ནང་བསྟན་ཀྲུང་གོའི་རིག་གནས་བསྐྱར་དར་གྱི་རྟེན་གཞི་གཙོ་བོར་གྱུར་བ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2020 ལོའི་ཟླ 5 ཚེས 25 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »ནང་བསྟན་ཀྲུང་གོའི་རིག་གནས་བསྐྱར་དར་གྱི་རྟེན་གཞི་གཙོ་བོར་གྱུར
ནང་བསྟན་ཀྲུང་གོའི་རིག་གནས་བསྐྱར་དར་གྱི་རྟེན་གཞི་གཙོ་བོར་གྱུར་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-27ལྟ་ཀློག (981)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ནང་བསྟན་དལ་གྱིས་ཀྲུང་གོའི་རིག་གནས་བསྐྱར་དར་གྱི་རྟེན་གཞི་གཙོ་བོར་གྱུར་བ།

སྟོབས་རྒྱས་ཀྱིས་བསྒྱུར།

    ནང་བའི་བསྟན་པ་གནའ་བོའི་རྒྱ་གར་ནས་བྱུང་ན་ཡང་ཀྲུང་གོའི་རྒྱལ་ཁབ་ཏུ་སྤེལ་བ་ནས་དུས་ཡུན་རིང་བོ་ཞིག་གི་འཕོ་འགྱུར་ཁྲོད། ནང་བསྟན་ཀྲུང་གོའི་རའོ་ལུགས་རིག་གནས་དང་ཏའོ་ལུགས་རིག་གནས་གཉིས་དང་གཅིག་ཏུ་བསྲེས་ཏེ་དར་རྒྱས་སུ་སོང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ནང་བསྟན་པ་རིག་གནས་ཤིག་གྲུབ་པ་རེད། དེས་ཀྲུང་གོ་མི་དམངས་ཀྱི་ཆོས་ལུགས་དད་མོས་དང་མཚན་ཉིད་རིག་པའི་ལྟ་ཚུལ། རིག་གནས་སྒྱུ་རྩལ། གུས་ལུགས། ཡུལ་ཆོས་སོགས་ལ་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས།

   ཐང་ཟིན་བླ་མས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་རྒྱ་གར་འཕགས་པའི་ཡུལ་དུ་སོང་ནས་ནང་བའི་བསྟན་པ་ཀྲུང་གོའི་རྒྱལ་ཁབ་ཏུ་སྤེལ་བ་འདིས་ཀྲུང་གོ་མི་དམངས་ཀྱིས་ཡུལ་གཞན་གྱི་རིག་གནས་ལ་སློབ་སྦྱོང་བྱེད་པའི་འགྱུར་མེད་ཀྱི་སྙིང་སྟོབས་ཤིག་མཚོན་པ་ཡིན། ངས་བསམས་ན་ཁོང་གི་གཏམ་རྒྱུད་གཞི་བྱས་ནས་རྟོག་བཟོ་བྱས་པའི་ལྷ་སྒྲུང《ནུབ་བསྐྱོད་ཟིན་ཐོ》ཐམས་ཅད་ཀྱི་ཤེས་རྒྱུ་རེད། ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོའི་རིག་གནས་གཞི་བྱས་ནས་ནང་བའི་བསྟན་པ་འཕེལ་རྒྱས་སུ་བཏང་བས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ནང་བསྟན་གྱི་གཞུང་ལུགས་ཤིག་གྲུབ་པ་མ་ཟད་ཀྲུང་གོ་ནས་ཉི་ཧོང་དང་ཁོ་རེ་ཡ། ཡ་གླིང་ཤར་ལྷོ་སོགས་སུ་སྤེལ།

གོང་གི་སློབ་དེབ་ཀྱི་རྣམ་པ་བཞིན་ཧ་ཅང་གཏིང་ཟབ་པའི་བརྗོད་པ་འདི་དགེ་རྒན་ཆེན་མོ་ག་གེ་མོ་ཞིག་གི་གསུང་བཤད་མ་གདན་མ་ཡིན་པར། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་ཧྥ་རན་སིའི་པ་ལུན་གྱི་ཕྱོགས་སུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་དེབ་ཚོགས་པའི་ལྟེ་གནས་སུ་གསུང་བཤད་གནང་བ་ལས་བྱུང་བ་ཞིག་ཡིན།  ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་ཀྲུའུ་ཞི་ཞི་ཅིན་ཕིན་ཧྥ་རན་སིའི་པ་ལུན་གྱི་ཕྱོགས་སུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་དེབ་ཚོགས་པའི་ལྟེ་གནས་སུ་འཚམ་འདྲིར་སོང་ནས་མིའི་ཤེས་རིག་འབྲེལ་འདྲིས་དང་ཕན་ཚུན་གྱི་ལེགས་དགོས་པའི་སྐོར་གྱི་འཆད་ཁྲིད་བྱས། འཆད་ཁྲིད་ནང་ཞི་ཅིན་ཕིན་གྱི་གཙོ་བོ་གནད་དོན་གསུམ་བཤད་ཡོད་དེ། དང་བོ། འཐབ་འཁྲུག་ནི་མིའི་བསམ་བློ་ལས་བྱུང་བ་ཡིན་པས་མིའི་སེམས་སུ་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་མཁར་རྫོང་ཞིག་བརྩིགས་དགོས། གཉིས་པ། ཤེས་རིག་ནི་འབྲེལ་འདྲིས་ལ་བརྟེན་ནས་ཇེ་ལེགས་དང་ཕན་ཚུན་གྱི་ལེགས་ཆ་བླངས་ནས་ཕུན་སུམ་ཚོགས་པར་གྱུར་བ་ཡིན། ཤེས་རིག་འབྲེལ་འདྲིས་དང་ཕན་ཚུན་གྱི་ལེགས་ཆ་ལེན་པ་ནི་མིའི་རིགས་ཀྱི་ཤེས་རིག་དང་འཛམ་གླིང་གི་ཞི་བདེ་དར་རྒྱས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། གསུམ་པ། ཡོན་ཏན་པ་རྣམས་ཀྱིས་རིག་གནས་ཀྱིས་མིའི་རིགས་དར་རྒྱས་ལ་རོགས་འདེགས་བྱས་ཏེ་ཀྲུང་གོའི་ཤེས་རིག་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་དར་རྒྱས་ལ་གཞོགས་འདེགས་བྱ་དགོས།

ཀྲུའུ་ཞི་ཞི་ཅིན་ཕིན་གྱི་འཚམ་འདྲིའི་འཆད་ཁྲིད་ནང་དུ་དང་བོ་མང་བོ་ཞིག་གི་སྒོ་བཏོད་པ་ཡིན་ཏེ། གཅིག ཀྲུང་གོ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཐོག་དང་བོར་མཉམ་འབྲེལ་རྒྱལ་ཚོགས་སློབ་དེབ་ཚོགས་པའི་ལྟེ་གནས་སུ་འཚམ་འདྲིར་ཕྱིན་པ་དང༌། གཉིས་པ།ཀྲུང་གོ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱིས་འཛམ་གླིང་གི་གར་སྟེགས་སྟེང་ཐོག་དང་བོར་ཤེས་རིག་གི་འཕེལ་རྒྱས་བརྗོད་བྱར་བཟུང་ནས་འཆད་ཁྲིད་བྱས་པ། གསུམ་པ།ཀྲུང་གོ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱིས་སྔ་ན་མེད་པར་ཕྱོགས་ཡོངས་ནས་ཀྲུང་གོའི་རྣམ་པ་ཅན་གྱི་ནང་བསྟན་གྱི་བརྒྱུད་རིམ་དང་དོན་སྙིང་གསལ་བཤད་བྱས།

    འཆད་ཁྲིད་ནང་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་ནང་བའི་བསྟན་པ་ཞེས་ཐེངས་མང་དུ་གསུང་བ་དང༌།ཁྱད་པར་དུ་འཛམ་གླིང་གི་ཆོས་ལུགས་ཀྱི་སྣ་མང་རང་བཞིན་དང་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་ཆེན་པོ་གསུམ་ཀྲུང་གོའི་རིག་གནས་ཕན་ཚུན་འཕེལ་རྒྱས་ཐད་ཀྱི་ཤུགས་རྐྱེན་ལ་ཁས་ལེན་བྱིན་ཡོད་པ་རེད། ཁོང་གིས་འཛམ་གླིང་སྟེང་རྒྱལ་ཁབ་ཉིས་བརྒྱ་ལྷག་དང་མི་རིགས་ཉིས་སྟོང་ལྔ་བརྒྱ་ལྷག་དང༌། ཆོས་ལུགས་མང་བོ་ཡོད་པ་རེད། གལ་ཏེ་འཛམ་གླིང་སྟེང་འཚོ་སྟངས་དང་སྐད་རིགས། གླུ་དབྱངས། གོས་རྒྱན་སྣ་གཅིག་མ་གཏོགས་མེད་ན་དངོས་ནས་རྟོག་ངོར་འཆར་མི་བཏུབ་པ་ཞིག་རེད།ཅེས་དང༌། ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ་སངས་རྒྱས་ཆོས་ལུགས་དང་ཡེ་ཤུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས་སོགས་སྔ་རྗེས་སུ་ཀྲུང་གོར་སྤེལ་བས་ཀྲུང་གོའི་གླུ་དབྱངས་དང་རི་མོ། རྩོམ་རིག་སོགས་ཀྱིས་ཀྱང་ཡུལ་ཁམས་གཞན་གྱི་རིག་གནས་ལས་ལེགས་ཆ་བླངས་པ་རེད།

འཆད་ཁྲིད་ནང་དུ་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་མིའི་རིགས་རིག་གནས་ཀྱི་རྣམ་པར་ཤུགས་རྐྱེན་ཐེབས་པ་ཆེས་མང་བ་ནི་ནང་བའི་བསྟན་པ་རེད་ཅེས་གསུངས། གོང་གི་འདི་དག་ལས་གཞན་ད་དུང་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་ཧྥ་མན་དགོན་པའི་དགེ་མཚན་དང་དོན་སྙིང་བརྗོད་དེ། ཧྥ་མན་དགོན་ནི་གནའ་རྫས་རོལ་མྱོང་གི་གནས་ཤིག་ཡིན་ལ་ཆེས་གལ་ཆེ་བ་ནི་དེའི་ནང་གི་བསམ་བློའི་དགེ་མཚན་བསྐྱར་གསོ་བྱ་རྒྱུ་དེ་ཡིན། ཁོང་གིས་སྤྱི་ལོ༡༩༨༧ལོར་ཀྲུང་གོའི་ཧྲའན་ཞིའི་ཧྥ་མན་དགོན་གྱི་ས་འོག་གི་མཛོད་ཁང་དུ་མཛེས་ཤིང་ཡིད་དུ་འོང་བའི་བཻ་ཌཱུ་རྱའི་ཡོ་བྱད་ཉི་ཤུ་ཕྱུང་བ་རེད། དེ་ནི་ཐང་རྒྱལ་རབས་ཀྱི་དུས་སུ་རོ་མ་ཤར་དང་དབྱི་སུ་ལིན་ནས་ཀྲུང་གོར་ཁྱེར་ཡོང་བ་ཞིག་རེད། ངས་ཡུལ་ཁམས་གཞན་གྱི་གནའ་རྫས་འདི་དག་ལ་རོལ་མྱོང་བྱེད་དུས་རྒྱུན་དུ་གནད་དོན་གཅིག་ལ་བསམ་བློ་བཏང་བ་ཡིན། རིག་གནས་མི་འདྲ་བ་ལ་དམིགས་དུས་དེའི་མཛེས་པ་ཁོ་ནས་ཡིད་ཚིམས་ནས་རོལ་མྱོང་མི་བྱེད་པར་དེ་ནང་གི་མི་ཚུལ་བསམ་བློ་ལ་རྒྱུས་ལོན་བྱ་རྒྱུ་དང༌། དེ་དག་གི་གནའ་སྔ་མོར་མི་རྣམས་ཀྱི་འཚོ་བའི་སྒྱུ་རྩལ་གྱི་རྣམ་པ་ཁོ་ནས་ཡིད་མི་ཚིམས་པར་དེ་ནང་གི་སྙིང་སྟོབས་ལ་གསོན་ཤུགས་རྒྱས་པར་བྱ་རྒྱུ་དེ་ཡིན།ཞེས་གསུངས།

ཞི་ཅིན་ཕིན་གྱིས་རིག་གནས་དགེ་མཚན་ཐད་ལ་ནན་བཤད་བྱས་པ་འདི་གློ་བུར་བ་ཞིག་གཏན་ནས་མིན། ལོ་ངོ་སུམ་ཅུ་ལྷག་གི་བཅོས་བསྒྱུར་སྒོ་འབྱེད་བརྒྱུད་ནས་ཀྲུང་གོའི་དཔལ་འབྱོར་ལ་འཕེལ་རྒྱས་བྱུང་སྟེ་འཛམ་གླིང་གི་འབྱོར་ཕྱུག་ལྡན་པའི་རྒྱལ་ཁབ་ཅིག་ཏུ་གྱུར་བ་དང༌། དེང་རབས་དཔལ་འབྱོར་ཕལ་ཆེར་མངོན་འགྱུར་བྱས་ཏེ་རིག་གནས་ཀྱི་འཕེལ་རྒྱས་དང་བསམ་བློ་དེང་རབས་ཅན་གྱི་གལ་ཆེན་རང་བཞིན་ཉིན་བཞིན་མངོན་དུ་འགྱུར་བཞིན་ཡོད། ད་ལྟའི་ཀྲུང་གོའི་སྤྱི་ཚོགས་དང་བསྟུན་ནས་བརྗོད་ན་ཡང་མི་རྣམས་ཀྱི་ཀུན་སྤྱོད་དང་ཤེས་རིག་གི་ཚད་དེ་དཔལ་འབྱོར་གྱི་ཆུ་ཚད་དང་དོ་མི་མཉམ་པས་གནས་བབ་ཧ་ཅང་གསལ་བོ་ཡིན་པས་དེང་རབས་ཅན་གྱི་བྱ་གཞག་གི་ཉེན་ཁ་ཞིག་ཏུ་གྱུར་ཡོད་པ་རེད། འདིས་ཐད་ཀར་དུ་མི་དམངས་ཀྱི་བདེ་སྐྱིད་ཉམས་དམས་པ་མ་ཟད་སྤྱི་ཚོགས་མཛའ་མཐུན་ལ་ངན་ཤུགས་ཐེབས་པ་དང༌། རྒྱལ་སྤྱིའི་ཀྲུང་གོའི་ལྟ་ཚུལ་ལ་ཡང་ཤུགས་རྐྱེན་མི་ལེགས་པ་འབྱུང་ངེས། ཞི་ཅིན་ཕིན་གྱིས་གསུངས་པ་ནང་བཞིན་ཀྲུང་གོའི་རྨི་ལམ་མངོན་འགྱུར་བྱུང་བར་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་མཉམ་དུ་འཕེལ་རྒྱས་དང་གཅིག་གིས་གཅིག་ལ་བརྟེན་ནས་དར་རྒྱས་སུ་ཕྱིན་པའི་འབྲས་བུ་ཞིག་ཡིན་ཞེས་དང༌། ཡང་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་དང་བསྡོངས་ནས་ཀྲུང་ཧྭ་ཤེས་རིག་ཀྱང་དུས་རབས་ཀྱི་འཕེལ་རྒྱས་དང་མཉམ་དུ་གསོན་ཤུགས་རྒྱས་དགོས།

    ཀྲུང་གོའི་སྲོལ་རྒྱུན་རིག་གནས་ནང་དུ་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་ནང་བའི་བསྟན་པ་ལ་གཏིང་ཟབ་པའི་དོན་དངོས་ཀྱི་རྒྱབ་ལྗོངས་ཤིག་མཆིས་ཞེས་མང་དུ་གསུངས། ཉེ་རབས་ནས་བཟུང་ཀྲུང་གོའི་རའོ་ལུགས་དང་ནང་བསྟན་ཆོས་ལུགས། ཏའོ་ལུགས་བཅས་ཀྱིས་ཚབ་བྱས་པའི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་རེད། ད་ལྟ་ཀྲུང་གོའི་རའོ་ལུགས་པའི་རིག་གནས་ཀྱི་སྲོལ་སྔར་བཞིན་བཙུགས་མེད་པ་དང༌། ཏའོ་ལུགས་ཀྲུང་གོའི་རང་ས་རང་ཡུལ་གྱི་ཆོས་ལུགས་ཤིག་ཡིན་ནའང་དེའི་གནས་བབ་དང་མི་རྣམས་ཀྱི་རེ་སྨོན་ལ་ཡང་བར་ཐག་རིང་བོ་ཞིག་ཡོད་པ་རེད། ཆོས་ལུགས་འདི་གསུམ་གྱི་ནང་དུ་སངས་རྒྱས་ཆོས་ལུགས་འཕེལ་ཁ་ཅུང་ལེགས་པས་དལ་གྱིས་ཀྲུང་གོའི་རིག་གནས་བསྐྱར་དར་གྱི་རྣམ་པ་གཙོ་བོ་འགྱུར་ངེས་རེད། དུས་རབས་གསར་བའི་ཀྲུང་གོའི་ནང་བསྟན་ཉིན་བཞིན་རིག་གནས་རྟོགས་སད་བཙུགས་ནས་རང་འགུལ་གྱིས་ཀྲུང་ཧྭ་ཤེས་རིག་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་ལོ་རྒྱུས་ཀྱི་ཆུ་བོ་ཆེན་པོར་འཇུག་དགོས།

   པེ་ཅིན་གྱི་ལྟ་ན་སྡུག་པའི་ཧྲིན་ཧྲ་ཧེ་རུ་ཀོང་ཧྭ་དགོན་ཞེས་པ་ཞིག་ཡོད་ལ། དགོན་པ་དེའི་གྲྭ་བ་རྣམས་ཀྱིས་ཧྲིན་ཧྲ་ཧེ་གསུང་རབ་གླིང་ཞེས་པ་ཞིག་བཙུགས་ཡོད། ལོ་རེར་དུས་ཚིགས་བཞི་མཆིས་ལ་ཧྲིན་ཧྲ་ཧེའི་དུས་ཚིགས་བཞི་ནི་རའོ་ལུགས་དུས་ཚིགས་དང་ནང་བསྟན་དུས་ཚིགས། ཏའོ་ལུགས་དུས་ཚིགས། དབྱུ་ལུགས་དུས་ཚིགས་ཟེར་བ་རེད། དུས་ཚིགས་རེར་གྲྭ་བ་རྣམས་ཀྱིས་མཁས་དབང་གདན་དྲངས་ནས་དཔེ་ཁྲིད་བྱེད་པ་ཡིན།ཧྲིན་ཧྲ་ཧེ་གསུང་རབ་གླིང་བྱུང་བ་ནི་ཀྲུང་གོའི་ནང་བསྟན་རིག་གནས་ཀྱི་རང་རྟོགས་དང་རིག་གནས་ཀྱི་འོས་འགན་ཞིག་མངོན་ཡོད་པ་རེད།

     ཉིན་གཅིག་གི་ནང་དུ་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་ལོ་འཁོར་ལྔ་བཅུ་ལོན་པའི་རྗེས་དྲན་ཚོགས་ཆེན་སྟེང༌། ན་ཕོ་ལུན་གྱིས་གསུངས་པ། ཀྲུང་གོ་ནི་གཉིད་དུ་ཡུར་བའི་སེང་གེ་ཞིག་ཡིན། གཉིད་དུ་ཡུར་བའི་སེང་གེ་འདི་སད་དུས་འཛམ་གླིང་ཡང་འདར་ལྕུག་ལྕུག་བྱེད་ངེས་ཟེར༌། ད་ལྟ་ཀྲུང་གོའི་སེང་ཆེན་འདི་གཉིད་ལས་སད་པ་རེད། ཡིན་ན་ཡང་འདི་ནི་ཞི་བདེ་དང་སྙིང་ཉེ། ཤེས་རིག་གི་སེང་གེ་ཞིག་ཡིན། ཅེས་གསུངས་པ་རེད། ཀྲུང་གོ་ནི་ཞི་བདེ་དང་སྙིང་ཉེ། ཤེས་རིག་གི་སེང་ཆེན་ཞིག་ཏུ་འགྱུར་དགོས་པ་ནི་ཆེས་རྩ་བའི་ཀྲུང་གོའི་རིག་གནས་ཀྱི་བསྐྱར་དར་ཞིག་ཡིན། ཡིན་ན་ཡང་ཀྲུང་གོའི་རིག་གནས་བསྐྱར་དར་གྱི་ལམ་བུ་ཁྲོད་དུ་ཀྲུང་གོའི་ནང་བསྟན་ནི་གནམ་ནས་བབ་པའི་འོས་འགན་ཡིན་ལ། ལས་འགན་འདི་ནི་ཧ་ཅང་ལྕི་ཞིང་བགྲོད་ལམ་རིང་བའི་ལས་འགན་ཞིག་ཀྱང་ཡིན།   

  རྩོམ་ཁུངས།   ཤེས་རབ་གཡང་དཔེ་མཛོད་ཁང་གི་སྤྱི་བའི་འཕྲིན་སྟེགས།



རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 64va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
6345826
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།