ལིས་ཁི་ཆང་ཐེན་ཅིན་གྲུ་ཁའི་བརྒྱད་པའི་བཅུ་གཉིས་ཉིན་གྱི་རོས་ཧེ་ཀུང་ཟིའི་ཉེན་ཁའི་དངོས་རྫས་བཞག་པའི་མཛོད་ཁང་གི་འགས་གཏོར་དོན་རྐྱེན་ཚབས་ཆེན་བྱུང་སར་ཕེབས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ལིས་ཁི་ཆང་ཐེན་ཅིན་གྲུ་ཁའི་བརྒྱད་པའི་བཅུ་གཉིས་ཉིན་གྱི་རོས་ཧེ་
ལིས་ཁི་ཆང་ཐེན་ཅིན་གྲུ་ཁའི་བརྒྱད་པའི་བཅུ་གཉིས་ཉིན་གྱི་རོས་ཧེ་ཀུང་ཟིའི་ཉེན་ཁའི་དངོས་རྫས་བཞག་པའི་མཛོད་ཁང་གི་འགས་གཏོར་དོན་རྐྱེན་ཚབས་ཆེན་བྱུང་སར་ཕེབས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-08-17ལྟ་ཀློག (3674)རྩོམ་ཁུངས: མཚོ་སྔོན་བོད་སྐད་དྲྭ་ཚིགས།པར་འདེབ།

ལིས་ཁི་ཆང་ཐེན་ཅིན་གྲུ་ཁའི་བརྒྱད་པའི་བཅུ་གཉིས་ཉིན་གྱི་རོས་ཧེ་ཀུང་ཟིའི་ཉེན་ཁའི་དངོས་རྫས་བཞག་པའི་མཛོད་ཁང་གི་འགས་གཏོར་དོན་རྐྱེན་ཚབས་ཆེན་བྱུང་སར་ཕེབས། 

李克强赴天津重大火灾爆炸事故现场.jpg

   ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཐེན་ཅིན་གྲུ་ཁའི་བརྒྱད་པའི་བཅུ་གཉིས་ཉིན་ཀྱི་རོས་ཧེ་ཀུང་ཟིའི་ཉེན་ཁའི་དངོས་རྫས་བཞག་པའི་མཛོད་ཁང་དང་ཁྱད་པར་དུ་འགས་གཏོར་དོན་རྐྱེན་ཚབས་ཆེན་བྱུང་སར་ཕེབས་ཏེ། མྱུར་སྐྱོབ་དང་སྔོག་བཤེར་། གཙང་བཤེར་ཐག་གཅོད་བཅས་བྱེད་པའི་གནས་ཚུལ་ལ་གཟིགས་ཞིབ་མཛད།

ཐེན་ཅིན་གྲུ་ཁའི་རོས་ཧེ་ཀུང་ཟིའི་ཉེན་ཁའི་དངོས་རྫས་བཞག་པའི་མཛོད་ཁང་དུ་འགས་གཏོར་དོན་རྐྱེན་ཚབས་ཆེན་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེར་ཧ་ཅང་མཐོང་ཆེན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་གིས་དེིའི་ཐད་ལ་མྱུར་དུ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོའི་བར་དུ། རྐྱེན་ལམ་དུ་ཤོར་བའི་མི་གྲངས་བརྒྱ་དང་བཅུ་གཉིས་ལ་བསླེབས་པ་དང་། གར་སོང་མི་ཤེས་པའི་མི་སྣ་གོ་ལྔར་བསླེབས་པ་ཁྱབ་སྒྲོག་བྱས། ཉིན་དེའི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཚབ་མཛད་དེ། ཐེན་ཅིན་གྲུ་ཁའི་བརྒྱད་པའི་བཅུ་གཉིས་ཉིན་ཀྱི་རོས་ཧེ་ཀུང་ཟིའི་ཉེན་ཁའི་དངོས་རྫས་བཞག་པའི་མཛོད་ཁང་དང་ཁྱད་པར་དུ་འགས་གཏོར་དོན་རྐྱེན་ཚབས་ཆེན་བྱུང་སར་ཕེབས་ནས། མེ་གསོད་རུ་ཁག་མི་སྣ་དང་། མྱུར་སྐྱོར་དཔོན་དམག རྨས་མ་དང་གནོད་ཐེངས་མང་ཚོགས་བཅས་ལ་འཚམས་འདྲི་གནང་བར་མ་ཟད། གོ་རིམ་རྗེས་མའི་མྱུར་སྐྱོབ་སྨན་བཅོས་བྱ་བ་དང་། རྗེས་མཐུད་ཐག་གཅོད་བྱ་བ། བདེ་འཇགས་ཐོན་སྐྱེད་བྱ་བ་བཅས་ལ་བཀོད་སྒྲིག་བྱས།

   ལིས་ཁི་ཆང་མེ་འཁོར་ནས་བབས་མ་ཐག་ཏུ་ཐོག་མར་འགས་གཏོར་དོན་རྐྱེན་བྱུང་སའི་བཀག་སྡོམ་ས་ཁུལ་དུ་ཕེབས་ཏེ། མྱུར་སྐྱོབ་དང་སྔོག་བཤེར། གཙང་བཤེར་ཐག་གཅོད་བཅས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་མཛད། ཁོང་གིས་གསུངས་རྒྱུར། ད་ལྟ་མིག་གིས་མཐོང་བའི་མེ་བསད་ཡོད་ཀྱང་། ཡུལ་དངོས་ཀྱི་གནས་ཚུལ་ད་རུང་ཧ་ཅང་རྙོག་འཛིང་ཡིན་པས། མུ་མཐུད་དུ་ཚན་རིག་ལྟར་གར་སོང་མི་ཤེས་པའི་མི་སྣ་མུ་མཐུད་དུ་འཚོལ་ཞིབ་བྱས་ནས། ཉེན་ཁའི་རྫས་འགྱུར་དངོས་རྫས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ། དོགས་གཞི་གཅིག་ཀྱང་སྣང་མེད་དུ་མི་བསྐྱུར་བར་ཁག་ཐེག་བྱེད་དགོས་ཟེར།

     ལིས་ཁི་ཆང་གིས་བསྟུད་མར་ཉིན་འགའི་རིང་ལ་མྱུར་སྐྱོབ་འཐབ་ཕྱོགས་དང་པོ་ན་འབད་འཐབ་བྱེད་བཞིན་པའི་མྱུར་སྐྱོབ་དཔོན་དམག་དང་མེ་གསོད་རུ་ཁག་མི་སྣར་འཚམས་འདྲི་གནང་། ཁོང་གིས་གསུངས་རྒྱུར། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ལ་དཀའ་ཁག་དང་ཉེན་ཁ་བྱུང་ཚེ། ཁྱེད་ཚོས་ཉེན་ཁ་དང་རང་སྲོག་ལ་མི་འཛེམས་པར་དཔའ་ངར་ཆེར་fསྐྱེད་ཀྱིས་མེ་གསོད་མྱུར་སྐྱོབ་བྱ་འགུལ་ཁྲོད་ཞུགས་པ་དང་རང་སྲོག་བློས་བཏང་བར་ཏང་དང་སྲིད་གཞུང་གིས་ཁྱེད་ཚོར་བཀའ་དྲིན་ཆེ་ཞུས་པ་ཡིན་ཟེར། ཁོང་གིས་ཚང་མས་མྱུར་སྐྱོབ་བྱེད་སྐབས་རང་ལུས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་མཉམ་འཇོག་དགོས་པའི་རེ་བ་བཏོན།

    ལིས་ཁི་ཆང་གནས་སྐབས་ཀྱི་བཀོད་སྒྲིག་བྱེད་སར་ཕེབས་ཏེ། གནོད་ཐེབས་མང་ཚོགས་ཀྱི་འཚོ་བ་དང་སྨན་བཅོས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་པར་མ་ཟད། འབྲེལ་ཡོད་ཕྱོགས་ཀྱིས་ཁོ་ཚོའི་རེ་བ་དང་གྲོས་གཞི་ལ་ཞིབ་ཏུ་ཉན་ནས། མང་ཚོགས་ལ་བཀོད་སྒྲིག་བཟང་བོ་བྱེད་དགོས་པའི་རེ་བ་བཏོན། ཁོང་གིས་ད་རུང་ཡུལ་དངོས་སུ་ཡོད་པའི་དང་བླངས་པས་རང་ཉིད་ཀྱི་གཅེས་སེམས་ལ་བརྟེན་ནས་སྤྱི་ཚོགས་སྟེང་མུ་མཐུད་དུ་དྲང་ཕྱོགས་ཀྱི་ནུས་ཚད་དང་དྲོད་སྐྱིད་སྐྱེལ་དགོས་པའི་སྐུལ་མ་བཏང་།

        ལིས་ཁི་ཆང་གིས་རྨས་མ་མང་པོ་སྨན་བཅོས་བྱེད་བཞིན་པའི་སྨན་ཁང་དུ་ཕེབས་ནས་མྱུར་སྐྱོབ་སྨན་བཅོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་། རྨས་ཕོག་པའི་མེ་གསོད་རུ་ཁག་གི་མི་སྣ་དང་མྱུར་སྐྱོབ་དཔོན་དམག མང་ཚོགས་བཅས་ལ་འཚམས་འདྲི་ཞུས། ཁོང་གིས་གསུངས་རྒྱུར། ཏང་དང་སྲིད་གཞུང་གིས་ཆེས་བཟང་བའི་སྨན་བཅོས་མི་སྣ་དང་ཆེས་ཕུལ་དུ་བྱུང་བའི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་བྱས་ནས། རྨས་མའི་སྨན་བཅོས་ལ་ཐབས་བརྒྱ་ཇུས་སྟོང་གིས་ཁག་ཐེག་བྱེད་རྒྱུ་ཡིན་པས། ཚང་མས་སེམས་བདེ་མོ་བྱས་ཆོག་ཅེས་གསུངས། ཁོས་སྨན་བཅོས་མི་སྣས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་མྱུར་སྐྱོབ་སྨན་བཅོས་བྱ་བ་བཟང་བོར་བསྒྲུབ་སྟེ། རྨས་མ་ཚང་མར་དུས་ཐོག་ཏུ་སྨན་བཅོས་བཟང་བོ་ཐོབ་ནས། ཤི་ཚད་དང་དབང་བོ་སྐྱོན་ཅན་དུ་འགྱུར་བའི་ཚད་ཆེས་ཆེར་ཇེ་དམར་གཏོང་དགོས་པའི་རེ་བ་བཏོན།

    ཐེན་ཅིན་སྤྱི་བདེ་མེ་གསོད་ཅུའུ་གསར་སྤེལ་རུ་ཁག་ནས་ལིས་ཁི་ཆང་གིས་མྱུར་སྐྱོབ་བྱ་བའི་ཁྲོད་རང་སྲོག་བློས་བཏང་བའི་མེ་གསོད་དཔོན་དམག་དང་ཁེ་ལས་ཀྱི་མེ་གསོད་མི་སྣའི་འདྲ་པར་གྱི་མདུན་དུ་གུས་འདུད་དང་བཅས་མྱ་ངན་ཞུས། ལིས་ཁེ་ཆང་གིས་རང་སྲོག་བློས་བཏང་བའི་མེ་གསོད་དཔོན་དམག་དང་ཁེ་ལས་ཀྱི་མེ་གསོད་མི་སྣའི་འདྲ་པར་ལ་གཟིགས་ནས་གསུངས་རྒྱུར། ཁོ་ཚོ་ཚང་མ་ནི་དཔའ་བོ་ཡིན་པས། སྤྱི་ཚོགས་ཡོངས་ཀྱིས་བརྩི་འཇོག་བྱེད་དགོས་ལ། ཁོ་ཚོ་ཚང་མར་གཟི་བརྗིད་མཚན་སྙན་གཅིག་འདྲ་གནང་དགོས་པར་མ་ཟད། ཁོ་ཚོ་ཚང་མའི་ཁྱིམ་མིར་གཟིགས་སྐྱོང་གཅིག་འདྲ་གནང་དགོས་ཟེར།

    ལིས་ཁི་ཆང་གིས་གསུངས་རྒྱུར། འགས་གཏོར་དོན་རྐྱེན་ཚབས་ཆེན་བྱུང་རྗེས། ཀྲུང་དབྱང་དང་ས་གནས། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དམག་དཔུང་བཅས་ཀྱིས་མྱུར་དུ་བྱེད་ཐབས་སྤྱད་པ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་མྱུར་སྐྱོབ་སྨན་བཅོས་བྱ་བའི་ཁྲོད་ཞུགས་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། གོ་རིམ་རྗེས་མར་གཅིག་ནས་གར་སོང་མི་ཤེས་པའི་མི་སྣ་མུ་མཐུད་དུ་འཚོལ་ཞིབ་བྱེད་དགོས་པ་དང་། གཉིས་ནས་ཐབས་བརྒྱ་ཇུས་སྟོང་སྒོས་རྨས་མར་མྱུར་སྐྱོབ་སྨན་བཅོས་བྱེད་དགོས། གསུམ་ནས་ཚན་རིག་ལྟར་ཡུལ་དངོས་གཙང་བཤེར་བྱས་ནས། འབར་སླ་བ་དང་གས་སླ་བའི་ཉེན་ཁའི་རྫས་འགྱུར་དངོས་རྫས་སྣ་ཚོགས་ཐག་གཅོད་བཟང་བོ་བྱེད་དགོས། བཞི་ནས་རླུང་ཁམས་ཆེན་པོ་དང་ཆུའི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་གཙིགས་འཛིན་བྱེད་དགོས། ལྔ་ནས་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་བཀོད་སྒྲིག་བཟང་བོ་བྱེད་དགོས། དྲུག་ནས་འབྲེལ་ཡོད་གནས་ཚུལ་མངོན་གསལ་དང་དྲང་བདེན། འཐུས་སྒོ་ཚང་བ་བཅས་ཀྱི་སྒོ་ནས་སྒྲོག་སྤེལ་བྱས་ནས། སྤྱི་ཚོགས་ལ་དུས་ཐོག་ཏུ་ཁ་གཏད་འཇལ་ཏེ། མང་ཚོགས་ཀྱིས་དུས་ལྟར་གནས་ཚུལ་ངོ་མ་རྒྱུས་ལོན་བྱེད་ཐུབ་པར་བྱེད་དགོས་ཟེར།

   ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་དོན་རྐྱེན་ཁྲོད་དུ་ཤི་རྨས་ཚབས་ཆེན་བྱུང་བ་དང་ཉམས་མྱོང་དང་བསླབ་བྱ་གཏིང་ཟབ་ཐེབས་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མྱུར་དུ་དོན་རྐྱེན་ཞིབ་བཤེར་ཚན་ཁག་བཙུགས་ཏེ་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་ཞིབ་བཤེར་ནན་མོ་བྱེད་པ་དང་། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་པ་དང་ཞིབ་བཤེར་དང་ཐག་གཅོད་བཟང་བོ་བྱས་ཏེ། འགན་འཛོལ་དང་ཁྲིམས་འགལ་ལུགས་འགལ་དང་འབྲེལ་བ་ཡོད་པའི་མི་སྣར་རྩད་གཅོད་དང་ཐག་གཅོད་ནན་མོ་བྱེད་པ་ལས་ཀུ་ཡངས་སུ་གཏན་ནས་གཏོང་མི་རུང་། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། བདེ་འཇགས་ཐོན་སྐྱེད་ཐད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཆེན་མོ་བྱེད་དགོས་པ་དང་། ཉེན་ཁ་ཆེ་བའི་རྫས་འགྱུར་དང་འབར་སླ་ཞིང་འགས་སླ་བའི་དངོས་རྫས་སོགས་ཀྱི་བདེ་འཇགས་ལ་ཆེད་དོན་དག་ཐེར་དང་བཅོས་སྐྱོང་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ལ་གཙིགས་འཛིན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པར་མ་ཟད། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་དོན་སྣ་ཚོགས་བདེ་བླག་ངང་གོང་འཕེལ་དུ་གཏོང་བར་འགན་སྲུང་བྱེད་དགོས་ཟེར།

མ་ཁེ་དང་ཡང་ཅིན། གོ་ཧྲིན་ཁུན་བཅས་གོང་གི་བྱ་འགུལ་ཞུགས།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23496831
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།