འཛམ་གླིང་གི་ཕུལ་བྱུང་མི་རིགས་ཡུ་ཐེ་བའི་གདམས་ངག་དགུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »འཛམ་གླིང་གི་ཕུལ་བྱུང་མི་རིགས་ཡུ་ཐེ་བའི་གདམས་ངག་དགུ།
འཛམ་གླིང་གི་ཕུལ་བྱུང་མི་རིགས་ཡུ་ཐེ་བའི་གདམས་ངག་དགུ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-25ལྟ་ཀློག (3589)རྩོམ་ཁུངས: གླིང་སྲས་དྲ་ཚིགས།པར་འདེབ།

འཛམ་གླིང་གི་ཕུལ་བྱུང་མི་རིགས་ཡུ་ཐེ་བའི་གདམས་ངག་དགུ།

ཡིག་སྒྱུར་བ། གླིང་སྲས།

             གཅིག ཆུ་དྭངས་ཤེལ་ཕོར་གང་ཆུ་སྙིགས་ཐིགས་པ་གཅིག་ལྷུང་བ་ལ་བརྟེན་ནས་ལོངས་སྤྱོད་མི་རུང་བར་འགྱུར་མོད། ཡིན་ན་ཡང་ཆུ་སྙིགས་ཤེལ་ཕོར་གང་ཆུ་དྭངས་ཐིགས་པ་གཅིག་གིས་དྭངས་གཙང་གི་བདུད་རྩི་རུ་བསྒྱུར་མི་ཐུབ།  གཉིས། འཇིག་རྟེན་འདིར་གཞན་གྱིས་འཕྲོག་ཏུ་མི་བཏུབ་པའི་དངོས་པོ་གསུམ་ཡོད་དེ། དང་པོ། ཁོག་ཏུ་ཟོས་ཟིན་པའི་ཟ་མ། གཉིས་པ། སེམས་ན་ཡོད་པའི་ཕུགས་འདུན། གསུམ་པ། དཔེ་ཆ་བཀླགས་པ་ལ་བརྟེན་ནས་ཐོབ་པའི་ཤེས་བྱ། གསུམ། ས་ལྷོད་པོའི་ཐོག་ནས་རྟ་འགྱེལ་སླ། གཏམ་སྙན་མོའི་ནང་ནས་མི་འགྱེལ་སླ། བཞི། འཇིག་རྟེན་ན་སྐྱོ་གར་དང་སྤྲོ་གར་མཐར་ཐུག་པ་ཞིག་མེད་དེ་ཁྱོད་རང་སྐྱོ་གར་གྱི་ཁྲོད་ནས་མར་འབུད་ཐུབ་ན་དེ་ནི་སྤྲོ་གར་དང་། ནམ་ཡང་སྤྲོ་གར་གྱི་ཁྲོད་ན་གཡེང་བ་ནི་སྐྱོ་གར་རོ།། ལྔ། གལ་ཏེ་ཁྱོད་ཀྱིས་དཔེ་ཆ་མ་བཀླག་ན་ཁྱོད་རང་སྤྱི་ལེ་ཁྲི་ཕྲག་གཅིག་ལ་ཕྱིན་ཡང་ཡིག་སྐྱེལ་བ་གླ་བ་ཞིག་དང་ཁྱད་པར་ཅི། དྲུག གལ་ཏེ་རེ་སྒུག་སྟོང་པ་ཞིག་ལས་ཅི་ཡང་མེད་ན་ཁྱོད་ལ་འགྱུར་བ་ཞིག་འབྱུང་བ་ནི་རིམ་གྱིས་རྒས་བཞིན་པའི་རང་གི་ངོ་གདོང་དེ་ལས་གང་ཡང་ཡོད་མི་སྲིད་དོ།། བདུན། གྲོགས་པོ་ངོ་མ་གཉིས་མཉམ་དུ་འཛོམས་ཚེ་ཟད་རྒྱུ་མེད་པར་ཅི་ཞིག་བཤད་རྒྱུ་ཡོད་པའི་ངེས་པ་གཏན་ནས་མེད། ཡིན་ན་ཡང་ཅི་ཡང་བཤད་རྒྱུ་མེད་ན་ཡང་ཕན་ཚུན་གྱི་སེམས་སུ་མི་བདེ་བ་གང་ཡང་འབྱུང་མི་སྲིད་པ་ཞིག་ཡིན་ནོ།། བརྒྱད། དུས་ཚོད་ཟེར་བ་འདི་སེམས་ཀྱི་རྨ་ཁ་གསོ་བ་ལ་ཧ་ཅང་མཁས་པའི་སྨན་པ་ཞིག་ཡིན་མོད། ཡིན་ན་ཡང་གནད་དོན་དག་ཐག་གཅོད་ཐུབ་པའི་མཁས་པ་ཞིག་ནི་རྩ་བ་ནས་མིན། དགུ། བྱ་བ་ཞིག་བསྒྲུབས་ནས་འགྱོད་པ་སྐྱེ་བ་ནི་ཆེས་ཐ་མ་དེ་མ་ཡིན་པར་བྱ་བ་དེ་མ་བསྒྲུབ་པར་འགྱོད་པར་བྱེད་པ་ནི་ད་གཟོད་ཆེས་ཐ་མའོ།།


       རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23548125
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།