བསྒྱུར་དེབ་གསར་བ་འོས་སྦྱོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »བསྒྱུར་དེབ་གསར་བ་འོས་སྦྱོར།
བསྒྱུར་དེབ་གསར་བ་འོས་སྦྱོར།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2015-07-14ལྟ་ཀློག (4872)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བསྒྱུར་དེབ་གསར་བ་འོས་སྦྱོར། 

   

     མི་རིགས་གཞན་གྱི་རིག་གནས་ཀྱི་ལེགས་ཆ་ནང་འདྲེན་བྱ་རྒྱུ་ནི་འུ་ཅག་བོད་པ་ཚང་ལ་གནའ་སྔ་མོ་ནས་ཡོད་པའི་ལུགས་སྲོལ་བཟང་བོ་ཞིག་ཡིན། སྲོལ་བཟང་འདི་རྒྱུད་འཛིན་དང་དར་སྤེལ་བྱེད་ཆེད་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བདུན་པའི་མཐར་ཕྱིན་འཛིན་གྲྭས་དབྱིན་རྒྱ་གཉིས་ཀྱི་ལམ་ནས་༼གསང་བའི་མེ་ཏོག་ལྡུམ་ར་༽དང་༼རྒྱལ་བོ་ཞིག་གི་བརྩེ་དུང་གི་གཏམ་རྒྱུད།༽ ༼བར་དོའི་གླིང་ཕྲན།༽ ༼ཏ་རཱ་ཁུ་ལ།༽ ༼གྲོང་རྡལ་ལྔའི་གཏམ་རྒྱུད།༽བཅས་སྒྲུང་དེབ་ལྔ་བདམས་བསྒྱུར་བྱས་ཡོད། ནང་དོན་གྱི་ཐད་ནས་དུས་རབས་བཅུ་བདུན་ཡས་མས་ཀྱི་སྤྱི་ཚོགས་འཚོ་བ་དང་བརྩེ་དུང་གི་ཐོབ་ཤོར། ཡང་ན་ཆོས་ལུགས་དང་དངོས་ཡོད་ཀྱི་འགལ་འདུ་སོགས་འཕྲུལ་སྣང་གི་བསམ་བཀོད་ལ་སྦྱར་ནས་བརྩམས་པའང་ཡོད།

     གཞན་ཡང་བརྩམས་ཆོས་ཀྱི་རིན་ཐང་གི་ཆ་ནས་བཤད་ན། འཛམ་གླིང་གི་རྩོམ་རིག་གར་སྟེགས་སུ་གོ་གནས་ངེས་ཅན་ཟིན་པའི་སྒྲུང་རྩོམ་ཤ་སྟག་ཡིན་པར་མ་ཟད། དེ་སྔོན་སྐད་དང་ཡིག་རིགས་མི་འདྲ་བ་སུམ་ཅུ་ཡས་མས་སུ་བསྒྱུར་ཟིན་པ་དང་། གློག་བརྙན་ཟློས་གར་གྱི་ལམ་ནས་རྒྱུད་འགྲེམ་བྱས་པ་ཆེས་བྲིན་ཤོས་དེའང་ཡིན། སྤྱིར་བཏང་མི་རིགས་གཞན་དང་གཞན་ལ་མཚོན་ན་སྒྲུང་དེབ་འདི་དག་ནི་ཆུང་འབྲིང་སློབ་མའི་མ་བཀླག་ཚད་མེད་ཀྱི་དཔེ་ཆ་ལྟ་བུར་འདེམས་ཀྱིན་ཡོད་པ་རེད། འོན་ཀྱང་ང་ཚོ་བོད་ལ་མཚོན་ན་དེ་སྔ་སྒྲུང་དེབ་འདིའི་རིགས་བསྒྱུར་བ་ཧ་ཅང་དཀོན་ཞིང་ཐ་ན་མི་སྲིད་པ་ལྟ་བུའི་གནས་ཚུལ་ཆགས་ཡོད། སྣང་ཚུལ་འདི་ལ་གཞིགས་ཏེ་ངེད་ཅག་གིས་དཀའ་སྤྱད་དང་འབད་འབུངས་གང་མང་བྱས་མཐར་ད་གཟོད་སྒྲུང་དེབ་འདི་དག་བོད་ཡིག་གི་ལམ་ནས་དཔར་སྐྲུན་ཞུ་ཐུབ་སོང་ལ། རྒྱ་ཆེའི་ཆུང་འབྲིང་སློབ་མའི་སློབ་སྦྱོང་གི་དགོས་མཁོར་དམིགས་ནས་རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཡང་བྱས་ཡོད་དོ། །


 རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmfs བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23495486
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།