོས། དཔེ་ཀློག་གི་ཐབས་ལམ་སྔོན་དུ་གླེང་དགོས་དོན་མེད། གཙོ་བོ་དཔེ་ཆ་ཀློག་པའི་གོམ་གཤིས་ཆགས་པ་དང་དཔེ་ཆ་ལེགས་པོ་ཉོ་བའི་གོམ་གཤིས་ཆགས་དགོས་པ་དེ་གལ་ཆེ།


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503210
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།