གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་དགའ་སྟོན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་དགའ་སྟོན།
གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་དགའ་སྟོན།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-19ལྟ་ཀློག (7466)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་དགའ་སྟོན་མཛད་སྒོ་སྤེལ་བ།   


    སྤྱི་ལོ་༢༠༡༥ལོའི་ཟླ་༧ ཚེས་༡༧ཉིན་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་པ་དཔའ་ལུང་མུན་སེལ་སྣང་བྱིན་སློབ་གྲྭ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་དགའ་སྟོན་མཛད་སྒོའི་ཡུལ་དངོས་ལ་རྒྱུས་ལོན་བྱེད་དུ་སོང་། སློབ་གྲྭ་དེ་ནི་དཔའ་ལུང་༼བ་ཡན༽རྫོང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་༣༠ལྷག་སོང་ན། ཀ་མདོ་གྲོང་རྡལ་ཤ་བོ་ཆུ་འགག་གི་ཉེ་གམ་དུ་ཆགས་ཡོད་ལ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཞི་བའི་མཐར་ཕྱིན་སློབ་མ། གངས་ལྗོངས་དགའ་ཡ་བོད་ཀྱི་གྱོན་ཆས་ཚད་ཡོད་མཐུན་གཉེར་ཁང་གི་ཚོང་དཔོན་དཔའ་ལུང་བ་ཤེས་རབ་རྒྱ་མཚོས་རང་གི་མ་ཡུམ་སློབ་གྲྭའི་ཡན་ལག་ཐོག་མ་རུ་སྤྱི་ལོ་༢༠༠༥ལོར་གསར་དུ་བཙུགས་པ་ཞིག་ཡིན།   སློབ་གྲྭ་འདི་བཙུགས་ནས་ད་ལྟའི་བར་ལོ་ངོ་ཧྲིལ་བོ་བཅུ་ལོན་ཡོད་པར་མ་ཟད། ད་ལོར་སློབ་གྲྭ་འདི་སྔར་གྱི་རི་སྒང་ནས་རི་ཤོད་དུ་གནས་སྤར་ཅིང་། ཆ་རྐྱེན་གྱི་བབས་དང་བསྟུན་ནས་སློབ་གྲྭའི་འཛུགས་སྐྲུན་གྱི་གཞི་རྒྱ་ཆེ་རུ་བསྐྱེད་དེ་འཛུགས་སྐྲུན་ལེགས་གྲུབ་ཀྱི་དགའ་སྟོན་དང་སློབ་གྲྭ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་དགའ་སྟོན་མཛད་སྒོ་གཉིས་དུས་མཉམ་དུ་སྤེལ་གནང་མཛད།   

    དགའ་སྟོན་གྱི་ཉིན་དང་བོར་༼མཚོ་ཤར་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཡར་སྐུལ་བགྲོ་གླེང་ཚོགས་འདུ་༽ཧ་ཅང་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཐོག་ཏུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་དང་ལྡོང་ཡོན་ཏན་རྒྱ་མཚོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཨ་ཁུ་བདེ་མཆོག་སོགས་བོད་ཀྱི་མཁས་པ་དང་སློབ་གསོ་བ་མང་བོས་བོད་ཀྱི་སྐད་ཡིག་དང་སློབ་གསོའི་སྐོར་ནས་གསུང་བཤད་ཡིད་འཁུལ་བ་གནང་། 

   དགའ་སྟོན་གྱི་ཉིན་གཉིས་པར་རིག་རྩལ་འཁྲབ་སྟོན་ཆེན་མོ་འཚོགས་ཤིང་བོད་ཀྱི་གླུ་བ་གྲགས་ཅན་རྒན་དཔལ་མགོན་དང་རྨ་གླིང་ལྷུན་གྲུབ། ཐོ་རེངས། བློ་གསལ།  གླུ་མ་གྲགས་ཅན་རིག་འཛིན་སྒྲོལ་མ་དང་སྒྲོལ་པེ་སོགས་གླུ་བ་གླུ་མ་མང་བོས་སྙན་མོ་ངག་གི་ལེགས་སྐྱེས་གྱ་ནོམ་པ་ཕུལ། 


སློབ་གསོའི་བགྲོ་གླེང་སྟེང་ཕེབས་པའི་མཁས་དབང་ལྷན་རྒྱས། 


རིག་རྩལ་སྤྲོ་ཚོགས་ཀྱི་འགོ་འཛིན་པ། 


སློབ་མའི་འཁྲབ་སྟོན། 


རྒྱབ་སྐྱོར་གནང་མཁན་གྱི་གླུ་བ་གླུ་མ། 



                       རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506477
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།