དགེ་རྒན་བཟང་བོར་མེད་དུ་མི་རུང་བའི་མི་གཞིའི་སྤྱོད་བཟང་བཅུ་གཉིས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »དགེ་རྒན་བཟང་བོར་མེད་དུ་མི་རུང་བའི་མི་གཞིའི་སྤྱོད་བཟང་བཅུ་གཉི
དགེ་རྒན་བཟང་བོར་མེད་དུ་མི་རུང་བའི་མི་གཞིའི་སྤྱོད་བཟང་བཅུ་གཉིས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-25ལྟ་ཀློག (3467)རྩོམ་ཁུངས: གླིང་སྲས་དྲ་ཚིགས།པར་འདེབ།

དགེ་རྒན་བཟང་བོར་མེད་དུ་མི་རུང་བའི་མི་གཞིའི་སྤྱོད་བཟང་བཅུ་གཉིས།

          ཡིག་སྒྱུར་བ། པོ་ཏ་ལ།

         ཨ་རིའི་མིང་གྲགས་ཅན་གྱི་སློབ་གསོ་བ་མཁས་ཅན་འབུམ་རམས་པ་པུའི་ལོ་ཝེ་ཏེའུ་ལགས་ཀྱིས་དུས་ཡུན་ལོ་ངོ་བཞི་བཅུ་བེད་སྤྱད་ནས། སློབ་མ་ཁྲི་དགུ་བརྒྱ་ཡིས་བྲིས་པའི་འཕྲིན་ཡིག་འཚོལ་སྡུད་བྱས། དེའི་ནང་དོན་ནི་ཁོ་ཚོའི་སེམས་ནང་ནས་ཆེས་དགའ་བའི་དགེ་རྒན་ཞེས་པའི་སྐོར་ཡིན་འདུགཁོང་གིས་འཕྲིན་ཡིག་དེ་དག་གཞིར་བཟུང་ནས་དགེ་རྒན་བཟང་པོ་ཞིག་བྱེད་པར་ཚང་དགོས་ངེས་ཀྱི་མི་གཞིའི་འཕྲོག་ཤུགས་བཅུ་གཉིས་ཞེས་པ་ཞིག་སྙིང་བསྡུས་བྱས་པ་དེ་གཤམ་གསལ་ལྟར་ཏེ།  གཅིག   མཛའ་བརྩེའི་རྣམ་འགྱུར།ཁོ་རང་ངེས་པར་དུ་ང་ཚོར་དགའ་དགོས་ངེས་རེད། ཤེས་དགོས་རྒྱུ་ཞིག་ལ་ང་ཚོས་ལྟས་པ་ཙམ་གྱིས་ཁོ་རང་དཔེ་ཁྲིད་ལ་དགའ་མཁན་ཞིག་ཡིན་མིན་རྟོགས་ཐུབ། གཉིས། འདྲ་མཉམ་དང་གུས་བརྩིའི་འདུ་ཤེས།དགེ་རྒན་གྱིས་ང་ཚོར་གུས་བརྩི་བྱེད་འོས་པ་སྟེ་ང་ཚོའང་མི་ཡིན་པའི་ཕྱིར་རོ།། གསུམ། སུན་སྣང་མེད་པ། དགེ་རྒན་ལགས། ཁྱེད་ཀྱིས་སུན་སྣང་མེད་པའི་ངང་ངས་གདོན་པའི་དྲི་གཞི་དག་ལ་ཉན་འཇོག་བྱེད་རོགས། ཁྱེད་ཀྱིས་མཉན་པའི་སྐབས་སུ་ཧ་ལམ་དགོད་བྲོ་ན་ཐང་། འོན་ཀྱང་ཁྱེད་ཀྱིས་ཉན་འཇོག་བྱས་ཡོང་ན་ད་གཟོད་ངས་ཀྱང་ཁྱེད་ལ་སློབ་སྦྱོང་བྱས་ཏེ་གཞན་ལ་ཉན་འཇོག་བྱེད་ངེས། བཞི། དགའ་ཕྱོགས་ཁྱབ་རྒྱ་ཆེ་བ།ཁོ་མོས་ཁྲིད་ཚན་ལས་འདས་པའི་འདོད་ཚུལ་དག་ཚུར་ཁྱེར་ཡོང་ནས། ང་ཚོའི་བློ་སྒོ་ཕྱེ་བར་མ་ཟད་བསླབས་ཟིན་པའི་ཤེས་བྱ་དག་འཚོ་བའི་ཁྲོད་དུ་བཀོལ་ཐུབ་དགོས་པའི་གལ་ཆེན་རང་བཞིན་དང་བཀོལ་སྟངས་ཞིབ་ཅིང་ཕྲ་བའི་ངང་ང་ཚོར་ཁྲིད་སྟོན་བྱེད། ལྔ། བཟོ་ལྟ་ལེགས་པོ། ང་རང་དེ་མ་ཐག་ནས་ཁོ་བོར་དགའ་སོང་། ཁོ་རང་ནང་དུ་འཛུལ་ཏེ་རུས་མིང་སྒོ་སམ་ཐོག་ཏུ་བྲིས་རྗེས་ལམ་སང་སློབ་ཁྲིད་ཀྱི་མགོ་རྩོམ་སོང་། ཁྱོད་ཀྱིས་ཁོ་རང་སློབ་ཁྲིད་ཀྱི་ལས་ཀར་བྱང་ཆ་ཡོད་པ་ཤེས་ཐུབ། ཁོ་བོའི་གྱོན་ཆས་གཙང་ཞིང་གྲ་འགྲིག་ལ། བྱ་བ་གང་ཡིན་ཀྱང་བཀོད་སྒྲིག་བྱས་པ་གོ་རིམ་དང་ལྡན་པ་ཞིག་རེད། མོ་རང་གི་སྐྱེ་གཟུགས་དེ་ཙམ་མཛེས་པོ་ཞིག་མིན་རུང་སློབ་ཐུན་གཅིག་གི་དུས་ཡུན་ཡོངས་རྫོགས་སྤྱད་དེ་མོར་བལྟས་ནས་བསྡད་ན་ཡང་། ང་ལ་མི་དགའ་བའི་སུན་སྣང་ཞིག་སྐྱེས་མ་བྱུང་། མོས་གང་ཐུབ་ཅི་ཐུབ་ཀྱིས་འཚེར་སྣང་མེད་པའི་རྣམ་པ་མངོན་ཐབས་བྱེད་འདུག དྲུག  གཞུང་དྲང་། དགེ་རྒན་ལགས། ཁྱེད་ཀྱིས་གཞུང་དྲང་རྒྱུན་འཁྱོངས་བྱས་ཡོང་ན་ང་ལ་གང་ཐུབ་ཅི་ཐུབ་ཀྱིས་ནན་པོ་མཛད་རོགས། མཐོང་ཆོས་ལ་ངས་ཁྱེད་ཀྱིས་བཏོན་པའི་བླང་བྱ་ནན་མོར་མོས་མཐུན་མེད་པ་དེ་འདྲ་ཡིན་རུང་། དོན་དངོས་ཐོག་ཁྱེད་ཀྱིས་བཏོན་པའི་བླང་བྱ་ནན་པོ་དེ་རང་ལ་ཧ་ཅང་མཁོ་བ་ངས་ཤེས་ཡོད། བདུན།  མཚར་ཉམས་ཀྱི་ཡིད་འཕྲོག་ནུས་པ། ཁོང་གིས་དཔེ་ཁྲིད་བྱེད་དུས་གསོན་ཉམས་ལྡན་ལ་གྲུང་ཤ་དོད། ཁ་མཚར་གྱིས་ཁེངས་ལ་བྲོ་བས་ཕྱུག་སྟབས། དངོས་གནས་ཁོང་གི་སློབ་ཁྲིད་ལ་ཉན་རྒྱུ་ནི་ལོངས་སྤྱོད་ཅིག་རེད། བརྒྱད། གཤིས་རྒྱུད་ལེགས་པ། ངས་མོ་རང་ལ་མི་གཞན་དང་འདྲ་བར་ཚིག་པ་ཟ་རྒྱུ་ཡོད་པ་ཤེས་མོད། འོན་ཀྱང་མོ་རང་ཚིག་པ་ཟ་བའི་རྣམ་པ་ངས་གཏན་ནས་མཐོང་མ་མྱོང་། དགུ། ཚང་མར་དོ་ཁུར་བྱེད་དགོས་པ། དགེ་རྒན་གྱིས་སློབ་མ་བཟང་པོ་དང་མཉམ་དུ་སྐད་ཆ་བཤད་པ་མ་གཏོགས་ང་ལྟ་བུའི་རྒྱུགས་འབྲས་ཞན་པ་དང་སྤྱི་བཏང་བ་དག་ལ་འབྲེལ་འདྲིས་བྱས་པ་ཧ་ཅང་ཉུང་། ངས་ཀྱང་འབད་བརྩོན་བྱེད་སྒང་ཡིན་པས་ཁོས་ཅིའི་ཕྱིར་མི་ཤེས་པ་ཡིན་ནམ། བཅུ། སྒམ་དཀྱེལ། དགེ་རྒན་ལགས། ཁྱེད་ཀྱིས་ཀྱང་དྲན་དགོས་རྒྱུ་ཞིག་ལ། ཡུན་རིང་མ་འགོར་བའི་སྔོན་ཁྱེད་ཀྱང་སློབ་མ་ཞིག་རེད། དེ་དུས་ཁྱེད་ཀྱིས་སྐབས་རེར་ཅ་ལག་ཁུར་རྒྱུ་བརྗེད་སོང་བའི་དུས་ཡོད་ཨེ་མྱོང་། འཛིན་གྲྭའི་ནང་ནས་གང་ས་ཅི་ཐད་ནས་ཨང་དང་པོ་ཅན་དེ་ཁྱེད་ཡིན་ནམ། བཅུ་གཅིག གུ་ཡངས། མོས་ངའི་གླེན་རྟགས་མི་ཤེས་ཁུལ་བྱེད་ཅིང་རྗེས་སོར་ཡང་དེ་ལྟར་བྱེད་འདུག བཅུ་གཉིས། ཐབས་ལ་མཁས་པ། གློ་བུར་དུ་ངས་ཚེགས་མེད་ངང་ལས་བྱ་ལེགས་འགྲུབ་བྱེད་ཐུབ་སོང་། འོན་ཀྱང་སྐབས་དེར་དེ་ནི་ཁོང་གི་སློབ་སྟོན་ལ་བརྟེན་ནས་ཐུབ་སོང་བ་ཞིག་ཡིན་པ་ངས་ཡེ་ནས་མ་ཚོར་ཞེས་བྲིས་འདུག དགེ་རྒན་གྱིས་རང་དཔེ་གཞན་སྟོན་བྱས་ན་ད་གཟོད་མི་གཞིའི་ཡིད་འགུག་གི་ནུས་པ་ཐོན་ཐུབ་ཅིང་། ཁ་ཞེ་གཉིས་མེད་ཅན་གྱི་མིའང་སྐྱེད་སྲིང་བྱེད་ཐུབ། འདི་ལྟ་བུའི་དགེ་རྒན་གྱིས་སློབ་མ་དག་ལ་ཐེབས་པའི་ཤུགས་རྐྱེན་ནི་བསླབ་དེབ་བམ་ཀུན་སྤྱོད་སྐོར་གྱི་གདམས་ངག གཞན་ཡང་ཆད་པ་གཅོད་པ་དང་བྱ་དགའི་ལམ་ལུགས་བཅས་ཅི་འདྲ་ཞིག་ཡིན་རུང་དེ་དག་ཀུན་གྱིས་ནམ་ཡང་ཚབ་མཚོན་མི་ཐུབ་པའི་སློབ་གསོའི་ནུས་ཤུགས་ཤིག་གོ།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532190
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།