བོད་ཀྱི་སྐད་ཡིག་དང་བླངས་མཉམ་སྐྱོད།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་དང་སློབ་གླིང་། »བོད་ཀྱི་སྐད་ཡིག་དང་བླངས་མཉམ་སྐྱོད།
བོད་ཀྱི་སྐད་ཡིག་དང་བླངས་མཉམ་སྐྱོད།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-15ལྟ་ཀློག (9122)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་རྭ་རྒྱ་འཇམ་དབྱངས་དང་བློ་བཟང་འོད་ལྡན་གཉིས་ཀྱིས་

གཙོ་སྒྲུབ་བྱེད་ཀྱིན་པའི་༼བོད་ཀྱི་སྐད་ཡིག་དང་བླངས་མཉམ་སྐྱོད་འཛིན་གྲྭ། ༽

    ༢༠༡༣ལོའི་དགུན་ཟླ་༡༠པའི་ཟླ་མཇུག་ཅིག་ལ་རང་དང་བསམ་བློ་དང་དམིགས་འདུན་གཅིག་པའི་གྲྭ་བ་རྒན་པ་གཅིག་དང་།  ཁོང་གི་ནང་མི་ཡིན་པའི་སྤྱིར་བཏང་གི་འབྲོག་པ་དཀྱུས་མ་གཉིས་བཅས་ངེད་ཅག་མཉམ་དུ་འཛོམས་ཏེ་ཁ་བརྡ་ཐུང་ངུ་ཞིག་བྱས་པ་ཡིན།  ཁོ་ཚོ་ལ་རང་གི་ཤ་ཉེའི་བྱིས་པ་ཚོར་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་སློབ་སྦྱོང་རེ་བྱེད་དུ་འཇུག་པའི་བསམ་པ་ཡོད་པས་ང་ཚོས་དེའི་ཐད་ནས་ཁ་བརྡ་བྱས་པ་ཡིན། ངས་ཀྱང་སློབ་གླིང་ནས་མཐར་ཕྱིན་རྗེས་རང་གི་སེམས་ལ་དམ་བཅའི་རི་མོ་ཞིག་བཀོད་པ་ནི། དགེ་རྒན་རྣམ་པའི་དམིགས་ཡུལ་དང་།  རེ་བ་ལྟར་དུ་ཁོང་རྣམ་པའི་བསླབ་བྱའི་ཉིང་ཁུ་རང་གི་སེམས་ལ་སྦྱར་ནས་གསར་སློབ་པ་དག་ལ་རང་གི་ཤེས་ཚོད་ཀྱིས་སློབ་ཁྲིད་རེ་བྱས་ཏེ་ཕན་རེ་ཐོགས་ན་སྙམ་པའི་ཀུན་སློང་རྣམ་དག་ཅིག་ཡོད་པ་ཡིན་པས་ང་ཚོའི་བསམ་བློའི་འབབ་ས་གཅིག་ཏུ་གྱུར།

    དེ་བས་ཕྱོགས་སོ་སོའི་སློབ་གྲྭ་ཆུང་འབྲིང་ལ་དགུན་གནང་བཏང་རྗེས་ང་ཚོས་ཀྱང་དཔུང་བ་གཅིག་ཏུ་བསྒྲིལ་ཏེ་༼བྱ་རྒོད་པོ་ཞིག་ལ་ཅི་ཚང་ན། བྱེའུ་ཆུང་ངུ་ཞིག་ལ་དེ་འཛོམས་དགོས་༽ཞེས་པའི་དཔེ་ལྟར་དུ་ཐོག་མར་མ་སྐུལ་དང་དུ་བླངས་པའི་ང་ཚོའི་ལས་བྱ་འདི་ལ་༼བོད་སྐད་ཡིག་དང་བླངས་མཉམ་སྐྱོད་༽ཅེས་མིང་ཞིག་འདོགས་ཁུལ་བྱས།  གོང་རིམ་ལ་ཡར་ཞུ་དང་སྡེ་བའི་འགོ་ཁྲིད་ལ་སློབ་ཁང་གཡར་བ།  དགེ་རྒན་བཙལ་བ་སོགས་རང་རང་ས་ནས་འབད་བརྩོན་བྱས་ཏེ་སློབ་བུ་ཉིས་བརྒྱ་ཡས་མས་ཤིག་བསྡུ་ལེན་མཛད་ནས་སློབ་འགོ་དངོས་སུ་ཚུགས།  ཟླ་གཅིག་གི་རིང་ལ་བོད་ཡིག་གཙོས་རྒྱ་ཡིག་དང་རྩིས་རིག་བཅས་ཉིན་གཅིག་ལ་སློབ་ཐུན་ལྔ་ཙམ་དུ་བགོས་ཏེ་སློབ་ཁྲིད་བྱས། ང་ཚོས་ཐོག་མའི་དམ་བཅའ་གཙོ་བོ་ནི་སློབ་རིན་མི་ལེན་པ་དང་སློབ་ཁྲིད་རྒྱུན་བསྐྱང་རྒྱུ་དེ་ཡིན།  ཟླ་དེ་དགུན་ཟླ་ཡིན་པས་གྲང་ངར་ལ་གཞོལ་ཐབས་སུ་སྦྱིན་བདག་རྣམས་ཀྱིས་ནངས་དགོང་ཀུན་ཏུ་རྡོ་སོལ་སོགས་འབུད་རྒྱུ་གྲ་སྒྲིག་བྱས་ཏེ་དགེ་སློབ་ཚང་མ་མི་འཁྱག་པའི་ཐབས་ལ་འབད།  མི་ཁ་དང་ཟུར་ཟ། ཕྲག་དོག་གིས་ཇི་ལྟར་མནར་ཡང་དེ་དག་ལ་གདོང་གཏད་དེ་བདེ་ལེགས་ངང་མཇུག་བསྡུས་པ་ཡིན། མཇུག་ཏུ་སློབ་མ་རྣམས་ལ་རྒྱུགས་བླངས་ཏེ་སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་ཚང་ཕེབས་ནས་གཟེངས་རྟགས་འོས་འཚམ་རེ་གནང་ཞིང་ཁོང་རིན་པོ་ཆེས་སློབ་བུ་དག་ལ་བཀའ་སློབ་ཟབ་མོ་གནང་སྟེ་བཀྲ་ཤིས་པ་དང་དོན་ཀུན་འགྲུབ་པའི་སྨོན་ཚིག་བརྗོད་དེ་གྲོལ་བ་ལགས།
    ༢༠༡༤ལོར་བློ་བཟང་འོད་ལྡན་དང་མན་ངག་རྡོ་རྗེ་གཉིས་ལས་གྲོགས་སུ་ཡོང་སྟེ་སྔོན་མའི་རྒྱུན་མཐུད་ནས་རྣམ་པ་ཇེ་རྒྱས་དང་སྤུས་ཀ་ཇེ་དག་ཏུ་འོང་བར་བསམ་བློ་བཏང་ཞིང་ཤུགས་བརྒྱབ་སྟེ། ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་པའི་སློབ་གྲོགས་འབའ་གཞུང་འཇིགས་མེད་དང་། མ་ཅིག་སྐྱབས། བློ་བཟང་བསྟན་པ་གསུམ་དགེ་རྒན་དུ་གདན་འདྲེན་བྱས་ཤིང་།  ཁོང་རྣམ་པས་ཀྱང་ལྷག་བསམ་གཙང་མའི་ངོས་ནས་ངེད་ཅག་ལ་རོགས་རམ་མཐར་ཆོད་པ་གནང་།
    ཐེངས་དེའི་གསོ་སྦྱོང་འཛིན་གྲྭར་ཞུགས་མཁན་གྱི་སློབ་མ་བཞི་བརྒྱ་ཡས་མས་ཤིག་ཡོད་ལ།  འཛིན་གྲྭ་གསུམ་དུ་བགོས་ཏེ་དམའ་རིམ་འཛིན་གྲྭ་ལ་བོད་ཡིག་གི་ལེགས་བཤད་ལྗོན་དབང་དང་ཡིག་གཟུགས། འབྲིང་རིམ་ལ་སུམ་ཅུ་བ་དང་ལེགས་བཤད་ལྗོན་དབང་། མཐོ་རིམ་ལ་རྟགས་ཀྱི་འཇུག་པ་དང་སྙན་ངག་བཅས་ཁྲིད། དེ་མིན་རྒྱ་ཡིག་དང་དབྱིན་ཡིག   རྩིས་རིག་གསུམ་ཀྱང་བཀོད་སྒྲིག་བྱས་ཏེ་སློབ་ཁྲིད་བྱས་པ་ཡིན། མཚན་མོའི་རང་སྦྱོང་སྐབས་འཛིན་གྲྭ་ཡོངས་ལ་དབུ་ཅན་གྱི་ཡིག་གཟུགས་ཁྲིད།  གསོ་སྦྱོང་འཛིན་གྲྭའི་སྒྲིག་ལམ་དང་འགྲོ་སྟངས། ཁྲིད་བྱ་ཁྲིད་ཐབས་སོགས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལུགས་ལྟར་བྱས་པ་ཡིན།  གསོ་སྦྱོང་འཛིན་གྲྭ་འདིའི་དབུ་རྩོམ་པའི་ཉིན་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་ཕེབས་ཏེ་ཁོང་གིས་སློབ་མ་དང་ཁྱིམ་བདག་ཡོངས་ལ་སློབ་སྦྱོང་དང་ཀུན་སྤྱོད་ཀྱི་ཐད་ནས་སློབ་གསོ་གལ་ཆེན་གནང་། 
ང་ཚོས་མུ་མཐུད་དུ་དགུན་ཁའི་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་གསོ་སྦྱོང་འཛིན་གྲྭ་བསྒྲུབ་རྒྱུའི་འཆར་གཞི་དང་དམིགས་ཡུལ་ཡོད། འདི་ནི་ང་ཚོ་གངས་ལྗོངས་ཤེས་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་པའི་སློབ་མ་ཞིག་ཡིན་པའི་འོས་འགན་དང་བསྒྲུབ་བྱ་ཡིན་ལ། དགེ་རྒན་རྣམ་པའི་དམིགས་ཡུལ་དང་རེ་བའང་ཡིན་སྲིད།

         གསོ་སྦྱོང་འཛིན་གྲྭའི་གཙོ་སྐྱོང་བ་སྐབས་བཅུ་གཉིས་པའི་མཐར་ཕྱིན་སློབ་མ་རྭ་རྒྱ་འཇམ་དབྱངས་ཀྱིས།

དགེ་རྒན་དང་གཙོ་སྒྲུབ་མི་སྣའི་མཉམ་པར། 


སློབ་མའི་མཉམ་པར། 


སློབ་མས་སྐྱོར་སྦྱོང་བྱེད་བཞིན་པ། 


སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་སློབ་མ་རྣམས་ལ་གསུང་བཤད་གནང་བཞིན་པ། 


བྱ་དགའ་ཐོབ་པའི་སློབ་མའི་མཉམ་པར། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས། 

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5935579
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号