​འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་སློབ་གསོའི་ཐབས་ལམ་བདུན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »​འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་སློབ་གསོའི་ཐབས་ལམ་བདུན།
​འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་སློབ་གསོའི་ཐབས་ལམ་བདུན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-27ལྟ་ཀློག (4508)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་སློབ་གསོའི་ཐབས་ལམ་བདུན།

གོ་ཙི་ཙིས་བསྒྱུར།

༡ ཁ་ཝེ་ཐེད་(卡尔威特)ཀྱི་ལྷན་སྐྱེས་སློབ་གསོ།

   ཁ་ཝེ་ཐེད་ནི་འཇར་མན་ཧ་ལེ་གྲོང་ཁྱེར་དང་ཁ་ཐག་ཉེ་བའི་ལོ་ཧེ་གྲོང་ཚོའི་དགེ་རྒན་ཞིག་ཡིན་ལ།སློབ་གསོའི་ཐོག་ལ་རང་ཚུགས་ཀྱི་ལྟ་བ་ཡོད་མཁན་ཞིག་ཡིན།།ཁོང་གི་བསམ་པར་བུ་ཕྲུག་གི་སློབ་གསོ་ནི་ངེས་པར་དུ་བུ་ཕྲུག་གི་རིག་སྟོབས་དང་འགྲོགས་ནས་ཡོང་དགོས་པར་འདོད་ཅིང་།ཁོས་རང་ཉིད་ཀྱི་གཞུང་ལུགས་ཁོ་རང་ཉིད་ཀྱི་བུ་ཕྲུག་ཁ་ཝེ་ཐེད་ཀྱི་སྟེང་དུ་ལག་བསྟར་བྱས་པ་རེད།།<<ཁ་ཝེ་ཐེད་ཀྱི་སློབ་གསོ>>ཞེས་པ་1818ལོར་བརྩམས་གྲུབ་ཅིང་།དཔེ་ཆ་འདི་ནི་འཛམ་གླིང་ཐོག་ཆུང་དུས་སློབ་གསོ་འཆད་པའི་དཔེ་ཆ་སྔ་ཤོས་སུ་གྱུར་པ་རེད་ལ།རྗེས་རབས་པ་དག་གིས་ཁོང་གི་སློབ་གསོའི་ལྟ་བ་ནི་ཆུང་དུས་སློབ་གསོའི་མིག་དཔེ་རུ་བགྲང་བཞིན་མཆིས།

༢ MSསི་ཐེ་ན་(斯特纳)ཡི་རང་བྱུང་སློབ་གསོ།

   MSསི་ཐེ་ན་ནི་ཨ་རིའི་པིན་ཤི་ཧྥ་ཉིན་མངའ་སྡེའི་ཕིད་ཙི་པོ་སློབ་ཆེན་གྱི་བརྡ་སྤྲོད་རིག་པའི་དགེ་རྒན་ཆེ་མོ་ཞིག་ཡིན་ལ།ལཱ་བདེ་ཁེ་ལིད་ཧྥུ་བུ་མོའི་སློབ་ཆེན་ནས་མཐར་ཕྱིན་པ་རེད།། ཁེ་ཝེ་ཐེད་ཀྱི་སློབ་གསོའི་གཞུང་ལུགས་དར་སྤེལ་གཏོང་བ་དང་སྦྲགས།བྱིས་པ་རང་སྟེང་གི་གོམས་གཤིས་དང་བསྟུན་ནས་རང་བྱུང་གི་ལུགས་ཀྱི་སློབ་གསོ་རྒྱ་ཆེར་སྤེལ་ཏེ་གྲུབ་འབྲས་མི་དམན་པ་ཐོབ་ཡོད།1914ལོར་<>ཞེས་པ་བརྩམས་གྲུབ་ཅིང་།དེབ་དེའི་ནང་དུ་ཁོང་མོས་རང་ཉིད་ཀྱི་བུ་མོ་ལ་སློབ་གསོ་བཏང་པའི་ཉམས་མྱོང་དངོས་ལ་ཕྱོགས་བསྡོམ་བྱས་ནས་རང་ཉིད་ཀྱི་སློབ་གསོའི་ཐབས་ལམ་འཆད་ཡོད་པ་རེད།

   ༣ མན་ཐེ་སོ་ལིད་(蒙特梭利)ཀྱི་དམིགས་བསལ་སློབ་གསོ།

མན་ཐེ་སོ་ལིད་ནི་1870ལོའི་ཟླ་8པར་ཨི་ཁྲ་ལིའི་ཨན་ཁེ་ས་ཁུལ་གྱི་ཅི་ཡཱ་ལ་ཝ་ལེད་དུ་སྐུ་འཁྲུངས་ཤིང་།ཆུང་དུས་ནས་ཁྱིམ་ཚང་སློབ་གསོ་བཟང་པོ་ཐོབ་མྱོང་།1907ལོ་ནས་བཟུང་སྟེ་མན་ཐེ་སོ་ལིད་བྱིས་པའི་ཁྱིམ་ཞེས་པ་ཞིག་ས་ཆ་གང་སར་བཙུགས་འགོ་ཚུགས་ནས།བྱིས་པ་དག་ལ་གོ་སྐབས་མང་བའི་ཁོར་ཡུག་ཅིག་བསྐྲུན་ཐུབ་པའི་སློབ་གསོའི་ཐབས་ལམ་ཞིག་རྙེད་ཅི་ཐུབ་བྱས།ཁོ་མོ་ནི་བླ་ན་མཐོ་བའི་སློབ་གསོ་མཁན་ཞིག་ཡིན་པའི་མི་ཚད།ད་རུང་སྐད་གྲགས་ཆེ་བའི་ཚན་རིག་པ་ཞིག་ཀྱང་ཡིན་ཏེ།བྱིས་པ་དང་མིའི་རིགས་ཀྱི་བསམ་པ་སླར་གསོ་འབྱུང་སླད་དུ་མི་ཚེ་ཧྲིལ་པོ་སྐྱེས་སུ་ཕུལ་བ་རེད།བརྩམས་ཆོས་ལ།<<མན་ཐེ་སོ་ལིད་ཀྱི་སློབ་གསོའི་ཐབས་ལམ>>དང་<<མན་ཐེ་ལིད་ཀྱི་ལག་དེབ>>དང་<<སློབ་གསོ་མིའི་རིགས་ལུགས>>དང་<<མན་ཐེ་སོ་ལིད་ཀྱི་ཚད་མཐོ་བའི་ཐབས་ལམ>>དང་<<བྱིས་པའི་གསང་བ་>>དང་<<བྱིས་པའི་ཤེས་རྟོགས>>སོགས་ཡོད།

༤ ལིན་མུག་ཀྲན་ཡིད་(铃木真一)ཀྱི་འཇོན་ནུས་སློབ་གསོ།

    ལིན་མུག་ཀྲན་ཡིད་ནི་1898ལོར་ཀུ་ཨུ་གྲོང་ཁྱེར་དུ་སྐུ་འཁྲུངས་ཤིང་།ཁོང་གི་ཡབ་ཆེན་གྱིས་འཛམ་གླིང་ན་སྙན་གྲགས་འབར་བའི་ཨོག་ལེན་ཆུང་བའི་བཟོ་གྲྭ་ཞིག་གཉེར་བཞིན་མཆིས།རང་ལོ་22ཐོག་འཇར་མན་ལ་རོལ་མོ་བསླབ་ཏུ་སོང་ཞིང་།ཕྱིར་རྒྱལ་ནང་ལ་ལོགས་དུས་ཨོག་ལེན་ཆུང་བ་བརྒྱུད་ནས་བྱིས་པའི་འཇོན་ནུས་ཇི་ལྟར་སྔོག་འདོན་དང་ཡར་རྒྱས་གཏོང་བར་སེམས་ཤུགས་ཀྱིས་བརྟས་ཡོད།ཁོང་གིས་བྱིས་པ་སུ་དང་སུ་ཡིན་ཡང་འཇོན་ནུས་འཚར་དུ་བསྐྱེད་པ་ལ་གསོ་སྐྱོང་གི་ཐབས་ལམ་རེ་བདོག་པར་འདོད་ནས།བྱིས་པའི་སྐྱེས་སྟོབས་སློབ་གསོའི་ཐོག་ལ་མར་བབས་ཏེ།སྐྱེས་སྟོབས་དང་ལྡན་པའི་བྱིས་པ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་དགོས་སོ།འཇོན་ནུས་སློབ་གསོ་སྔར་བས་དར་སྤེལ་གཏོང་སླད།<<ཆུང་དུས་སློབ་གསོ་དང་འཇོན་ནུས་གསོ་སྐྱོང>>ཞེས་པ་བརྩམས།

༥ ཏོ་ཧུ་ཧུད་(多湖辉)ཀྱི་ལག་ལེན་སློབ་གསོ།

    ཏོ་ཧུ་ཧུད་ནུ་འཁྲུག་ཆེན་གཉིས་པའི་རྗེས་སུ་བྱུང་བའི་ཉི་ཧོང་གི་སློབ་གསོ་མཁན་ཕུལ་བྱུང་ཞིག་ཡིན་ལ།བྱིས་པའི་སེམས་ཁམས་དང་ཀླད་ཤུགས་སྔོག་འདོན་ལ་ཞིབ་འཇུག་གཏིང་ཟབ་པོ་བྱས་ཡོད།གཞུང་ལུགས་ལ་བྱང་བའི་མཁས་པ་མང་པོ་ཞིག་དང་མི་འདྲ་བར།ཏོ་ཧུ་ཧུད་ཀྱི་སློབ་གསོའི་བསམ་བློ་ལ་ལག་ལེན་གྱི་རང་བཞིན་ལྷག་ཏུ་འཛོམས་ལ།བྱིས་པའི་སློབ་གསོའི་ཐོག་གི་དངོས་ཡོད་ཀྱི་གནད་དོན་ལ་མཛུབ་མོ་ཐད་ཀེར་བྱས་ནས།བྱིས་པའི་འཇོན་ནུས་འཕེལ་བར་བྱེད་པའི་ཐབས་ལམ་ཡག་ཤོས་ནི་ཕ་མ་དག་སློབ་གསོའི་ལག་ལེན་བྱེད་མཁན་ལ་འགྱུར་དུ་འཇུག་རྒྱུ་དེ་ཡིན་པར་འདོད།བརྩམས་ཆོས་ལ།<<ཨ་མའི་བརྩེ་བས་ལུས་སེམས་གཉི་ཀའི་་བདེ་ཐང་བསྐྱེད>>དང་<<བུ་ཕྲུག་བདག་པའི་རྩལ>>དང་<<བུ་ཕྲུག་སྤྱང་པོར་བཀོད་པའི་སེམས་ཁམས་ཀྱི་འཐབ་རྩལ>>དང་<<སློབ་སྦྱོང་བྱེད་ཐབས་མཛུབ་མོ་རི་སྟོན>>སོགས་ཡོད།

༦ ཀྲོ་ཧུང་(周弘)གྱི་རྩིས་མཐོང་སློབ་གསོ།

   ཀྲོ་ཧུང་ནི་ཀྲུང་གོའི་ནན་ཅིན་གྲོང་ཁྱེར་གྱི་མི་ཡིན་ཞིང་།ཀྲུང་གོའི་ན་ཆུང་ཞིབ་འཇུག་ལྟེ་གནས་རྩིས་མཐོང་སློབ་གསོའི་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཡིན་ལ།ནན་ཅིན་ཐིང་ཐིང་བྱིས་འོན་སློབ་གྲྭའི་སློབ་གཙོའང་ཡིན།རྩིས་མཐོང་སློབ་གསོའི་ཐབས་ལམ་གྱིས་རང་ཉིད་ཀྱི་བུ་མོ་འོན་པ་ལ་སློབ་གསོ་བཏང་སྟེ།ཀྲུང་གོའི་རྣ་འོན་སློབ་ཆེན་པ་ཨང་དང་པོ་ལ་འགྱུར་སོང་།།ཁོང་གིས་རྩིས་མཐོང་སློབ་གསོས་བྱིས་པ་རྣམ་རིག་ཅན་འབོར་ཆེན་ཞིག་བསྐྱེད་བསྲིང་བྱེད་པའི་མི་ཚད།བྱིས་པ་ཁྲི་ཕྲག་མང་པོའི་ལས་དབང་ལ་ཁ་ལོ་བསྒྱུར་ཡོད།<<ཁྱེད་ཀྱི་བུ་ཕྲུག་ལ་རྩིས་མཐོང་གནང་དང་>>ཞེས་པ་བརྩམས་ནས་རྒྱལ་ཡོངས་སུ་ཁྱབ་སོང་།

༧ རིག་པ་སྣ་མང་གི་སློབ་གསོ།

   རིག་པ་སྣ་མང་གི་གཞུང་ལུགས་ནི་ཧ་ཧྥོ་སློབ་ཆེན་གྱི་སློབ་གསོ་ཞིབ་འཇུག་ཁང་གི་སེམས་ཁམས་འཕེལ་རྒྱས་སྨྲ་བ་ཧོ་ཨོ་ཌི་ཇན་ཌི་ནེར་(Howard Gardner)གྱིས་1983ལོར་བཏོན་པ་རེད།།ཇན་ཌི་ནེར་གྱིས་ཀླད་ལྟག་ཏུ་རྨས་སྐྱོན་ཕོག་པའི་ནད་པ་དག་ལ་ཞིབ་འཇུག་མཛད་དུས་ཁོང་ཅག་གི་སློབ་གྲྭའི་ནང་གི་འཇོན་ནུས་ཐོག་ལ་ཧེ་བག་ཤོར་བར་རྟོགས་ནས།གཞུང་ལུགས་འདི་བཏོན་བྱུང་བ་རེད།


རྩོམ་སྒྲིག་འགན་འཁུར་བ ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 53u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505518
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།