བུད་མེད་དག་ལ་མེད་དུ་མི་རུང་བའི་སྤྱོད་བཟང་བཅུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »བུད་མེད་དག་ལ་མེད་དུ་མི་རུང་བའི་སྤྱོད་བཟང་བཅུ།
བུད་མེད་དག་ལ་མེད་དུ་མི་རུང་བའི་སྤྱོད་བཟང་བཅུ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-27ལྟ་ཀློག (3261)རྩོམ་ཁུངས: གླིང་སྲས་དྲ་ཚིགས།པར་འདེབ།

བུད་མེད་དག་ལ་མེད་དུ་མི་རུང་བའི་སྤྱོད་བཟང་བཅུ།

ཡིག་བསྒྱར་བ། པོ་ཏྰ་ལ།

    གཅིག གཤིས་བཟང་། སྐྱེས་མ་དག་ལ་ལྟོས་ནས་བཤད་ན་གཤིས་བཟང་ནི་ཁོང་ཚོའི་གསང་ཐག་ཅིག་རེད། སྒེར་སེམས་ཆེ་བ་དང་ཞེ་གནག་སྦྱོར་རྩུབ་ཅན་དེ་འདྲ་ཡིན་ན་ཕྱི་གཟུགས་མཛེས་པོ་དང་བྱ་བ་ལེགས་འགྲུབ་ཇི་ལྟར་བྱུང་རུང་། དགོས་ངེས་ཀྱི་གཤིས་བཟང་ཤོར་ནས་བཟུང་ཁོ་མོའི་ཡོད་ཚད་རབ་རིབ་དང་ཉམས་དམས་ཤིག་ཏུ་འགྱུར་སྲིད།

  གཉིས།  རང་གཅེས། མི་དང་མིའི་བར་ཚང་མ་འདྲ་མཉམ་ཡིན་པས་ང་ཚོས་མིག་རྒྱང་དང་ཐོབ་ཐང་གཞན་དང་འདྲ་བར་ལོངས་སུ་སྤྱོད་འོས་ལ་སྤྱོད་ཀྱང་དགོས་པ་རེད། གལ་ཏེ་བུད་མེད་ཅིག་གིས་རང་ཉིད་ཆེས་དམན་པའི་ས་གདན་ལྟ་བུ་ཞིག་ཏུ་བསྒྱུར་ཏེ། མི་ཅི་འདྲ་ཞིག་ཡིན་རུང་ཚང་མས་རྡོག་པས་གང་འདོད་དུ་གནོན་ཆོག་ཅིང་། ངོ་ཚ་མི་ཤེས་པར་མ་ཟད་རང་བཀུར་དང་རང་གཅེས་མི་བྱེད་མཁན་ཞིག་ཡིན་ན། ངོ་སོ་ཆེ་བའི་གཟབ་འཆོར་སྤྲས་པ་ཇི་ལྟར་སྤུས་དག་ཀྱང་དེ་དག་མི་དག་ལ་ཞེན་ལོག་སྐྱེ་བའི་རྒྱུ་ལས་མ་འདས་སོ།།

  གསུམ།  ཀུན་སྤྱོད།  བུད་མེད་གང་དེའི་ཕྱི་གཟུགས་མ་མཛེས་ན་ཆོག་ལ་ཉམས་འགྱུར་དེ་ཙམ་མེད་ནའང་རུང་། རིག་གནས་ཀྱི་ཡོན་ཚད་ཅུང་ཙམ་དམའ་ནའང་ཆོག་མོད། འོན་ཀྱང་ཀུན་སྤྱོད་མེད་ན་ཐབས་ཆག་ཚར་བ་རེད། ཀུན་སྤྱོད་ནི་མི་མངོན་པའི་གཤིས་རྒྱུད་ཅིག་རེད། དེས་ཐད་ཀར་མི་རྣམས་ཀྱི་ཡིད་དབང་འཕྲོག་ཐུབ། འཚོ་བའི་ཁྲོད་དུ་མཁོ་བ་ནི་ཀུན་སྤྱོད་ལྡན་པའི་བུད་མེད་ཡིན་ལ། ཁྱིམ་ཚང་དུའང་ཀུན་སྤྱོད་དང་ལྡན་པའི་བུད་མེད་ལྷག་པར་མཁོ་སྟེ་ཀུན་སྤྱོད་བཟང་བའི་བུ་མོ་དང་ཆུང་མ། མ་ཡུམ་དང་མནའ་མ་སོགས་ཀྱི་འཁྲབ་གཟུགས་འཛིན་དགོས་པས་སོ།།

  བཞི།   ཞི་དུལ། བུད་མེད་བཟང་པོར་མེད་དུ་མི་རུང་བ་ནི་ཞི་དུལ་རེད། ཞི་དུལ་ནི་བུད་མེད་དག་གི་ཆེས་མཛེས་པའི་གྱོན་ཆས་ཤིག་ཡིན་པས། ཁོང་ཚོས་དེ་གོན་ནས་ཁྱིམ་མི་དང་མཉམ་དུ་མི་ཚེའི་ཁྲོད་ཀྱི་དཀའ་སྡུག་གི་ཆར་རླུང་བརྒལ་དགོས་ལ་བདེ་སྐྱིད་ཀྱི་ཉི་ཟེར་ཡང་རོལ་དགོས་སོ།།

  ལྔ།   བཟོད་བསྲན། བུད་མེད་ཅིག་གིས་འཁྲབ་གཟུགས་མང་པོའི་གོ་གཅོད་དགོས་པ་སྟེ། བུ་མོ་དང་ཆུང་མ། བུའི་མནའ་མ་དང་མ་ཡུམ་བཅས་ཀྱི་འཁྲབ་གཟུགས་བཟང་པོ་བྱེད་དགོས་ན་བཟོད་བསྲན་གྱི་ནུས་པ་མེད་ན། དེ་ནི་དོན་དག་ཆེས་ཐབས་རྡུགས་ཤིག་ཡིན་པས་ཁྱིམ་ཚང་ལ་རྙོག་དྲ་མང་པོ་ཁྱེར་ཏེ། དགོས་མེད་ཀྱི་འགལ་བ་བཟོ་ཡོང་བས་བཟོད་བསྲན་ནི་བུད་མེད་ཅིག་ལ་ལྟོས་ན་ཆེས་འགངས་ཆེན་ཞིག་རེད།

  དྲུག  གུ་ཡངས། འཇིག་རྟེན་འདིར་འཚོ་བའི་མི་ཞིག་ཡིན་ནས་བཟུང་མི་འདྲ་མིན་མང་པོར་གཤིབ་དགོས་ཤིང་བྱ་བ་སྣ་ཚོགས་ཤིག་ལ་འཕྲད་ངེས་རེད། སྐབས་དེར་མི་མཐུན་པའི་འགལ་རྐྱེན་ནི་གཡོལ་ཐབས་མེད་པ་ཞིག་སྟེ། མི་ལ་ལས་ང་ཚོར་གནོད་འཚེ་གཏོང་མྱོང་ཞིང་དེའི་ནང་དུ་ང་ཚོའི་སྙིང་ཉེ་བའི་མི་ཡང་ཡོད་པས། དེའི་སྐབས་སུ་ང་ཚོར་མཁོ་བ་ནི་གུ་ཡངས་རེད། ལྷག་པར་དུ་བརྩེ་དུང་གི་འཚོ་བའི་ཁྲོད་ཕན་ཚུན་བསམ་ཤེས་དང་འགྲིག་མཐུན་ཡོང་བ་བྱེད་དགོས་ཤིང་། དེ་ཡང་གུ་ཡངས་རྐྱང་རྐྱང་བྱས་ཏེ་མིའི་སྤྱོད་ཚུལ་འཛིན་སྟངས་ཀྱི་མ་མཐའི་གསང་ཐག་དེ་འདོར་མི་རུང་བ་ཞིག་ཡིན་པ་ནི་སྨོས་ཅི་དགོས།

  བདུན།  བརྩེ་སེམས། གལ་ཏེ་སྐྱེས་པའི་བརྩེ་སེམས་མང་ཆེ་བ་ལས་དོན་ཐོག་ཏུ་བེད་སྤྱད་སོང་ན་དེས་འཛམ་གླིང་གི་དངོས་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཐུབ་པས། སྐྱེས་པས་དེ་འདྲ་བྱས་ཡོང་ན་སྐྱེས་མའི་བརྩེ་སེམས་མང་ཆེ་བ་ཁྱིམ་ཚང་ཐོག་ཏུ་བེད་སྤྱོད་གཏོང་ཐུབ་ན་དེས་མིའི་རིགས་རང་ངོས་ནས་གོང་དུ་འཕེལ་བའི་སྐུལ་འདེད་གཏོང་ཐུབ། གལ་ཏེ་དེ་ལྟར་མིན་ན་ཁྱིམ་ཚང་ཞིག་གི་ཉམས་ཀྱང་མེད་པར་གྲང་ཤུར་ཤུར་གྱི་ཚོར་བས་ཁྱིམ་མི་དག་བཟོད་དཀའ་བའི་གནས་སུ་བསྐྱལ་ངེས།

 བརྒྱད།  གཙང་སྦྲ། གཙང་སྦྲ་ཞེས་པའི་མིང་འདིར་བརྗོད་དོན་གཉིས་ཡོད་དེ། གཅིག་ནི་ཁྱིམ་གྱི་ཁོར་ཡུག་དང་རང་ལུས་གཙང་ཞིང་གྲལ་འགྲིག་པོའི་གཙང་སྦྲ་སྟེ། མགོ་མཇུག་མེད་པའམ་ཛ་རེ་ཛོ་རེ་བྱེད་མི་རུང་། རྒྱུ་མཚན་གཞན་ཞིག་ནི་བསམ་པའི་འཚོ་བའི་གཙང་སྦྲ་སྟེ། ལྟོས་བཅས་ཀྱིས་བཤད་ན་བྲོ་བར་ལྟ་བའམ་རིན་ཐང་ལ་དཔྱད་དེ་དགའ་ཞེན་ཅུང་ཙམ་ཡོད་པ། ཡ་རབས་དང་མཛེས་སྡུག་གི་བྱ་དངོས་ལ་དགའ་དགོས་པའོ།།

  དགུ།  རང་ཚུགས། ད་ཆ་ནི་ཤེས་རིག་སྣ་མང་ཕུན་སུམ་ཚོགས་པའི་དུས་རབས་ཤིག་རེད། ཤེས་རིག་གིས་མི་རྣམས་ཀྱི་འཚོ་བར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ཤེས་རིག་དེ་ཡང་བསླབ་དེབ་ལས་ཡོང་བའི་ངེས་པ་མེད་ལ། དེ་ནི་མི་ཚེའི་ཁྲོད་ཉམས་མྱོང་རིམ་བསགས་ལས་བྱུང་བ་ཞིག་རེད། ཤེས་རིག་ཕུན་སུམ་ཚོགས་པའི་བུད་མེད་ཅིག་ཡིན་ན་དེར་དོན་དག་བྱུང་དུས་རང་ཚུགས་ཀྱི་ལྟ་ཚུལ་དང་བྱེད་སྟངས་རན་པོ་ཡོད། དཀའ་གནད་ཐག་གཅོད་སྐབས་ཁོ་མོའི་སྤྱང་གྲུང་དང་ཤེས་རབ་གསལ་པོར་མཚོན་ཐུབ་པ་སྟེ། ཁྱིམ་མི་དག་འཆམ་མཐུན་དང་བདེ་སྐྱིད་ལ་རོལ་བར་བྱེད་དོ།།

  བཅུ།  དོ་སྙོམས། བུད་མེད་བཟང་པོས་འབྲེལ་བ་སྣ་ཚོགས་དོ་སྙོམས་བྱེད་ཐུབ་པ་སྟེ། དེར་མི་དང་མིའི་བར་གྱི་འབྲེལ་བ་དང་རང་ངོས་ཀྱི་འཇོན་ནུས། དཔལ་འབྱོར་ནོར་གཉེར་དང་སེམས་ཁམས་དོ་སྙོམས་པ་བཅས་འདུས་ཡོད། དོན་དངོས་དང་མི་མཐུན་པའི་བྱ་དངོས་རྐྱང་རྐྱང་ལ་དམིགས་ཏེ་འདིའི་ཕྱོགས་ནས་ལྟ་དུས་ཕར་ཕྱོགས་མཐོ་འདུག་བསམ་ནས་ཨ་གསར་བྱེད་མི་རུང་། མཐོ་བཤད་དམའ་བཤད་བྱས་ཏེ་འགལ་བ་མ་བཟོ། ནུས་པས་ལྕོགས་ཚོད་ཀྱིས་བསྒྲུབ་དགོས་པ་སྟེ་ལུས་ལ་ཚད་ནས་གོས་འཚེམ་དགོས་པ་ལྟར་ཡིན་ཞིང་། མདོར་ན་ཆོག་ཤེས་ཅན་ལ་གཏན་བདེ་ཐོབ་བོ།།

པོ་ཏཱ་ལས་གསུམ་བརྒྱད་སྐྱེས་མའི་དུས་ཆེན་ལ་ཆེད་དམིགས་ཀྱིས་བསྒྱུར་ཏེ་ཕུལ་བས་དགེའོ།།



རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 8un2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23542011
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།