རྒྱལ་སྤྱིའི་ཕ་སྐད་ཉིན་མོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »རྒྱལ་སྤྱིའི་ཕ་སྐད་ཉིན་མོ།
རྒྱལ་སྤྱིའི་ཕ་སྐད་ཉིན་མོ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-25ལྟ་ཀློག (4365)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྒྱལ་སྤྱིའི་ཕ་སྐད་ཉིན་མོ།

གྱི་ལིང་འཇིགས་མེད།

    ༼ཉེ་ལམ་བོད་ནང་གི་སྲིད་འཛིན་སྡེ་ཁག་གི་མི་སྣའི་ཆུ་ཚད་ཤིན་ཏུ་དམན་པའི་རྒྱུ་མཚན་གྱིས། རྒྱལ་སྤྱིའི་ཕ་སྐད་ཉིན་མོ་འདིའི་དོན་མ་གོ་བར་གངས་ལྗོངས་ཀྱི་སློབ་གསོ་བ་ཆེན་ མོ་འཇིགས་མེད་རྒྱལ་མཚན་མཆོག་ལ་སྐུ་ངལ་འོ་བརྒྱལ་སྣ་ཚོགས་བཟོས་པ་ལྟ་བུའི་སྐྱོ་གར་དེ་ཡང་བསྐྱར་མི་འབྱུང་ཆེད། རྩོམ་ཐུང་འདི་སྤེལ་བ་ལགས།༽

   དེང་གི་ཆར་འཛམ་གླིང་ཧྲིལ་བོར་སྐད་རིགས་མི་འདྲ་བ་བདུན་སྟོང་ལྷག་ཡོད་ལ། དེ་ལས་སྐད་རིགས་བརྒྱ་ཆའི་དགུ་བཅུ་གོ་དྲུག་ལྷག་ལ་བཀོལ་སྤྱོད་བྱེད་མཁན་འཛམ་གླིང་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བཞི་ཙམ་ལས་མེད་པས་སྐད་རིགས་དེ་དག་ནི་ཧ་ཅང་ཉེན་ཁ་ཆེ་བའི་གྲས་སུ་ཚུད་ཡོད། ཚུལ་དེར་གཞིགས་ཏེ་༡༩༩༩ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་གྲོས་བསྡུར་མང་དུ་བྱས་མཐར་སྤྱི་ཟླ་༢པའི་ཚེས་༢༡ཉིན་དེ་ནི་རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོར་གཏན་འཁེལ་བྱས་པ་རེད། དུས་ཚོད་འདི་ནི་བྷང་ག་ལའི་རྒྱལ་ཁབ་ཀྱི་ཡ་ང་བའི་ལོ་རྒྱུས་ཤིག་དང་འབྲེལ་བ་ཡོད་ལ་བྷང་ག་ལའི་མི་སེར་གྱི་རེ་འདུན་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་ཉིན་མོ་དེ་ཕ་སྐད་ཀྱི་ཉིན་མོར་གཏན་འཁེལ་གནང་།

    དེ་ཡང་སྤྱི་ལོ་༡༩༥༢ལོ་སྟེ་བྷང་ག་ལ་པ་ཀི་སི་ཐན་གྱི་མངའ་འོག་ཏུ་ཡོད་པའི་སྐབས་དེར་རྒྱལ་ཡོངས་སུ་པ་ཀི་སི་ཐན་གྱི་སྐད་ཡིག་བེད་སྦྱོད་བཏང་སྟེ་བྷང་ག་ལའི་མི་རིགས་ཀྱི་ཕ་སྐད་ལ་སྲིད་གཞུང་གིས་བཀོལ་སྤྱོད་ཀྱི་བདག་དབང་ཆ་ཚང་བ་ཞིག་མ་སྤྲད་པས་བྷང་ག་ལའི་མི་སེར་རྣམས་ཁོང་ཁྲོ་ལངས་ཏེ་ཁོ་ཚོའི་ཕ་སྐད་ཀྱི་ཐོབ་ཐང་བརྩོན་ལེན་བྱས། སྐབས་དེར་སྟབས་ཉེས་བྱུང་སྟེ་བྷང་ག་ལའི་མི་སེར་ཁྲོད་ཀྱི་མི་སྣ་གཙོ་བོ་ལྔ་ཙམ་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་ཉེན་རྟོག་པས་བཟུང་ཞིང་སྲོག་ཁྲིམས་བཅད་པ་རེད། དེ་ནི་ལོ་དེའི་སྤྱི་ཟླ་༢པའི་ཚེས་༢༡ཉིན་ལ་ཁེལ་ཡོད། དེ་ནས་བཟུང་བྷང་ག་ལའི་མང་ཚོགས་ཀྱིས་མུ་མཐུད་དུ་ཁོ་ཚོའི་སྐད་ཡིག་གིས་མཚོན་པའི་རིག་གནས་ཀྱི་ཐོབ་ཐང་བརྩད་པས་མཐར་ལོ་དེར་ཁོ་ཚོར་རང་བཙན་ཐོབ་པས། སྔོན་ཆད་ཁོ་ཚོའི་ཕ་སྐད་ཀྱི་ཐོབ་ཐང་གི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་ལྔ་ལ་ཆེད་དུ་རྗེས་དྲན་འཚོགས་ཤིང་། མི་དེ་ལྔ་ལ་འཛམ་གླིང་ལོ་རྒྱུས་ཁྲོད་ཕ་སྐད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་དང་བོ་ལྔ་དང་། སྐད་ཡིག་གི་དཔའ་བོ་ལྔ་སོགས་ཀྱི་ཆོ་ལོ་སྣ་ཚོགས་ཕུལ་ཞིང་རིམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་ཡང་རེ་བ་མང་དུ་བཏོན་པས་མཐར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་འཛམ་གླིང་གི་ལོ་རྒྱུས་ཁྲོད་ཆེས་ཐོག་མར་ཕ་སྐད་ཀྱི་དོན་དུ་གཅེས་སྲོག་བློས་གཏོང་མཁན་གྱི་དཔའ་བོ་ལྔའི་འདས་སྐར་གྱི་ཉིན་མོ་དེ་རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོར་གཏན་འཁེལ་བྱས། དུས་ཚོད་འདི་ལ་དྲན་སྐུལ་གྱི་ནུས་པ་ཙམ་དུ་མ་ཟད། ཞིབ་ཏུ་བསམ་ན་རྗེས་དྲན་གྱི་རིན་ཐང་ཡང་ངེས་ཅན་ཞིག་ཡོད་པར་བཤད། ཀྲུང་གོའི་རྒྱལ་ཁབ་ཀྱིས་ཀྱང་དུས་རབས་ཉེར་གཅིག་པ་ནས་སྐད་ཡིག་གི་གནད་དོན་ལ་གཙིགས་ཆེན་གྱིས་རྒྱལ་སྤྱིའི་ཕ་སྐད་ཀྱི་ཉིན་མོ་དེ་དང་ལེན་བྱས་ཤིང་། སྤྱི་ལོ་༢༠༠༨ལོ་ལ་ཀྲུང་གོའི་ཕ་སྐད་ཀྱི་ལོ་ཞེས་པའི་མིང་ཡང་བཏགས་པར་གྲགས་པ་སོགས་མདོར་ན་འཛམ་བུ་གླིང་གི་ཡུལ་གྲུ་ཀུན་ཏུ་ཡང་རང་རང་གི་སྐད་དང་ཡི་གེ་ལ་སྲུང་སྐྱོབ་བྱེད་པའི་ལས་ཀ་རབས་དང་རིམ་པར་སྤེལ་བཞིན་པ་འདི་ཡང་སྐད་ཡིག་ནི་མིའི་རིགས་སྤྱིའི་རིག་གནས་དང་འཚོ་གནས་ཀུན་གྱི་སྲོག་རྩ་གཉིས་པ་ལྟ་བུར་གྲུབ་པའི་སྒྲུབ་བྱེད་གསོན་པོ་ཉིད་དུ་འཁུམས་སོ།།

༢༠༡༢ལོའི་ཟླ་༨པའི་ཚེས་༡༠ཉིན་གནའ་བོའི་ཆུ་འཕང་མཁར་གྱི་ཉེ་འདབས་སུ་བྲིས་སོ།།


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533604
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།