ཚོང་ལས་སྐོར་གྱི་བསམ་བློའི་རྒྱུན་ཤེས་འགའ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ཚོང་ལས་སྐོར་གྱི་བསམ་བློའི་རྒྱུན་ཤེས་འགའ།
ཚོང་ལས་སྐོར་གྱི་བསམ་བློའི་རྒྱུན་ཤེས་འགའ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-28ལྟ་ཀློག (4153)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཚོང་ལས་སྐོར་གྱི་བསམ་བློའི་རྒྱུན་ཤེས་འགའ།

བརྩེ་རྡོས་བསྒྱུར།

དཔལ་འབྱོར་རིག་པའི་སློབ་ཐུན།

 གཞོན་ནུ་མ་ཞིག་འོ་མ་ཉོ་རུ་སོང་། ཚོང་བདག་གིས "དམ་བུ་གཅིག་ལ་སྒོར་མོ་གཅིག དམ་བུ་གསུམ་ལ་སྒོར་མོ་བཅུ་རེད" ཟེར། སྐབས་དེར་གཞོན་ནུ་མས་ཅི་ཡང་མ་བཤད་པར། སྒོར་མོ་གཅིག་བླངས་ནས་དམ་བུ་གཅིག་ཉོས། དེ་ལྟར་ཐེངས་གསུམ་ལ་ཉོས་པས། སྒོར་མོ་དགུའི་དམ་བུ་གསུམ་ཁུག་སོང་། དེ་ནས་ཁོ་མོ་དགོད་ཞོར་དུ་ཚོང་བདག་ལ། "ཁྱེད་ཀྱིས་མཐོང་སོང་ངམ། བདག་གིས་སྒོར་མོ་དགུའི་དམ་བུ་གསུམ་ཉོས་པ་ཡིན" ཞེས་བཤད་པ་ན། ཚོང་བདག་གིས། "ཧ་ཧ་ཧ བདག་གིས་འདི་ལྟར་བྱས་ནས་བཙོང་ཉིན་ནས་དམ་བི་གསུམ་རེ་དེ་མ་ཐག་བཙོང་ཐུབ་འགྲོ་ཀི" ཞེས་བཤད།

དེ་ལྟར་བྱེད་པ་ནི་ཚོང་ལས་ཀྱི་བྱེད་ཐབས་ཤིག་ཡིན་པ་མ་ཟད། ལྷག་པར་དུ་ཁྱོད་ཀྱི་ལས་ཀའི་འཚོ་བ་ལ་གསར་གཏོད་ཀྱིས་ཕྱུག་པའི་བསམ་བློ་གཏོང་སྟངས་ཤིག་ཀྱང་ཡིན།

གོམས་གཤིས

   སློང་མོ་བ་ཞིག་རྒྱལ་སྲས་ཞིག་གི་ཁྱིམ་ལ་ཡོང་ནས་སློང་མོ་བྱས། རྒྱལ་སྲས་ཀྱིས་ཁོ་ལ་དངུལ་ལོར་བཅུ་བྱིན། ཉིན་གཉིས་པར་ཡང་སློང་མོ་བྱེད་དུ་འོང་། རྒྱལ་སྲས་ཀྱིས་སྔར་ཉིན་ལྟར་ཡང་དངུལ་ལོར་བཅུ་བྱིན། དེ་ལྟར་ལོ་གཉིས་ལ་བྱིན། ལོ་གཉིས་རྗེས་ཀྱི་ཉིན་ཞིག་ལ་རྒྱལ་སྲས་ཀྱིས་དངུལ་ལོར་ལྔ་ལས་མ་བྱིན། སློང་མོ་བས "ནམ་རྒྱུན་དངུལ་ལོར་བཅུ་རེ་སྟེར་བས། དེ་རིང་ཅི་ཞིག་ལ་དངུལ་ལོར་ལྔ་མ་གཏོགས་མི་བྱིན་པ་ཡིན" ཞེས་དྲིས། རྒྱལ་སྲས་ཀྱིས "བདག་གིས་གཉེན་སྟོན་བྱས་པ་ཡིན" ཞེས་བཤད་མ་ཐག སློང་མོ་བས་རྒྱལ་སྲས་ལ་འགྲམ་ལྕག་ཚ་ཐག་ཆོད་ཞིག་གཞུས་ནས "ཁྱི་རྒན་ཁྱོད། ཁྱོད་ཀྱིས་བདག་གི་དངུལ་ལོར་གྱིས་ཁྱོད་རང་གི་ཆུང་མའི་ཁ་གསོ་བཞིན་ཡོད་དམ" ཞེས་བཤད།

གསལ་སྟོན།འཛད་སྤྱོད་པར་རིན་མེད་ཞབས་ཞུ་བྱེད་སྐབས་དེ་གོམས་གཤིས་སུ་གྱུར་སོང་ན།དེ་འདྲའི་གོམས་གཤིས་ནི་བཟང་བོ་ཞིག་གཏན་ནས་མ་ཡིན་པར། ལྡོག་དེ་གོམས་གཤིས་ཧ་ཅང་ངན་པ་ཞིག་ཡིན།

ཁྱོ་ཤུག

   ཁྱོ་ཤུག་གཉིས་ཚོང་རར་མྱུག་གི་སོང་ ། མོ་དེས་བཟའ་ཆས(餐具)གོང་ཆེན་ཞིག་སེམས་ལ་བབས་སོང་། ཁོ་མོའི་ངེས་པར་དུ་ཉོ་དགོས་པའི་ཨུ་ཚུགས་བྱས། ཡིན་ནའང་། རིན་གོང་ཆེ་བས་ཁྱོ་གས་སྒོར་མོ་སྤྱོད་པར་སེར་སྣ་བྱས། ཚོང་བས་གནས་ཚུལ་དེ་མཐོང་ནས་ལམ་སང་ཁྱོ་གས་རྣ་རྩ་རུ་ལྐོག་ལབ་ཅིག་བྱས་པས། ཁྱོ་ག་དེའི་དེ་མ་ཐག་སྒོར་མོ་ཕུད་ནས་ཉོས། ཅི་ཞིག་གིས་ཁྱོ་ག་དེའི་སེམས་འགྱུར་ཀི་བཅུག་པ་རེད། དེ་ནི་ཚོང་བ་དེའི་ཁྱོ་ག་དེ་ལ། "དེ་འདྲའི་བཟའ་ཆས་རྩ་ཆེན་ཞིག་ཉོ་བ་དེ་། ཆུང་མའི་ཁྱོད་ལ་ཕོར་བ་བཀྲུ་རུ་འཇུག་མི་བྲ་བས་རེད" ཞེས་བཤད་པ་རེད།

གསལ་སྟོན།མིའི་བསམ་སྟངས་ལ་འགྱུར་བ་གཏོང་མི་ཐུབ་པ་གང་ཡང་ཡོད་པ་མ་རེད། གཙོ་བོ་ནི་བསམ་ཕྱོགས་རེད། མགྲོན་པོའི་སེམས་ཁམས་ལ་རྒྱུས་ལོན་ཡག་པོ་བྱེད་དགོས་པ་དེ་རེད།

དོ་དམ་པའི་མཐུས་ཤོར

 བུ་མོའི་དོར་མ་ཞིག་ཉོས་པ་དེ་ཚོད་ལྟ་བྱེད་དུས་ཆེ་སོང་བས། མོས་ཨ་ཕྱི་ལ་ཁོ་མོའི་དོར་མ་ཐུང་ཐུང་བྱེད་རོགས་ཟེར་བ་ན། ཨ་ཕྱིས་ཁོ་མོ་མི་ཁོམ་ཟེར། ཨ་མར་རོགས་བྱེད་རོགས་ཟེར་བ་ན། ཨ་མས་ཀྱང་ཁོ་མོ་མི་ཁོམ་ཟེར། ཨ་ཅེར་རོགས་བྱེད་རོགས་ཟེར་བ་ན། ཨ་ཅེས་དེ་ལས་ཀྱང་མི་ཁོམ་ཟེར། བུ་མོ་རེ་ཐག་ཆད་པའི་ངང་ནས་གཉིད་ལ་ཡུར་སོང་། ཨ་ཕྱིས་ལས་ཀ་ལས་ཚར་རྗེས་ཚ་མོས་དོར་མ་ཐུང་ཐུང་བྱེད་དགོས་པ་དྲན་ནས་ཅུང་ཙམ་བཅད། ཨ་ཅེ་ཕྱིར་ལ་ཐོན་པ་ན་ཁོ་མོས་ཀྱང་ཅུང་ཙམ་བཅད། ཨ་མ་ཁྱིམ་ལ་ཐོན་པ་ན་ཡང་ཅུང་ཙམ་བཅད། མཇུག་མཐར་བུ་མོའི་གྱོན་ས་མི་འགྲོ་ས་ཞིག་བྱས་སོང་།

དོ་དམ་གྱི་མཐུས་ཤོར་ནི་གཏན་ནས་དོ་དམ་མི་བྱེད་པ་དང་། ཡང་ན་ཡོད་ཚད་ཀྱིས་དོ་དམ་བྱེད་དྲག་འགྲོ་བ་དེ་ཡིན།

ཤེལ་ཕོར།

 ཤེལ་ཕོར་ཞིག་གི་ནང་དུ་འོ་མ་གང་བླུགས་ཡོད་དུས། མི་ཚོས "དེ་ནི་འོ་མའོ" ཟེར་བ་དང་། ནང་དུ་སྣུམ་གང་བླུགས་ཡོད་དུས། "དེ་ནི་སྣུམ་མོ"་ཟེར། ཤེལ་ཕོར་སྟོང་བ་ཡིན་དུས་ད་བཟོད་ "དེ་ནི་ཤེལ་ཕོར་རོ"ཟེར་བ་ཡིན ། དེ་བཞིན། མི་ཞིག་གི་སེམས་ནང་དུའང་ཤེས་བྱ་དང་། རྒྱུ་ནོར། དབང་ཆ་སོགས་ཀྱིས་གང་ཡོད་དུས། དེ་ནི་ཁོ་གཏན་ནས་མ་ཡིན་ནོ། མི་ལ་འཚོལ་སྙེག་ཧ་ཅང་མང་པོ་ཡོད་ནའང་། ཁོ་རང་ཉིད་རང་ལ་དབང་དུས་ཤིག་ཧ་ཅང་དཀོན།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505906
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།